ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལས་འགོ་བསྐྱར་འཛུཊ་དང་ཐོན་སྐྱེད་སླར་གསོའི་མྱུར་ཚད་མགྱོཊ་སུ་བཏང་བ།

སྤེལ་དུས 2020-04-03 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

         ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་འགོ་བརྗོད་དུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་གཞི་རྒྱ་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས་ཞེས་འཁོད་པའི་དཔྱད་གཏམ་སྤེལ་ཡོད།
         དཔྱད་གཏམ་ནང་། ཕྱོགས་གཅིག་ནས་ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་སྲིད་ཇུས་བྱ་ཐབས་ཡག་པོ་བཟུང་བས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུ་དེ་མྱུར་བགྲོད་ལམ་བུའི་ཐོག་བརྟན་པོའི་ངང་བསྐྱོད་ཐུབ་པ་བྱུང་བ་དང་། ཕྱོགས་གཞན་ཞིག་ནས་ས་ཁུལ་ཁག་དང་ལས་རིགས་ཁག་གིས་མཐུན་སྦྱོར་མཉམ་སྒུལ་ཤུགས་ཆེར་གཏོང་བ་དང་། ཐོན་ལས་འབྲེལ་ཐག་ཧྲིལ་པོས་མཉམ་སྒུལ་གྱིས་ལས་འགོ་བསྐྱར་འཛུགས་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གང་སྔ་རྒྱུན་ལྡན་འཁོར་ལམ་ཐོག་ཁྱོན་ཡོངས་ནས་ལོག་ཐུབ་པ་བྱ་དགོས་ཞེས་འཁོད་ཡོད།

         དཔྱད་གཏམ་ནང་། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་སྲིད་ཇུས་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྔོན་ཐོན་ཚན་རྩལ་སྟོབས་ཤུགས་བེད་སྤྱོད་ཡག་པོ་བྱས་ཏེ་དོ་དམ་བྱེད་འོས་པ་རྣམས་དོ་དམ་ཡག་པོ་དང་གློད་འོས་པ་རྣམས་གློད་པ།  ཁུལ་དབྱེ་རིམ་དབྱེའི་སྒོ་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་གཞི་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་ཡག་པོ་གཏོང་དགོས་ཞེས་འཁོད་ཡོད་པ་རེད།
རྩོམ་སྒྲིག་པ།སསྣང་རྡོར།