ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས་པ་དང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཚོགས་འདུར་ཞུགས་པ།

སྤེལ་དུས 2020-05-21 ཡོང་ཁུངས། གངས་ལྗོངས་ཉི་གཞོན། རྩོམ་པ་པོ།
         རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས་པ་དང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཚོགས་འདུར་ཞུགས་པ། 

         རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་འགོ་ཚུགས་གྲོས་ཚོགས་དེ་སྤྱི་ཚེས21ཉིན་གྱི་ཆུ་ཚོད15ཐོག་མི་དམངས་ཚོགས་ཁང་ཆེན་མོར་སྐོང་འཚོགས་བྱས་པ་དང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོགས་ཆེན་ལ་ཞུགས་ཡོད་པ་རེད། 

         རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་འགོ་ཚུགས་གྲོས་ཚོགས་ཀྱི་ཚོགས་ཞུགས་མི་སྣ་ཡོངས་ནས་སྐར་མ1ངག་བསྡམས་ཏེ། ཏོག་གསར་གློ་ཚད་ཀྱི་རིམས་ནད་ནང་སྐུ་གཤེགས་པའི་དཔའ་བོ་དང་ཚེ་འདས་སྤུན་ཟླར་སེམས་སྡུག་ཆེན་པོས་མྱ་ངན་ཞུས་ཡོད་པ་རེད། 

         རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་འགོ་ཚུགས་གྲོས་ཚོགས་ཐོག་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ཁག་ལ་གྲོས་བསྡུར་བྱས་པ་མ་ཟད་གྲོས་འཆམ་བྱུང་ཡོད། 

         རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་འགོ་ཚུགས་ཚོགས་འདུའི་ཐོག རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ལས་དོན་སྙན་ཞུ་གནང་ཡོད་པ་རེད། 
རྩོམ་སྒྲིག་པ། སྣང་རྡོར།