ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཇོ་མོ་གླང་མ། དེ་རིང་ཀུན་གྱིས་དོ་སྣང་བྱ་ཡུལ་དུ་གྱུར་འདུག

སྤེལ་དུས 2020-05-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
ཁ་བ་གངས་ཅན། ཡུལ་མཛེས་མི་བཟང་།
ས་མཐོ་གནམ་སྔོ། གནས་བཟང་མི་མཛངས། 
རི་བོ་ཇོ་མོ་གླང་མ།
འཛམ་གླིང་གི་ཡང་རྩེ།
འཛིན་མའི་མཛུམ་ཞལ་འདི་ནས་ཡོངས་སུ་འཇལ་ཐུབ་ལ།
རྔམ་བརྗིད་ཀྱི་ཚོར་སྣང་འདི་ནས་ཉམས་སུ་མྱོང་ཐུབ།

2020ལོའི་ཇོ་མོ་གླང་མའི་མཐོ་ཚད་དེ་རིང་འཇལ་བས།
དེ་རིང་།
འཛམ་གླིང་ཧྲིལ་པོའི་མིག་དབང་གནས་འདིས་བཀུག་ཡོད།
ད་ཐེངས་ཇོ་མོ་གླང་མའི་མཐོ་ཚད་འཇལ་སྐབས།
སྲོལ་རྒྱུན་དང་དེང་དུས་ཀྱི་འཇལ་རྩལ་མང་པོ་མཉམ་དུ་སྤྱད་ཡོད།
དེའི་ཁྲོད།
GNSSསྲུང་སྐར་ཚད་འཇལ་ནི་ཆ་ཤས་གལ་ཆེན་ཞིག་ཡིན།
ཡིན་ནའང་ལོ་ངོ15ཡི་གོང་།
GNSSསྲུང་སྐར་ཚད་འཇལ་དེ་ཉིད།
གཙོ་བོGPSསྲུང་སྐར་གནས་ངེས་མ་ལག་ལ་བརྟེན་དགོས།
ད་ལོ།
ཨ་རིའིGPS དང་། ཡོ་རོབ་ཀྱི་ཀ་ལི་ལོས།
ཨུ་རུ་སུའི་ཀེ་ལོ་ན་སི་དང་ཀྲུང་གོའི་བྱང་སྐར་བཅས།
ཕྱོཊ་སྟོན་སྲུང་སྐར་མ་ལག་བཞི་པོ་དཔྱད་གཞིར་བཟུང་ཡོད།
ཆབས་ཅིག བྱང་སྐར་གྱི་གྲངས་གཞི་གཙོ་བོར་བཟུང་ཡོད།

རི་བོ་ཇོ་མོ་གླང་མ་འདི་ཉིད།
འཚོལ་རྙེད་ཐུབ་པ་ནས། མིང་བཏཊ་པ་དང་། རི་རྩེར་འཛེཊ་ཐུབ་པའི་བར།
དགའ་སྐྱོ་གཉིས་ལྡན་གྱི་གཏམ་རྒྱུད་མང་པོ་བཞག་ཡོད།
ཇོ་མོ་གླང་མར་ཐིག་ལེན་རིས་འབྲིའི་བྱེད་སྒོ་སྤེལ་སྔ་ཤོས་ཀྱི་རྒྱལ་ཁབ་ནི།
ཀྲུང་གོ་ཡིན་པ་ལོ་རྒྱུས་ཀྱི་དཔྱད་གཞིས་ར་སྤྲོད་བྱས་ཡོད།
ཇོ་མོ་གླང་མ་ཞེས་པའི་མིང་དེ།
ཆིང་གོང་མ་ཆན་ལུང་སྐབས་སུ་བྲིས་པའི༼ཆན་ལུང་རིས་སྟར་བཅུ་གསུམ༽ནང་དུ་མཐོང་རྒྱུ་ཡོད།
རི་མོ་འདི་ནི།
གོང་མ་ཁང་ཞི་སྐབས་ལེཊ་གྲུབ་བྱུང་བའི་
༼ཧོང་ཡུས་ཀུན་གཟིཊ་རི་མོ༽ཞེས་པར་གཞིཊ་ནས་བྲིས་པ་ཞིག་ཡིན།
དེའི་ནང་།
ཇོ་མོ་གླང་མར“朱母郎马阿林”ཞེས་བྲིས་ཡོད་པ་རེད།
ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་སྤྱི་ལོ1952ལོ་ནས་
འཛམ་གླིང་ཡང་རྩེར་གྱུར་བའི་རི་བོ་འདིར།
རྒྱ་སྐད་ཀྱི་མིང་དུ“珠穆朗玛峰”ཞེས་བྲིས་ཡོད།

