ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ང་ཚོའི་སྡོད་ཁང་གསར་པ།

སྤེལ་དུས 2020-07-01 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འདི་ནི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་དུས་ཐེངས་དང་པོའི་མང་ཚོགས་ཀྱི་སྡོད་ཁང་གི་ཟུར་ཞིག་ཡིན་པ།
          ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོ་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་གྱི་རྣམ་གྲངས་ནི་རང་ལྗོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་གལ་ཆེན་ཞིག་རེད། 2019ལོའི་ལོ་མཇུག་ཏུ། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་གྱི་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོ་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་གྱི་དུས་ཐེངས་དང་པོའི་ལས་གྲྭ་བདེ་བླག་ངང་ལེགས་གྲུབ་ཟིན་ནས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སེའུ་ཤང་དང་། མཚོ་གཉིས་རྫོང་དཀར་མཚོ་ཤང་། ཡག་ཆུ་ཤང་། མཚོ་སྦྲེལ་བྱང་མ་ཤང་བཅས་ཀྱི་མང་ཚོགས་3364དེ་དག་2019ལོའི་ཟླ་12ཚེས་13ནས་29ཉིན་བར་ཁག་དབྱེ་ནས་གནས་སྤོས་ཡོད། མིག་སྔར་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་དུས་ཐེངས་གཉིས་པའི་གྲོང་མིའི་སྡོད་ཁང་རྣམ་གྲངས་ལས་གྲྭ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད། སྔོན་དཔག་བྱས་ན། ཟླ་11པར་ལས་གྲྭ་གཙོ་བོ་ལེགས་གྲུབ་ཟིན་རྒྱུ་དང་2021ལོའི་ཟླ་5པར་གཞི་རྩའི་ཆ་ནས་བསྐྲུན་ཟིན་རྒྱུ་རེད།