ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

“ཀྲུང་ཧྭའི་ཤེས་རིག་གི་ཆེད་དུ་གཏམ་བཤད་སྤེལ”

སྤེལ་དུས 2020-07-01 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
——དམངས་ཡོངས་ཀྱི་གྱེར་འདོན་ཚོགས་ཆེན་གྱི་དཔྱད་འདེམས་དང་2020ལོའི་གཞོན་ནུ་ལོ་ཆུང་གི་སློབ་ཚན་གྱེར་འདོན་ཚོགས་ཆེན་གྱི་བོད་ལྗོངས་འགྲན་ཁུལ་འགོ་ཚུགས་པ། 

འདི་ནི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “སྤྱང་གྲུང་ལྡན་ཞིང་སློབ་ལ་དགའ། ། དྲི་བ་འདོན་པར་ངོ་མི་ཚ”ཞེས་པའི་ཤེས་བྱ་ལ་སློབ་སྦྱོང་བྱེད་པའི་སྤྲོ་སེམས་ནས“ནམ་ཡང་གཞན་ལ་སློབ་སྦྱོང་བྱེད”པའི་ཁེངས་སྐྱུང་དང་གུས་ཞབས་ལྡན་པ། དེ་ནས “ལུས་པོ་དབུལ་ཡང་བློ་སེམས་བརྟན་པའི་ཚེ། ། བློ་སྟོབས་ཆེན་པོ་གཡང་དུ་ལྷུང་མི་སྲིད”ཅེས་པའི་བློ་བརྟན་འགྱུར་མེད་དང་དཔའ་ངར་ཞུམ་པ་མེད་ཀྱི་སྙིང་སྟོབས་ནས་ “རྒྱལ་ཁབ་ཀྱི་དར་རྒུད་དེ། སྐྱེ་བོ་ཀུན་ལ་འགན་འཁྲི་ཡོད”ཅེས་པའི་རེ་སྙེག་དང་འགན་འཁྲི་འདི་དག་ནི། ཀྲུང་ཧྭ་མི་རིགས་ཀྱི་བློ་གྲོས་ཀྱི་རྩ་བ་དང་རིག་གནས་ཀྱི་བླ་སྲོག་ཚང་མ་ཕུལ་བྱུང་གི་དཔེ་དེབ་ཀྱི་གཏིང་ཟབ་སར་ཟུག་ཡོད་ཅིང་། དེ་ནི་རིག་གནས་ཀྱི་གཞི་རྒྱུ་ཞིག་ཡིན་པའི་ཆ་ནས་མི་རབས་ནས་མི་རབས་བར་དུ་རྒྱུད་སྤེལ་བྱས་ཡོད། ཀྲུང་གོར་གནའ་སྔ་མོ་ནས་བཟུང་རིག་གནས་ལ་བརྩི་མཐོང་དང་སློབ་ཁྲིད་ལ་མཐོང་ཆེན་བྱེད་པ་དང་། རྨོ་སློབ་རྒྱུད་འཛིན་བྱེད་པའི་ཕུལ་བྱུང་རིག་གནས་ཀྱི་སྲོལ་རྒྱུན་ཡོད། 

འདི་ནི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད།
         གཞོན་ནུ་ལོ་ཆུང་དག་ནི་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གསར་གཏོད་ཀྱི་ནུས་ཤུགས་ཆེས་ཆེར་ལྡན་པའི་ཚོགས་སྤྱི་ཞིག་ཡིན་ཞིང་། ལང་ཚོའི་དུས་སྐབས་ནི་མིའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཆགས་པའི་དུས་སྐབས་གལ་ཆེན་ཞིག་ཀྱང་ཡིན། དམིགས་བསལ་གྱི་དུས་རིམ་འདི་འདྲ་ཞིག་ཏུ་སྔར་ལས་ལྷག་པའི་སྒོ་ནས་སེམས་ཁམས་དང་དཔེ་ཀློག་གི་མཉམ་འགྲོགས་བྱེད་རྒྱུ་ཤིན་ཏུ་གལ་ཆེ་བས། དཔེ་ཆ་བཟང་པོ་དང་མཉམ་འདུག་བྱེད་དགོས་པ་རེད།  དེ་བས་ཟླ་6པའི་ཚེས་29ཉིན། དམངས་ཡོངས་ཀྱི་གྱེར་འདོན་ཚོགས་ཆེན་གྱི་དཔྱད་འདེམས་དང་2020ལོའི་གཞོན་ནུ་ལོ་ཆུང་གི་སློབ་ཚན་གྱེར་འདོན་ཚོགས་ཆེན་གྱི་བོད་རང་སྐྱོང་ལྗོངས་འགྲན་ཁུལ་གྱི་འགོ་ཚུགས་མཛད་སྒོ་དེ་ལྷ་སར་འཚོགས་ཤིང་། མཉམ་གཅིག་ཏུ་ཀྲུང་ཧྭའི་ཤེས་རིག་ཆེད་དུ་གཏམ་གླེང་སྤེལ་ནས། རིག་གནས་ཀྱི་གཞི་རྒྱུའི་སྟོབས་ཤུགས་ཆེ་རུ་བཏང་བ་རེད། 

