ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

འོ་ཙི། ང་ཚོས་དགའ་པོ་བྱེད་པའི་གྲགས་ཅན་མི་སྣ་འདི་དག

སྤེལ་དུས 2020-06-02 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཉེ་ཆར། གསར་འགོད་པ་ལྷ་ས་གྲོང་ཁྱེར་བོད་ལྗོངས་ཡུལ་སྐོར་དཀྱིལ་འཁོར་སྟར་པ་Aཡི་རིག་དངོས་བཤམས་སྟོན་ཁང་ཐོག་མ“གངས་ལྗོངས་ཀྱི་གྲགས་ཅན་པ། ཡོལ་བ་ཕྱེ་བ”ཞེས་པའི་ཡང་ལཱ་ཡི་འདྲ་གཟུགས་ཁང་དུ་སྐྱོད་སྐབས། དང་ཐོག་འཛུམ་དམུལ་དམུལ་ངང་ཇ་བསྲུབས་མ་བཟོ་བཞིན་པའི་ཨ་མ་རྒད་མོའི་འདྲ་གཟུགས་ཞིག་མཐོང་བ་དང་། དེ་ནས་སྐར་འོད་བགྲོད་ལམ་བརྒྱུད་རྗེས་རང་ལྗོངས་ཀྱི་གྲགས་ཅན་སྒྱུ་རྩལ་མཁས་ཅན་དང་། འཁྲབ་ཚན་ཐུང་གྲས་ཀྱི་འཁྲབ་སྟོན་པ་གྲགས་ཅན་གསུམ། གློག་བརྙན་འཁྲབ་སྟོན་པ་ཝང་པའོ་ཆང་དང་། ཙེང་ཀྲི་ཝེ། མཁའ་སྐྱོད་དཔའ་བོ་དབྱང་ལི་ཝེ་དང་ལིའུ་དབྱང་། ཚོང་ལས་གྲགས་ཅན་པ་མ་ཡུན་དང་པིར·ཀེ་ཚེ། 《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར》ནང་གི་དགེ་རྒན་དགེ་ཕྲུག་རྣམས། ཧ་རུའེ་ཕོད་ཐར་སོགས་སྐད་གྲགས་ཆེ་བའི་མི་སྣ་རིམ་པ་བཞིན་མཐོང་རྒྱུ་ཡོད། 

          ཡང་ལཱ་ཡི་འདྲ་གཟུགས་ཁང་གི་འགན་འཁུར་བ་བསྟན་འཛིན་དབང་རྒྱལ་གྱིས་ཡང་ལཱ་ཡི་འདྲ་གཟུགས་ཁང་དེའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་3000ཙམ་ཡོད་ཅིང་། ཁྱོན་གྲགས་ཅན་མི་སྣའི་འདྲ་གཟུགས་45དེ་དག་ཚང་མར་མིག་སྔའི་ཆེས་སྔོན་ཐོན་གྱི་ཀུའེ་སྤྱིན་རྒྱུ་ཆ་སྤྱད་ནས་མིའི་ལྤགས་པ་དང་སྤྱིར་ན་གཅིག་མཚུངས་ཡོང་ཐབས་བྱས་ཡོད་ཅེས་ངོ་སྤྲོད་བྱས། 

          ཤེས་རྟོགས་བྱུང་བར་གཞིགས་ན། ཡང་ལཱ་ཡི་འདྲ་གཟུགས་ཁང་དེ་ད་ལོའི་ཟླ་4པ་ནས་སྒོ་ཕྱེ་བ་དང་སྐད་འཕྲིན་སྤྱི་རྟགས་བརྒྱུད་ལྟ་སྐོར་བྱེད་པའི་མིང་ཐོ་འགོད་ཆོག
          མིག་སྔར་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་ལྟ་སྐོར་བྱས་པར་ཚུར་སྣང་ལན་ཆ་ཡག་པོ་བྱུང་ཡོད། 

          བསྟན་འཛིན་དབང་རྒྱལ་གྱིས་སླད་ཕྱིན་ཡང་ལཱ་ཡི་འདྲ་གཟུགས་ཁང་གིས་ཡུལ་སྐོར་བའི་དགོས་མཁོ་གཞིར་བཟུང་། ཡུལ་ལྗོངས་དང་མི་སྣའི་བཀོད་སྒྲིག་ཐད་མུ་མཐུད་ནས་མངོན་སུམ་དང་ལངས་གཟུགས་ལྡན་པའི་འདྲ་གཟུགས་བཟོ་རྒྱུ་མ་ཟད། ད་དུང་དུས་ངེས་མེད་དུ་སྒོ་ཕྱེ་བའི་མཛད་སྒོ་འཚོག་རྒྱུ་དང་། སྤྱན་སྦིར་ངོ་མ་གདན་དྲངས་ནས་འདྲ་གཟུགས་དང་བསྡུར་བ་གཏོང་རྒྱུ་ཡིན་ཞེས་བཤད། 

          ལྟ་སྐོར་བྱེད་སྐབས་དོ་སྣང་བྱེད་དགོས་པ་གཤམ་གསལ།                          
          ས་གནས། ལྷ་ས་གྲོང་ཁྱེར་བོད་ལྗོངས་ཡུལ་སྐོར་དཀྱིལ་འཁོར་སྟར་པ་Aཡི་རིག་དངོས་བཤམས་སྟོན་ཁང་།
          སྒོ་འབྱེད་པའི་དུས་ཚོད། 
          15:00—19:00
          སྔོན་མངག་ཁ་པར། 
          0891—6922222
          སྤ་སེའི་རིན་གོང་། སྒོར་99
          ཤ་ཚའི་དྲན་སྐུལ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་། ཉིན་ལྟར་ཁག་ཐེངས་དབྱེ་ནས་ལྟ་སྐོར་བྱེད་འཇུག་གི་ཡོད། ལྟ་སྐོར་གྱི་ཚད་བཀག་མི་གྲངས་50ནས་100བར་རེད་འདུག
རྩོམ་སྒྲིག་པ། སྣང་རྡོར།