ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་གཞིས་རྩེའི་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་གིས་ཏང་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

སྤེལ་དུས 2020-07-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

འདི་ནི“སྟོབས་ཤུགས་བཞི་ལྡན་གྱི་རུ་ཁག་གསོ་སྐྱོང་བྱས་ནས། ཏང་དར་གྱི་རྗེས་སུ་འབྲངས་སྟེ་གདོང་ལེན་བརྩོན་ལེན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྦྱོང་བརྡར་དང་། ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་པའི་བྱེད་སྒོ་སྤེལ་བའི་རྣམ་པ་རེད།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉིན་བསྟུད་མའི་རིང་། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེའི་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་གིས་ནན་ཏན་སྒོས་འཆར་འགོད་དང་། བློ་སེམས་ཞིབ་མོས་བཀོད་སྒྲིག་བྱས་ཏེ། བྱེད་ཐབས་སྣ་མང་སྤྱད་ནས་ཏན་ཏིག་སྒོས“གཅིག་རྒྱུན་གཅིག་འཛིན་གྱིས་བདུན་གཅིག་བསུ། ཐོག་མའི་བསམ་འདུན་མི་བརྗེད་པར་ཏང་གི་རྗེས་སུ་འབྲངས”ཞེས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། ཏང་གི་འཁྲུངས་ལོ་99སོན་པར་བཀྲ་ཤིས་རྟེན་འབྲེལ་གྱི་ལེགས་སྐྱེས་ཕུལ་བ། རྒྱ་ཆེའི་ཏང་ཡོན་མི་དམངས་ཉེན་རྟོག་པ་དག་གིས་བློ་བརྟན་འགྱུར་མེད་ཀྱི་ཏང་གཤིས་དང་། དཔའ་ངར་ཆེར་བསྐྱེད་ཀྱི་བློ་སྟོབས་ཀྱིས་གནས་སྤོས་དོ་དམ་བྱེད་པའི་ཁྲོད་དུ་ཞུགས་པར་སྐུལ་མ་བྱས་པ་རེད།

          འདི་ནི་ཁོངས་གཏོགས་ཏང་ཡོན་མི་དམངས་ཉེན་རྟོག་པས་ཐུན་མོང་གི“ཆབ་སྲིད་ཀྱི་སྐྱེས་སྐར”བརྗོད་དོན་བྱས་པའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཆེད། ཏང་ཡོན་མི་དམངས་ཉེན་རྟོག་པའི་གཟི་བརྗིད་ཀྱི་བསམ་པ་དང་ཁོངས་གཏོགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བའི་རྣམ་པ་རེད། 

          འདི་ནི་གྲོ་མོའི་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས“མཐའ་སྲུང་སྐར་མ་ཆུང་ཆུང”ལ་སེམས་པ་དྲོན་མོས་སློབ་ཁྲིད་བསྐྱལ་བའི་བྱེད་སྒོ་སྤེལ་ཏེ། ཁོངས་གཏོགས་ས་ཁུལ་གྱི་སློབ་མར་ཐུན་མོང་མ་ཡིན་པའི་ཕྱི་རོལ་གྱི་རྩྭ་ཐང་རོལ་དབྱངས་གི་སློབ་ཚན་འཁྲིད་བཞིན་པའི་རྣམ་པ་རེད། 

          འདི་ནི“མཛེས་ཤིང་སྡུག་པའི་གཞིས་རྩེ། ང་རང་འགུལ་བསྐྱོད་བྱེད་མཁན་ཡིན”ཞེས་པའི་ཏང་ཡོན་གྱི་དང་བླངས་བྱེད་སྒོ་སྤེལ་བའི་རྣམ་པ་རེད། 

          འདི་ནི་ཡག་རྭ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་བཅིངས་འགྲོལ་དམག་དང་མཉམ་འབྲེལ་སྒོས་སྐོར་གཡེང་བྱས་ཏེ། མཐའ་མཚམས་ཀྱི་འཐབ་ས་དང་པོའི་ལ་སྒོ་དང་བགྲོད་ལམ་དུ་མཉམ་འབྲེལ་སྐོར་གཡེང་བྱས་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོའི་བདེ་འཇགས་དང་བརྟན་ལྷིང་ལ་འགན་ལེན་བྱེད་པའི་རྣམ་པ་རེད། 

          འདི་ནི་ཇོ་མོ་གླང་མའི་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཏང་དར་ལ་དམ་བཅའ་འཇོག་པའི་རྣམ་པ་རེད། 

          འདི་ནི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཏང་གི་སློབ་ཚན་ཁྲིད་པའི་བྱེད་སྒོ་སྤེལ་བའི་རྣམ་པ་རེད།