འདི་ནི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད།
         ཐེངས་འདིའི་འགྲན་བསྡུར་ཆེན་མོའི་བོད་ལྗོངས་འགྲན་ཁུལ་གྱི་འདེམས་སྒྲུག་དུས་ཚོད་དེ་འགོ་ཚུགས་མཛད་སྒོ་མཇུག་སྒྲིལ་རྗེས་སུ་འགོ་བཙུགས་པ་ཡིན་ཞིང་། རྒྱལ་ཡོངས་ས་གནས་ཁག་གི་གཞོན་ནུ་ལོ་ཆུང་དང་དེ་བཞིན་དཔེ་ཀློག་བྱེད་རྒྱུར་དགའ་མཁན་ཚང་མས་དམངས་ཡོངས་ཀྱི་གྱེར་འདོན་ཚོགས་ཆེན་གྱི་གཞུང་ཕྱོགས་དྲ་ཚིགས་བརྒྱུད་ནས་མིང་ཐོ་འགོད་ཆོག་པ་རེད། འགྲན་བསྡུར་དེ་ལོ་ཆུང་ཚོགས་ཆུང་དང་། གཞོན་ནུ་ཚོགས་ཆུང་། ན་གཞོན་ཚོགས་ཆུང་བཅས་རིགས་གསུམ་དུ་དབྱེ་ཡོད་པ་དང་། འདེམས་སྒྲུག་བྱས་པ་བརྒྱུད་བསྐྱར་འདེམས་འགྲན་བསྡུར་ནང་ཞུགས་པའི་བདམས་ཐོན་པས་ཆེས་འཕྱི་ནའང་ཟླ་བ་བརྒྱད་པའི་ནང་བསྐྱར་འགྲན་གྱི་རིམ་པ་འཕར་བའི་བརྡ་ཐོ་འབྱོར་རྒྱུ་རེད། 

འདི་ནི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད།
         བསྐྱར་འགྲན་ནང་ཡུལ་དངོས་སུ་གྱེར་འདོན་བྱེད་པའི་རྣམ་པ་བེད་སྤྱད་ཅིང་། རིགས་གཅིག་མཁས་ཅན་ལས་གྲུབ་པའི་དཔྱད་ཞིབ་ཚོགས་ཆུང་གིས་སྐར་མ་རྒྱག་པའི་རྣམ་པས་མཇུག་མཐར་རྒྱལ་ཡོངས་ཀྱི་རྟིང་རྩོད་འགྲན་སྡུར་ནང་ཚུད་པའི་བོད་ལྗོངས་ཀྱི་བདམས་ཐོན་པ་20གཏན་འཁེལ་བྱ་རྒྱུ་ཡིན་པ་དང་། འགྲན་ཞུགས་བདམས་ཐོན་པ་20འདི་རྣམས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་ཚབ་ཞུས་ནས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་རྒྱལ་ཡོངས་ཀྱི་རྟིང་རྩོད་འགྲན་སྡུར་ནང་ཞུགས་རྒྱུ་རེད།
         འགྲན་བསྡུར་ཆེན་མོའི་རིགས་གཅིག་མཁས་ཅན་ཞིབ་དཔྱད་ཚོགས་པའི་འགན་འཁུར་བས་བསྟན་དོན། “ང་ཚོས་ད་རེས་ཀྱི་ཚོགས་ཆེན་འདི་བརྒྱུད་དེ་གཞོན་ནུ་ལོ་ཆུང་རྣམས་ལ་བསམ་པའི་འཇིག་རྟེན་གྱི་སྐར་ཁུང་ཞིག་ཕྱེས་ནས་ཕན་ཚུན་དབར་བསམ་ཚུལ་བརྗེ་རེས་དང་། ཕན་ཚུན་དབར་ངོས་འཛིན་གཅིག་མཐུན་བྱེད་པའི་ཁྲོད་ཐུན་མོང་གི་རིན་ཐང་ལྟ་བ་སྐྱེད་སྲིང་བྱས་ཏེ། ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ལ་བརྟེན་ནས་སློབ་གྲྭའི་ནང་དུ་དཔེ་ཀློག་གི་རྣམ་པ་བཟང་པོ་ཞིག་གཏོད་དེ། དོན་དངོས་ཐོག་དཔེ་ཀློག་ནས་དཔེ་ཀློག་ལ་དགའ་བའི་འཕོ་འགྱུར་དང་འཕེལ་རྒྱས་མངོན་འགྱུར་ཡོང་བའི་རེ་བ་བྱེད་བཞིན་ཡོད་པ་དང་། དཔེ་ཀློག་ལ་དགའ་བའི་སྤྱི་ཚོགས་ཀྱི་རྣམ་པ་འདི་རྒྱུན་རྣམ་ཅན་གྱི་ཕྱོགས་སུ་བསྐྱོད་དེ། དུས་རབས་ཀྱི་རླབས་རྒྱུན་དང་མི་རིགས་ཀྱི་སྙིང་སྟོབས་ཀྱི་ཁ་ཕྱོགས་སུ་འགྱུར་རྒྱུའི་རེ་བ་ཡོད”ཅེས་བཤད།