ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གྲོང་མི་རྣམས་ལ་ཕན་ཐོག་ཆེ་བའི་མཉེན་ཆས་གསར་པ་ཞིག

སྤེལ་དུས 2020-07-02 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།

          སྤྱི་ཚེས་༢༩ཉིན།  གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་འཁོར་སྐྱོད་ཚོང་གཉེར་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར།  གྲོང་མི་རྣམས་རླངས་འཁོར་སྡོད་སྟབས་བདེ་པོ་ཡོང་ཆེད། ལག་ཐོག་སྤྱི་འཁོར་ཞེས་པའི་APPམཉེན་ཆས་ཤིག་བཏོན་ཡོད་པ་རེད།  
          ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་འཁོར་སྐྱོད་ཚོང་གཉེར་ཚད་ཡོད་ཀུང་སིའི་ཆ་འཕྲིན་ལག་རྩལ་པུའི་འགན་འཁུར་བ་རྣམ་སྒྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།  ལག་ཐོག་སྤྱི་འཁོར་ཞེས་པའི་APPམཉེན་ཆས་ནི་རླངས་འཁོར་འཚོལ་ཞིབ་དང་། ལམ་ཐིག་འཆར་འགོད། རླངས་འཁོར་བརྗེ་བ། དུས་ཐོག་འབབ་ཚུགས། རླངས་འཁོར་སྡོད་རྒྱུན་དྲན་སྐུལ། འཚོ་བའི་ཞབས་ཞུ། གསར་འགྱུར་འཕྲིན་གསར་སོགས་ཀྱི་བྱེད་ནུས་ལྡན་པ་ཞིག་རེད། GPSས་གནས་གཏན་འཁེལ་དང་།  སྒུལ་སྤྱོད་མཉམ་འབྲེལ་དྲ་བ།  རིག་ནུས་སྤྱི་སྤྱོད་རླངས་འཁོར་སོགས་ཀྱི་ལག་རྩལ་མཉམ་བསྡུས་བྱས་པའི་རིག་ནུས་ཅན་གྱི་མ་ལག་ཅིག་ཡིན་ལ།  འགྲུལ་པས་དུས་ངེས་མེད་དུ་འབབ་ཚུགས་ངོས་ཤོག་ནས་ས་ཁྲའི་རྣམ་པར་བརྗེས་ཏེ། ལམ་ཐིག་དེའི་ཐོག་གི་སྤྱི་སྤྱོད་རླངས་འཁོར་ཡོད་ཚད་ཀྱི་གནས་ཡུལ་ཤེས་རྟོགས་ཐུབ་ཀྱི་ཡོད་པ་རེད། 

          རྣམ་སྒྲོན་གྱིས་གསར་འགོད་པར་ལག་ཐོག་སྤྱི་འཁོར་ཞེས་པའི་APPམཉེན་ཆས་ཀྱིས་རླངས་འཁོར་བརྗེ་རྒྱུའི་འཆར་གཞི་དང་། རླངས་འཁོར་གྱི་གནས་ཡུལ།  རླངས་འཁོར་གཏོང་བའི་དུས་ཚོད།  ལམ་ཐག་སོགས་ཀྱི་གྲངས་གཞི་བརྒྱུད་ནས་གྲོང་མི་རྣམས་དུས་ཚོད་ཐུང་ལ།  གོམ་བགྲོད་ཉུང་བ།  རླངས་འཁོར་བརྗེ་བདེ་པ། རླངས་འཁོར་སྤྱོད་ཐབས་མང་བ་སོགས་ཀྱི་འདམ་ཁ་མང་པོ་མཁོ་འདོན་བྱེད་ཀྱི་ཡོད། ད་དུང་སྤྱི་སྤྱོད་རླངས་འཁོར་དང་། རླངས་འཁོར་གླ་བ་སོགས་ཀྱི་རིག་ནུས་ལྡན་པའི་ཞབས་ཞུ་མཁོ་འདོན་བྱས་ཡོད་ཅིང་།  ལྷག་དོན་དུ་སྤྱི་སྤྱོད་རླངས་འཁོར་དྲ་ཐོག་ནས་གཏན་འཁེལ་བྱེད་པའི་ནུས་པས་གྲོང་མི་རྣམས་རང་འདོད་འགྲོ་སྐྱོད་དགོས་མཁོ་བསྐང་རྒྱུ་ཡིན་པ་རེད།  
          དེ་མིན།  གསར་འགོད་པས་ཤེས་རྟོགས་བྱུང་གསལ།  ལག་ཐོག་སྤྱི་འཁོར་ཞེས་པའི་APPམཉེན་ཆས་ནང་། ཉེ་དུས་བོར་དངོས་ལེན་ས་སོགས་ཀྱི་བྱེད་ནུས་བཏོན་ནས།  སྤྱི་སྤྱོད་རླངས་འཁོར་ཀུང་སིས་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པས་བཏོན་པའི་ནོར་གནག་འགྲོ་སྐྱོད་ཞེས་པའི་APPམཉེན་ཆས་ནང་སྤྱི་སྤྱོད་རླངས་འཁོར་གང་དུ་ཡོད་མེད་འཚོལ་ཞིབ་བྱེད་པའི་ནུས་པ་འཐུས་ཚང་དུ་བཏང་ནས། དེར་ས་ཁོངས་ཀྱི་ཁྱད་ཆོས་སྔར་བས་ཆེ་བ་ཡོང་བར་བྱ་རྒྱུ་རེད།