ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

༢༠༡༩ལོར་བོད་ཀྱི་གྲོང་མིའི་ཡོང་འབབ་འཕར་སྣོན་ཆེན་པོ་བྱུང་བ།

སྤེལ་དུས 2020-04-03 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
 
         གསར་འགོད་པས་འབྲེལ་ཡོད་ཚན་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ་༢༠༡༩ལོར་རང་ལྗོངས་ཀྱི་གྲོང་གསེབ་མང་ཚོགས་ཀྱི་བགོས་འགྲེམ་ཆོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་༡༢༩༥༡བྱུང་ནས་འཕར་ཚད་བརྒྱ་ཆ་༡༣.༡ཟིན་ཡོད་པ་དང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བགོས་འགྲེམ་ཆོག་པའི་ཡོང་འབབ་སྒོར་༣༧༤༡༠བྱུང་ནས་འཕར་ཚད་བརྒྱ་ཆ་༡༠.༧ཟིན་ཡོད་པ་དེ་གཉིས་ཀ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། སྤྱི་ལོ་༢༠༡༩ལོ་ནས་བཟུང་།  ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས།  དམངས་འཚོ་འགན་ལེན་དང་ལེགས་བཅོས་གཙོ་བོར་བཟུང་སྟེ།  དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་།  བསྒྱུར་བཅོས་ལ་སྐུལ་འདེད།  གྲུབ་ཆ་ལེགས་སྒྲིག  དམངས་འཚོར་ཕན་འདོགས།  ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་ཡོད་པ་དང་།  སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པའི་སྐུལ་འདེད་འོག  རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ། དེ་བཞིན་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བགོས་འགྲེམ་ཆོག་པའི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་བྱུང་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད།
         གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་སྣོན་བྱུང་དོན་ནི།  ལས་ཞུགས་ཀྱི་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་ངལ་རྩོལ་གྱི་ཡོང་འབབ་མཐོ་རུ་ཕྱིན་པ།  དེ་བཞིན་དཔལ་འབྱོར་གོང་འཕེལ་གྱི་ཆུ་ཚད་མཐོ་རུ་ཕྱིན་པ་བཅས་ལས་བྱུང་བས་རེད། 
རྩོམ་སྒྲིག་པ།སྣང་རྡོར།