འཛམ་གླིང་ཡང་རྩེར་གནས་པའི་རི་བོ་འདིའི་
མཐོ་བརྗིད་དཔལ་གྱི་གྲཊ་པ་འཛམ་གླིང་ཡོངས་སུ་ཁྱབ།
ཡིན་ནའང་། མི་འགའ་རེས།
ཇོ་མོ་གླང་མ་དེ་ཉིད་ཀྲུང་གོའི་ཁོངས་སུ་གཏོཊ་ཀྱི་མེད་ཅེས་དང་།
ཁྱེད་ཚོ་རང་ཉིད་ཀྱི་རི་བོ་དེར་འཛེཊ་མི་ཐུབ་པར།
རྒྱུ་མཚན་གང་ལ་བརྟེན་ནས་ཁྱེད་ཚོའི་ཡིན་ཞེས་ཤོད་ཅེས་ཟེར།
སྤྱི་ལོ1960ལོའི་ཟླ5ཚེས25ཉིན་དེ།
ཀྲུང་གོ་གསར་པའི་དོན་ཆེན་གྱི་ཟིན་ཐོའི་ནང་འཁོད།
ཀྲུང་གོའི་རི་འཛེཊ་རུ་ཁག་གི་རུ་མི།
ཝང་ཧྥུ་ཀྲོའུ་དང་། མགོན་པོ། ཆུས་དབྱིན་ཧྭ་བཅས་ཀྱིས།
ཇོ་མོ་གླང་མའི་བྱང་ངོས་ནས་ཇོ་མོ་གླང་མའི་རྩེ་མོར་འཛེཊ།
དེ་ནི་མིའི་རིཊ་ཇོ་མོ་གླང་མའི་བྱང་ངོས་ཀྱི་
ཉེན་ཁ་ལས་རྣམ་པར་རྒྱལ་ཐེངས་དང་པོ་དེ་ཡིན།

སྤྱི་ལོ1975ལོའི་ཟླ5ཚེས27ཉིན།
ཀྲུང་གོའི་རི་འཛེཊ་རུ་ཁག་གི་མི་དགུ་
སླར་ཡང་ཇོ་མོ་གླང་མའི་རྩེ་མོར་འཛེཊ་ཐུབ་ཡོད།

ཐེངས་དེར་ཇོ་མོ་གླང་མ་འཛེཊ་ཐུབ་པའི་དོན་སྙིང་དེ་རྩེ་མོར་འཛེཊ་ཐུབ་པ་ཁོ་ན་མ་ཡིན་པར། རང་རྒྱལ་གྱི་ཚད་འཇལ་གདོང་རྟཊ་ཇོ་མོ་གླང་མའི་རི་རྩེར་
འཛུཊ་ཐུབ་པ་དང་། ཇོ་མོ་གླང་མའི་མཐོ་ཚད་སྨི8848.13ཡིན་པ་ཚད་འཇལ་ཐུབ་པ་དེ་ཡིན།

སྤྱི་ལོ2005ལོར།
རི་བོ་ཇོ་མོ་གླང་མའི་མཐོ་ཚད་བསྐྱར་དུ་འཇལ་ཞིང་།
སྲོལ་རྒྱུན་གྱི་ས་ཐོག་ཚད་ལེན་དང་སྲུང་སྐར་ཚད་ལེན་བྱ་ཐབས་ཟུང་དུ་སྤྱད་ཡོད།
རྩིས་ཞིབ་ཕྲ་བརྒྱབ་པ་བརྒྱུད།
ཇོ་མོ་གླང་མའི་རི་རྩེའི་བྲག་ངོས་དེ་
རྒྱ་མཚོའི་ངོས་ལས་སྨི8844.43གྱིས་མཐོ་བ་ཡོད་པ་ཚད་ལེན་ཐུབ།

