ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དབྱར་གནང་སྐབས་སུ་གྲོང་ཚོ་གསར་བར་སྤྲོ་སྣང་གིས་ཁེངས།

སྤེལ་དུས 2020-08-11 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་ཚྭ་ཆུ་ཐང་གྲོང་ཚོ་ནི་ཡུལ་གཞན་དབུལ་སྐྱོར་གནས་སྤོར་ལས་གཞི་ལག་བསྟར་བྱས་ནས་འཛུགས་སྐྲུན་བྱས་པ་ཡིན་ཞིང་། 2017ལོའི་ལོ་མཇུག་ནས་བཟུང་སྔ་གཞུག་ཏུ་ནག་ཆུ་དང་། མངའ་རིས། ཆབ་མདོ་བཅས་ཤིན་ཏུ་དཀའ་སྡུག་ཆེ་བའི་ས་ཁུལ་ནས་མང་ཚོགས་གནས་སྤོར་ནས་ཡོང་བ་ཡིན་ལ། གྲོང་ཚོ་ནང་ཁུལ་གྱི་འཆར་འགོད་གོ་རིམ་ལྡན་ཞིང་། ཚོང་ལས་དང་། སྨན་བཅོས་འཕྲོད་བསྟེན། སྤྲོ་གསེང་ལུས་སྦྱོང་སྒྲིག་ཆས་བཅས་ཁ་ཚང་དུ་བཀོད་སྒྲིག་བྱས་ཡོད། ད་ལྟ་ནི་དབྱར་གནང་གི་སྐབས་ཡིན་པས། གྲོང་ཚོའི་གང་ས་གང་དུ་བྱིས་པ་རྣམས་ཀྱིས་རྩེད་མོར་རོལ་བཞིན་པའི་སྤྲོ་སྣང་གི་གཟུགས་བརྙན་མཐོང་ཐུབ།
 
 
རྩོམ་སྒྲིག་པ། སངས་སྐྱབས།