ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་རང་སྐྱོང་ལྗོངས་ཀྱིས་དངུལ་བུན་ཁྲི3000བཏང་ནས་ཡུལ་སྐོར་ཁེ་ལས་ཆུང་གྲས་ཀྱི་དཀའ་གནད་སེལ་རོགས་བྱས་པ།

སྤེལ་དུས 2020-08-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
འདི་ནི་དངུལ་བུན་གཏོང་བའི་མཛད་སྒོའི་ཡུལ་དངོས་རེད། 
       བོད་རང་སྐྱོང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་ཡུལ་སྐོར་ཁེ་ལས་ལ་དཀའ་ངལ་སེལ་རོགས་དང་ཡུལ་སྐོར་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་ལ་སྐུལ་འདེད་བཏང་བ་དང་འབྲེལ་བརྟན་པོའི་ངང་འཕར་བའི་རྣམ་པ་བཟང་པོ་ཐོན་ཡོད། ལོ་སྟོད་དུ་བོད་རང་སྐྱོང་ལྗོངས་ཀྱིས་ཡུལ་སྐོར་པ་མི་ཐེངས་ཁྲི833ལ་སྣེ་ལེན་བྱས་ཤིང་། ལྷག་པར་དུ་ཟླ5པ་དངཟླ་6པ་ནས་བཟུང་བོད་ལྗོངས་ཀྱི་ཡུལ་སྐོར་ནི་རྒྱལ་ཡོངས་ལས་འཕར་ཚད་མགྱོགས་ཤོས་རེད། 
       “བརྟན་ལྷིང་དྲུག”གི་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱ་ཆེད། ཟླ8པའི་ཚེས4ཉིན། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་དམངས་འཚོ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་དང་མཉམ་དུ་ལྷ་སར་ཡུལ་སྐོར་ཁེ་ལས་ཀྱི་དཀའ་ངལ་སེལ་བའི་དུས་ཐེངས་དང་པོའི་དངུལ་བུན་ཉུང་ཤོས་སྤྲོད་པའི་མཛད་སྒོ་འཚོགས། 
       དངུལ་་བུན་སྤྲོད་པའི་མཛད་སྒོའི་ཐོག་ཏུ།  བོད་རང་སྐྱོང་ལྗོངས་ཀྱིས་ཡུལ་སྐོར་ལས་དོན་ཁང་མཐུན་ཚོགས་ལ“ཡུལ་སྐོར་ཁེ་ལས་ཆུང་གྲས་ལ་དཀའ་ངལ་སེལ་རོགས་བྱེད་པའི་དུས་ཐེངས་དང་པོའི་མ་དངུལ་བསྡོམས་འབོར”སྒོར་ཁྲི3000དང་ཡུལ་སྐོར་ལས་དོན་ཁང8ལ“ཡུལ་སྐོར་ཁེ་ལས་ཆུང་གྲས་ལ་དཀའ་ངལ་འཕྲད་པའི་དུས་ཐེངས་དང་པོར་ཡིད་རྟོན་སྤྲོད་པའི”དངུལ་བུན་སྒོར་ཁྲི20ནས་སྒོར་ཁྲི90བར་བཏང་བ་དེས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ལས་དོན་ཁང་གི་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་ཡོང་བའི་འཁོར་རྒྱུག་མ་དངུལ་ཞི་ལྷོད་དུ་བཏང་ཡོད་ཅིང་། ཡུལ་སྐོར་ཐོན་ལས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཁ་གཏད་པ་དང་རྒྱུན་མཐུད་ལེགས་གཏོང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱས། 
       བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་དམངས་འཚོ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་དང《འཐབ་ཇུས་མཉམ་ལས་གྲོས་མཐུན》བཞག་པ་དང་། ཕྱོགས་གཉིས་ཀས་ཡུལ་སྐོར་དང་དངུལ་རྩའི་ཐོན་ལས་མགྱོགས་མྱུར་མཉམ་འདྲེས་དང་། དངུལ་རྩས་ཡུལ་སྐོར་ཐོན་ལས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་པའི་ཐད་ཞིབ་ཅིང་ཕྲ་ལ་དམིགས་སའི་རང་བཞིན་ལྡན་པ། བཀོལ་སྤྱོད་རང་བཞིན་ཆེ་བ་བཅས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཞག་ཡོད་ཅིང་། གོམ་སྟབས་རྗེས་མའི་མཉམ་ལས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་། 
       བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། ད་རེས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་ཡུལ་སྐོར་དང་དངུལ་རྩའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཁག་གཉིས་ཀྱི་སྒྲོམ་གཞི་མཉམ་ལས་གྲོས་མཐུན་དོན་ཚན་གང་མགྱོགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་། མགྱོགས་མྱུར་ནུས་ཆེའི་ཡུལ་སྐོར་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་དེ་བས་མང་བ་གསར་སྤེལ་བྱེད་པ། ཡུལ་སྐོར་ཁེ་ལས་སྔར་ལས་མང་པོར་མ་དངུལ་འཁོར་རྒྱུག་གི་དཀའ་ངལ་སེལ་རོགས་ཏན་ཏིག་བྱས་ཏེ། བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ལ་སྐྱེ་སྟོབས་དང་གསོན་ཤུགས་དེ་བས་ཆེ་བ་ལྡན་པ་བྱས་ནས་ས་ཁོངས་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས། 
       དམངས་འཚོ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གི་འགན་འཁུར་པས་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ད་ལྟའི་གནས་ཚུལ་དང་དངུལ་རྩའི་དོན་དངོས་ནས་འགོ་བརྩམས་ཏེ། ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་དངུལ་རྩའི་སྲིད་ཇུས་དང་དམངས་འཚོ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གི་སྟབས་བསྟུན་གྱི་བཀོལ་སྤྱོད་ཐབས་ཇུས་དང་ཟུང་འབྲེལ་བྱས་ནས། དེ་བཞིན་བོད་ཀྱི་ཡུལ་སྐོར་ཁེ་ལས་འབྲིང་ཆུང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་སྲིད་ཇུས་གསལ་འགྲེལ་དང་རྣམ་འགྱུར་བསྟན་པ་དང་། སླད་ཕྱིན་ཕྱོགས་གཉིས་ཀས་ཁྱབ་ཁོངས་དེ་བས་མང་པོར་མཉམ་ལས་གཏིང་ཟབ་བྱས་ནས་བོད་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དེ་བས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།