ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཚོགས་ཆེན་གཉིས་ལ་ཞུགས་མཁན་བོད་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་ཚོའི་ཉམས་བཟང་།

སྤེལ་དུས 2020-05-22 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

          རྒྱལ་ཡོངས་མི་དམངས་ཀྱི་རེ་སྒུག་ཁྲོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་དམག་འཐབ་དང “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་འགྲིལ་ལོར། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་གཅིག་འགྱུར་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པའི་གལ་ཆེའི་དུས་སྐབས་འདིར་ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འགོ་ཚུགས་པ་རེད།

          ཟླ་5པའི་ཚེས་21ཉིན་གྱི་ཕྱི་དྲོ།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་ཤིང་། བོད་ལྗོངས་ཀྱི་ཨུ་ཡོན་དང་རྒྱལ་ཡོངས་ས་གནས་ཁག་གི་སྲིད་གྲོས་ཨུ་ཡོན2000ལྷག་ཙམ་གྱིས་འགན་འཁྲི་ཕྲག་ཏུ་འཁུར་ནས་ཚོགས་འདུར་ཞུགས་པ་རེད།