ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཕོ་བྲང་པོ་ཏ་ལ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་རེད།

སྤེལ་དུས 2020-06-03 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས2ཉིན་བོད་རང་སྐྱོང་ལྗོངས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་སྤྱི་བསྒྲགས་སྤེལ་བར་གཞིགས་ན། པྲོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག2020ལོའི་ཟླ6ཚེས3ཉིན་ནས་བཟུང་ཕོ་བྲང་པོ་ཏ་ལ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་དང་། གོ་རིམ་ལྡན་པའི་ངང་སྤ་སེ་མངགས་ཉོ་དང་དུས་ཚོད་བགོ་བ། མི་གྲངས་ཚོད་འཛིན་བཅས་ཀྱི་བྱ་ཐབས་ལག་ལེན་བསྟར་རྒྱུ་རེད།
ལྟ་སྐོར་དུས་ཚོད་ནི་སྔ་དྲོའི9:00ནས་ཕྱི་དྲོའི16:00(དུས་ཚོད15:00ནས་བཟུང་ཕོ་བྲང་ནང་འགྲོ་མཚམས་འཇོག་པ)བར་ཡིན་པ་དང་། ལྟ་སྐོར་ལ་ཕེབས་མཁན་ཚོས་ཕོ་བྲང་པོ་ཏ་ལའི་སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱས་ཏེ་སྤ་སེ་མངགས་ཉོ་སོགས་འབྲེལ་ཡོད་བརྒྱུད་རིམ་ལ་རྒྱུས་ལོན་བྱས་ཆོག


རྩོམ་སྒྲིག་པ། སངས་སྐྱབས།