སྤྱི་ལོ2008ལོར།
པེ་ཅིང་ཨའོ་རྩལ་འགྲན་ཚོཊ་ཀྱི་དཔལ་འབར།
ཇོ་མོ་གླང་མའི་རྩེ་མོར་བདེ་བླག་ངང་བརྒྱུད་སྤྲོད་ཐུབ་ཡོད།
དེ་ཡང་སྔ་ན་མེད་པའི་མཐོ་ཚད་ཅིག་གི་ཐོག་ནས་
མི་རྣམས་ཀྱི་སེམས་ཀྱི་དཔལ་འབར་སྤར་བ་ཞིག་རེད།
     སྤྱི་ལོ2020ལོར། རང་རྒྱལ་གྱིས་སླར་ཡང་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་ལས་འགོ་བཙུཊ་ཡོད། སྤྱི་ཚེས26ཉིན་རི་འཛེཊ་རུ་མི་བརྒྱད་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི7790ཡོད་པའི་སྒར་ས་ནས་རྡོག་ཐོན་བྱས་ཤིང་། དེ་རིང་སྟེ་སྤྱི་ཚེས27ཉིན་གྱི་སྔ་དྲོའི་ཆུ་ཚོད11ལ་རི་རྩེར་སླེབས་པ་དང་། དེ་རིང་ཉིན་དགུང་ཆུ་ཚོད13དང་སྐར་མ22ཐོག་ཚད་འཇལ་ལེཊ་གྲུབ་བྱུང་ཡོད་པ་རེད།  རི་རྩེར་འཛེཊ་མཁན་རུ་མི་བརྒྱད་ནི་ཚེ་བློ་དང་། ཡོན་ཕུའུ་ཏུང་། ལི་ཕུའུ་ཆིང་། ཕུར་བུ་དོན་གྲུབ། ཚེ་རིང་རྡོ་རྗེ། ཚེ་རིང་ཕུན་ཚོཊ། ཚེ་རིང་ནོར་བུ། བློ་བཟང་དོན་གྲུབ་བཅས་རེད།

     དུས་མཚམས་མི་འདྲ་བར་རྣམ་པ་མི་འདྲ་བའི་ཐོག་ནས་རི་བོ་ཇོ་མོ་གླང་མར་ཚད་འཇལ་བྱེད་པ་དང་། དེ་ལས་མིའི་རིཊ་ཀྱིས་རང་བྱུང་ཁམས་ཀྱི་གསང་བ་འཚོལ་ཞིབ་བྱེད་པའི་སྙིང་སྟོབས་མཚོན་གྱི་ཡོད་ལ། ཆབས་ཅིག་ཏུ་ང་ཚོས་འཇིག་རྟེན་ཁམས་འདིར་གུས་བསྟོད་ཞུས་པ་ཞིག་ཀྱང་ཡིན།

མི་ལས་མཐོ་བའི་རི་བོ་མེད།
ས་འདི་གར་འཚོ་སྡོད་བྱེད་པའི་ཀྲུང་གོ་བའི།
མདུན་སྐྱོད་ཀྱི་སྙིང་རུས་དང་།
བླ་ན་མཐོ་བའི་བློ་སྤོབས་ནི།
ངོ་མཚར་གྱི་རི་བོ་འདི་དང་འདྲ་བར།
འགྱུར་བ་མེད་ཅིང་།
ནམ་ཡང་མཛེས་ཤིང་ལྟ་ན་སྡུག
ཁ་བ་བུ་ཡུག་གི་ཁྲོད་དུ་གནས་ཀྱང་།
སྔར་བཞིན་མཛེས་སྡུག་ཡིད་དུ་འོང་།
རྩོམ་སྒྲིག་པ། སྣང་རྡོར།