ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀུའོ་མིང་དབྱི་གཅེས་སེམས་ཚོགས་པས་མཐོ་སྒང་ལ་གཅེས་སེམས་བརྒྱུད་སྤྲོད་བྱས།

སྤེལ་དུས 2020-06-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་6པའི་ཚེས་28ཉིན། ཀུའོ་མིང་དབྱི་གཅེས་སེམས་ཚོགས་པ་མཐོ་སྒང་ལ་བསྐྱོད་པའི་སྨྱན་སྦྱོར་ངོ་འཕྲད་ཚོགས་འདུ་དེ་བོད་ལྗོངས་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་འབྲེལ་ཡོད་མི་སྣས་ཀུའོ་མིང་དབྱི་གཅེས་སེམས་ཚོགས་པས་བོད་ལྗོངས་སུ་སློབ་སྐྱོར་ཞལ་འདེབས་ཕུལ་བའི་དུས་འགོའི་གྲ་སྒྲིག་དང་བྱེད་སྒོའི་བཀོད་སྒྲིག་གི་གནས་ཚུལ་མཚམས་སྦྱོར་གནང་བ་རེད།

“ཀུའོ་མིང་དབྱི་གཅེས་སེམས་ཚོགས་པ་མཐོ་སྒང་ལ་བསྐྱོད་པའི”སྨྱན་སྦྱོར་ངོ་འཕྲད་ཚོགས་འདུའི་ཡུལ་དངོས།
          རྒྱུས་ལོན་བྱུང་བ་ལྟར་ན། ད་ཐེངས་ཀུའོ་མིང་དབྱི་གཅེས་སེམས་ཚོགས་པས་དགེ་སྒྲུབ་རོགས་དངུལ་སྒོར་ཁྲི་29.4ཞལ་འདེབས་སུ་ཕུལ་ནས་ནག་ཆུ་གྲོང་ཁྱེར་གྱི་འཚོ་བར་དཀའ་ངལ་ཡོད་པའི་ཁྱིམ་ཚང་100ལ་རོགས་སྐྱོར་བྱ་རྒྱུ་དང་། དགེ་སྒྲུབ་རོགས་དངུལ་སྒོར་ཁྲི་10ཞལ་འདེབས་སུ་ཕུལ་ནས་ནག་ཆུ་ནས་ཡིན་པའི་སློབ་མ་དབུལ་བོ་50ལ་རོགས་སྐྱོར་བྱས་པ་རེད། 
          མཚམས་སྦྱོར་གནང་བ་ལྟར་ན། ནག་ཆུ་ནས་ཡིན་པའི་སློབ་མ་དབུལ་བོ་50ལ་དམིགས་ནས། ཀུའོ་མིང་དབྱི་གཅེས་སེམས་ཚོགས་པས་ད་དུང་གཅེས་སེམས་མི་སྣ་50བདམས་ཏེ་བྱིས་པ་ཚོར་གཅིག་ལ་གཅིག་གཏད་ཀྱིས་“ཆ་སྒྲིག་”བྱས་ཤིང་། ད་ལྟ་ནས་འགོ་བཙུགས་ཏེ་བྱིས་པ་འདི་དག་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པའི་བར་ཀུའོ་མིང་དབྱི་གཅེས་སེམས་ཚོགས་པས་ལིའོ་ཉིང་བོད་སྐྱོར་རུ་ཁག་དང་མཉམ་དུ་ལོ་ལྟར་བྱིས་པ་ཚོར་རོགས་སྐྱོར་བྱེད་པ་དང་འབྲེལ་“ཆ་སྒྲིག་”གི་གཅེས་སེམས་མི་སྣས་ཁོང་ཚོའི་སློབ་སྦྱོང་དང་འཚར་ལོངས། ལས་ཞུགས་སོགས་ཀྱི་ཐད་མཛུབ་སྟོན་གནང་རྒྱུ་རེད། 
          ད་ལྟའི་བར་དུ་སྔར་མུས་བཞིན་ཨན་ཀང་ཚོགས་པའི་ཆི་ཏ་ཧྲན་ལྕགས་གཏེར་སྔོག་འདོན་བྱེད་སའི་འཐབ་ར་དང་པོར་ལས་ཀ་བྱེད་བཞིན་པའི་ཀུའོ་མིང་དབྱི་ནི་རྒྱལ་ཡོངས་སུ་སྐད་གྲགས་ཡོད་པའི་དཔེ་མཚོན་མི་སྣ་ཞིག་རེད། ཁོང་ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན། སྒྱུར་བཅོས་གདོང་ལེན་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། 2014ལོར་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དྲན་གསོའི་ཉིན་མོའི་སྔ་ནུབ་ཏུ། ཀུའོ་མིང་དབྱི་གཅེས་སེམས་ཚོགས་པས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་གི་ལྟ་བ་ལག་ལེན་ཧུར་ཐག་ཏུ་བསྟར་ནས་ལག་ལེན་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་ལེ་ཧྥེང་གི་གཏམ་རྒྱུད་རྩོམ་དགོས་པའི་སྐུལ་ལྕག་གནང་ཞིང་། མིག་སྔར་ཀུའོ་མིང་དབྱི་གཅེས་སེམས་ཚོགས་པར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་20ལྷག་ན་ཡན་ལག་རུ་ཁག་1500ཙམ་ཡོད་པ་དང་གཅེས་སེམས་དང་བླངས་པ་ཁྲི་230ཡོད།
          ད་ཐེངས་ཀྱི་བྱེད་སྒོ་ནི་ཀུའོ་མིང་དབྱི་གཅེས་སེམས་ཚོགས་པ་དང་ལིའོ་ཉིང་བོད་སྐྱོར་བཀོད་འདོམས་པུའུ་ཡིས་ཐུན་མོང་མཉམ་ལས་བྱས་ནས་སྤེལ་བའི་གནད་སྨིན་དབུལ་སྐྱོར་གྱི་བྱ་འགུལ་ཞིག་རེད། འབྱུང་འགྱུར་གྱི་ཉིན་འགའི་ནང་ཀུའོ་མིང་དབྱི་གཅེས་སེམས་ཚོགས་པས་ནག་ཆུ་གྲོང་ཁྱེར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་100དང་ནག་ཆུ་གྲོང་ཁྱེར་གྱི་སློབ་མ་དབུལ་པོ་50ལ་རོགས་སྐྱོར་ཞལ་འདེབས་འབུལ་རྒྱུ་རེད། དེ་དང་ཆབས་ཅིག་ཀུའོ་མིང་དབྱི་གཅེས་སེམས་ཚོགས་པས་ད་དུང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་ལས་ཁུངས་ཀྱི་ལས་བྱེད་པ་དང་གཅེས་སེམས་དང་བླངས་པ་རྣམས་ལ་མཉམ་འབྲེལ་སྤེལ་རེས་བྱས་ཏེ་ཕྱོགས་གཉིས་པོས་མཉམ་དུ་གངས་ལྗོངས་ས་མཐོ་ནས་གཅེས་སེམས་བརྒྱུད་བསྐུར་བྱེད་ཡུལ་ཞིག་བསྐྲུན་རྒྱུ་རེད།