ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སི་ཁྲོན་དཀར་མཛེས་རྫོང་དུ་2020ལོར་སྔོན་དཔག་ལྟར་ན་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་15.95ཟིན་ཐུབ།

སྤེལ་དུས 2020-04-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་དུ་ལོ་ཧྲིལ་བོའི་ནང་གི་ཆེས་མཛེས་སྡུག་ལྡན་པའི་དུས་ཚིགས་དེ་སླེབས་པ་དང་།  ཁམས་པའི་ས་མཐོའི་གསར་བརྗེའི་ས་གཞི་ཆེན་པོ་འདི་ཁོ་ནར་ཡོད་པའི་ཡིད་དུ་འོང་བའི་མཛེས་ལྗོངས་ཀྱིས་ཡུལ་སྐོར་བ་རབ་དང་རིམ་པ་ཞིག་གི་ཡིད་དབང་འཕྲོག་པར་བྱས།
དཀར་མཛེས་རྫོང་གི་གེ་སར་རྒྱལ་པོའི་རྫོང་མཁར་མཛེས་ལྗོངས་ཁུལ། 
         ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་རྫོང་གིས་གེ་སར་རྒྱལ་པོའི་མཛེས་ལྗོངས་ཁུལ་རྟེན་གཞི་བྱས་ཏེ། ཡུལ་སྐོར་ལས་རིགས་དེ་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་གནས་བབ་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་པ་དང་། གླིང་སྒྲུང་རིག་གནས་རྟེན་གཞི་བྱས་ནས། མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཡུལ་སྐོར་གྱི་སྒོ་མོ་འབྱེད་པ་དང་། རང་བྱུང་མཛེས་ལྗོངས་རྟེན་གཞི་བྱས་ནས་སྣོད་བཅུད་རིག་གནས་ཡུལ་སྐོར་གྱི་སྒོ་མོ་འབྱེད་པ། གསར་བརྗེའི་རྗེས་ཤུལ་རྟེན་གཞི་བྱས་ནས་གསར་བརྗེའི་རིག་གནས་ཡུལ་སྐོར་གྱི་སྒོ་མོ་འབྱེད་པ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུ་བཏོན་ནས་ཁམས་བྱང་ཡུལ་སྐོར་གྱི་དམིགས་ཡུལ་ས་གནས་དང་རྒྱལ་ཁབ་ཀྱི་མངའ་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་བསྐྲུན་པ་རེད།
དཀར་མཛེས་རྫོང་གི་གེ་སར་རྒྱལ་པོའི་རྫོང་མཁར་མཛེས་ལྗོངས་ཁུལ་གྱི་མཚན་ལྗོངས།
         མིག་སྔའི་བར་དཀར་མཛེས་རྫོང་དུ་གེ་སར་རྒྱལ་པོའི་མཁར་རྫོང་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་དུ་གཏོད་པའི་ལས་དོན་བདེ་བླག་ངང་སྤེལ་བ་དང་། “ཡུལ་སྐོར+”ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་རེད། མ་དངུལ་བཏང་ནས་དཀར་མཛེས་ཁུལ་གྱི་མངོན་མིན་རིག་གནས་འཁྲབ་སྟོན་ལྟེ་གནས་དང་དཀར་མཛེས་རྫོང་ཡར་ཀླུང་མཚོ་ཁུག་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་བསྐྲུན་ཟིན་པ་དང་། སྐར་མ་རིམ་པའི་གསང་སྤྱོད་ཁང་1དང་། ཡུལ་སྐོར་གསང་སྤྱོད་ཁང་14བསྐྲུན་ཡོད་ལ། གྲོང་གསེབ་ཡུལ་སྐོར་གྱི་སྡོད་དམངས་སྣེ་ལེན་ཁང་15བསྐྲུན་པ་དང་། ཡུལ་སྐོར་ཕྱོགས་བསྡུས་ཤེས་ལྡན་པ་150ལྷག་ཙམ་གསོ་སྦྱོང་བྱས་པ་རེད།
དཀར་མཛེས་རྫོང་ཡར་ཀླུང་འདམ་རའི་སྤྱི་གླིང་།
         2020ལོར། དཀར་མཛེས་རྫོང་གིས་ཁམས་བྱང་ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས་དང་། གླིང་སྒྲུང་རིག་གནས་ཡུལ་སྐོར་ཁྱད་ལྡན་ཉམས་ལེན་ཁུལ། ཁམས་བྱང་གི་ཡུལ་སྐོར་དམིགས་ཡུལ་ས་གནས་ཡག་ཤོས་བཅས་བསྐྲུན་པར་དམིགས་ཏེ། གེ་སར་རྒྱལ་པོའི་མཁར་རྫོང་དང་དེ་བཞིན་ཉེ་འཁོར་རྫོང་གི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་། གེ་སར་གནམ་ཐང་བསྐོར་བའི་གེ་སར་རིག་གནས་ཡུལ་སྐོར་ར་བ་བཏོད་དེ་གེ་སར་རྒྱལ་པོའི་མཁར་རྫོང་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་དུ་བསྐྲུན་རྒྱུ་རེད། མ་དངུལ་སྒོར་ཁྲི་1000བཏང་ནས་ཡར་ཀླུང་གླིང་གའི་འདམ་རའི་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དང་། མ་དངུལ་སྒོར་ཁྲི་1000བཏང་ནས་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ། མ་དངུལ་སྒོར་ཁྲི་980བཏང་ནས་གེ་སར་རིག་གནས་ཡུལ་སྐོར་དཔེ་སྟོན་རྣམ་གྲངས་བསྒྲུབ་རྒྱུ་བཅས་ཀྱི་འཆར་གཞི་ཡོད་པ་རེད། དམག་སྡེ་བཅོ་བརྒྱད་པའི་ས་ཁང་ཉམས་གསོ་སྲུང་སྐྱོང་གསར་སྤེལ་བྱེད་པ་དང་གནའ་བོའི་དཀར་མཛེས་ཀྱི་དམངས་སྲོལ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་རྣམ་གྲངས་ལས་དོན་སྤེལ་འགོ་ཚུགས་ཏེ། བེ་རི་དགོན་དང་བྲག་རི་གཡང་མཁར་3Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་ཏུ་བསྐྲུན་རྒྱུ་ཡིན་པ་དང་། 2020ལོར་སྔོན་དཔག་ལྟར་ན་ཡུལ་སྐོར་བ་མི་ཐེངས་ཁྲི་145སྣེ་ལེན་བྱས་ནས། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་15.95ཟིན་ཐུབ་པ་དང་། ཡུལ་སྐོར་ལས་རིགས་ཀྱི་ཐད་ཀའི་ལས་ཞུགས་མི་གྲངས་ཁྲི་4ཙམ་ཟིན་ལ། རོང་འབྲོག་པའི་དབུལ་ཕོངས་མི་སྣ་1800ཡས་མས་ཙམ་ཡུལ་སྐོར་ལས་རིགས་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱེད་ཐུབ།