ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཟླ་4པའི་ཚེས་4ཉིན་རྒྱལ་ཡོངས་སུ་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་རྒྱུ་རེད།

སྤེལ་དུས 2020-04-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་དུ་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་དང་ཚེ་འདས་སྤུན་ཟླ་ཡོངས་ལ་གདུང་སེམས་དྲག་པོའི་མྱ་ངན་ཞུ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེ་རིང་སྤྱི་བསྒྲགས་སྤེལ་ནས་2020ལོའི་ཟླ་4པའི་ཚེས་4ཉིན་རྒྱལ་ཡོངས་རང་བཞིན་གྱི་མྱ་ངན་བྱེད་སྒོ་སྤེལ་རྒྱུར་ཐག་བཅད། དེའི་རིང་དུ་རྒྱལ་ཡོངས་དང་ཕྱིར་སྡོད་གཞུང་ཚབ་ཁང་གིས་རྒྱལ་དར་ཕྱེད་ཕབ་ཀྱིས་མྱ་ངན་ཞུ་རྒྱུ་དང་རྒྱལ་ཡོངས་སུ་སྤྱི་པའི་རོལ་རྩེད་ཀྱི་བྱེད་སྒོ་མཚམས་འཇོག་རྒྱུ་རེད། ཟླ་4པའི་ཚེས་4ཉིན་གྱི་ཆུ་ཚོད་10པ་ནས་བཟུང་རྒྱལ་ཡོངས་མི་དམངས་ཀྱིས་ངག་བསྡམས་ནས་སྐར་མ་3རིང་མྱ་ངན་ཞུ་རྒྱུ་དང་། རླངས་འཁོར་དང་མེ་འཁོར། གྲུ་གཟིངས་བཅས་ཀྱིས་དུང་བརྡ་གཏང་རྒྱུ་དང་མཁའ་ཟོན་ཉེན་བརྡ་གཏང་རྒྱུ་རེད།