ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་སའི་གྲོང་མིས་རེ་སྒུག་བྱས་པའི་ཚོང་ར་ཆེ་ཤོས་དེ་སྐྲུན་ཟིན་གྲབས་འདུག

སྤེལ་དུས 2020-04-03 ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། རྩོམ་པ་པོ།

        ཁྱོན་མ་འཇོག་སྒོར་དུང་ཕྱུར ༣ ལྷག་ཙམ་བྱས་པའི་ལྷ་ས་ཁྲེང་ཀོན་ཆུས་ཝན་ཏཱ་ཚོང་ར་ནི་རྔ་ཆེན་ཤར་ལམ་དུ་གནས་ཤིང་།  ལྷ་སའི་ཝན་ཏཱ་ཚོང་ར་ཐོག་མ་དེ་ཡིན་པ་དང་སྤྱི་ལོ ༢༠༡༨ ལོའི་ཟླ ༦ པའི་ཚེས ༢༣ ཉིན་གན་འཇོག་བྱས་ཏེ།  ལྷ་ས་གྲོང་ཁྱེར་མ་འཇོག་ཚོགས་པ་དང་ཝན་ཏཱ་ཚོགས་པས་མཉམ་དུ་སྐྲུན་བཞིན་ཡོད།  ཚོང་ར་དེར་ཚོང་ལས་དང་བཟའ་འཐུང་།  རོལ་རྩེད་བཅས་གཞི་གཅིག་ཏུ་བསྡུས་པས་ལྷ་སའི་གྲོང་མིའི་ཕྱོགས་གང་ཅིའི་དགོས་མཁོ་སྐོང་ཐུབ་རྒྱུ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན།  དེང་སྐབས་ལྷ་ས་ཁྲེང་ཀོན་ཆུས་ཝན་ཏཱ་ཚོང་ར་འཛུགས་སྐྲུན་གྱི་བརྒྱ་ཆ ༦༠ ཙམ་ལེགས་གྲུབ་ཟིན་པ་དང་།  སྔོན་དཔག་ལྟར་ན་ད་ལོའི་སྤྱི་ཟླ ༨ པའི་ཚེས ༨ ཉིན་སྒོ་དབྱེ་ནས་གཉེར་སྐྱོང་ཐུབ་བཟོ་ཡོད།  ཐོག་བརྩེགས་བཞི་ལྡན་གྱི་ཚོང་ར་དེའི་ཐོག་བརྩེགས་དང་པོར།  ཚོང་ཁང་གཙོ་གྲས་ཁག་གཉིས་པ་དང་སུའུ་ཉིང་གློག་ཆས།  སྒོ་རྩིས་ཚོང་ཁང་གི་འཛུལ་སྒོ  ནང་ཁུལ་གོམ་བགྲོས་ཁྲོམ་གཞུང་བཅས་འཆར་འགོད་བྱ་རྒྱུ་དང་།  ཐོག་བརྩེགས་གཉིས་པར།  བྱིས་པའི་རོལ་རྩེད་སོགས་དང་འབྲེལ་བའི་ཚོང་ཁང་ཁག་ཅིག་དང་དེ་བཞིན་ནང་ཁུལ་གོམ་བགྲོས་ཁྲོམ་གཞུང་བཅས་འཆར་འགོད་བྱ་རྒྱུ།  ཐོག་བརྩེགས་གསུམ་པར།  གློག་བརྙན་ཁང་དང་། ཚོང་ཁང་གཙོ་གྲས་ཁག་གཉིས་པའི་ནང་ཁུལ་གོམ་བགྲོས་ཁྲོམ་གཞུང་།  བཟའ་འཐུང་ཁུལ་བཅས་འཆར་འགོད་བྱ་རྒྱུ།  ཐོག་བརྩེགས་བཞི་པར། གློག་བརྙན་ལས་གཉེར་ཁང་དང་།  ཚོང་ཁང་གཙོ་གྲས་ཁག་གཉིས་པ།  ལས་བཟོའི་ཟ་ཁང་སོགས་འཆར་འགོད་བྱ་རྒྱུ་དང་།  ད་དུང་ས་འོག་ཏུ་ཁང་པ་བཟོས་ནས་སྒོ་རྩིས་ཚོང་ཁང་དང་།  རླངས་འཁོར་འཇོག་ས་སོགས་འཆར་འགོད་བྱ་རྒྱུ་རེད།

        ཝན་ཏཱ་ཚོང་ར་བསྐྲུན་ཟིན་རྗེས་ལྷ་ས་ཁུལ་དུ་ཚོང་ཟོག་སྣེ་ཁ་འཛོམས་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཕྱོགས་བསྡུས་ཚོང་ར་ཞིག་ཏུ་འགྱུར་ཏེ།  ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་།  གྲོང་མིའི་འཛད་སྤྱོད་བཅས་ལ་སྐུལ་འདེད་དང་སྣེ་ཁྲིད་ཀྱི་ནུས་པ་ཐོན་ནས།  ལྷ་སར་ཞབས་འདེགས་དང་ལེགས་སྐྱེས་ཆེན་པོ་འབུལ་ཐུབ་རྒྱུ་རེད།།
རྩོམ་སྒྲིག་པ།སྣང་རྡོར།