ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དེ་རིང་ནས་བཟུང་དཀར་མཛེས་ནས་ལྷ་སའི་བར་དུ་གནམ་གྲུ་འཕུར་བཞིན་ཡོད།

སྤེལ་དུས 2020-06-30 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ།

            དེ་རིང་སྟེ་སྤྱི་ཟླ6པའི་ཚེས29ཉིན་ནས་བཟུང་དཀར་མཛེས་གེ་སར་གནམ་ཐང་ནས་ལྷ་སའི་བར་དང་། ལྷ་ས་ནས་དཀར་མཛེས་གེ་སར་གནམ་ཐང་བར་ལ་གནམ་གྲུ་དངོས་སུ་འཕུར་མགོ་བརྩམས་ཡོད་པ་རེད།
            གནམ་གྲུ་འཕུར་བའི་དུས་ཚོད་ནི་གཟའ་འཁོར་རེའི་གཟའ་ཟླ་བ་དང་གཟའ་ལྷག་པ། གཟའ་པ་སངས་དང་གཟའ་ཉི་མ་བཅས་ཀྱི་ཆུ་ཚོད09དང་སྐར10ནས་ཆུ་ཚོད10དང་སྐར35ཡི་བར་ལ་ལྷ་ས་ནས་དཀར་མཛེས་གེ་སར་གནམ་ཐང་བར་དུ་འཕུར་རེས་ཨང་གྲངས3U3741ཅན་གྱི་གནམ་གྲུ་འཕུར་བཞིན་ཡོད་ལ། ཆུ་ཚོད14དང་སྐར55ནས་ཆུ་ཚོད16དང་སྐར30ཡི་བར་ལ་དཀར་མཛེས་གེ་སར་གནམ་ཐང་ནས་ལྷ་སའི་བར་ལ་འཕུར་རེས་ཨང་གྲངས3U3742ཅན་གྱི་གནམ་གྲུ་འཕུར་བཞིན་ཡོད་པ་རེད།
         གཤམ་གྱི་ཁ་པར་ལམ་ནས་གནམ་གྲུའི་འཛིན་བྱང་ཉོ་ཆོག
         ཁ་པར་ཨང་གྲངས།  
         028-61512291
རྩོམ་སྒྲིག་པ། སྣང་རྡོར།