ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དབང་པོ་སྐྱོན་ཅན་གྱི་རྐུབ་འཁོར་ལག་རྩེད་སྤོར་ལོའི་རུ་ཁག་ལ་གཅེས་སྐྱོང་བྱེད་པའི་སྤྱི་ཕན་བྱེད་སྒོ་ལྷ་སར་སྤེལ་བ།

སྤེལ་དུས 2020-08-27 ཡོང་ཁུངས། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་8པའི་ཚེས་25ཉིན། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐུན་མོང་སྒོས་གཙོ་གཉེར་བྱས་པའི་དབང་པོ་སྐྱོན་ཅན་གྱི་རྐུབ་འཁོར་ལག་རྩེད་སྤོ་ལོའི་རུ་ཁག་ལ་གཅེས་སྐྱོང་བྱེད་པའི་སྤྱི་ཕན་བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ལུས་རྩལ་ལྟེ་གནས་ཀྱི་ ལག་རྩེད་སྤོ་ལོའི་ར་བའི་ནང་དུ་སྤེལ་བ་རེད། 

འདི་ནི་བྱེད་སྒོ་སྤེལ་བའི་ཡུལ་དངོས་སུ་ལུས་རྩལ་ཡོ་བྱད་ཞལ་འདེབས་སུ་ཕུལ་བའི་རྣམ་པ་རེད།
          “ང་ཚོས་སྤྱི་ཕན་བྱེད་སྒོ་སྤེལ་བ་འདིས་བོད་རང་སྐྱོང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་བསམ་པའི་ཉམས་འགྱུར་བཟང་པོ་དང་དུས་རབས་ཀྱི་ཉམས་འགྱུར་གསར་པ་གང་ལེགས་སྒོས་མངོན་དགོས་པར་མ་ཟད། ད་རུང་བྱེད་སྒོ་འདི་བརྒྱུད་ནས་དབང་པོ་སྐྱོན་ཅན་དེ་བས་མང་བར་ལུས་རྩལ་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་། གཟུགས་ཕུང་ཇེ་ལེགས་སུ་གཏོང་བ། ཧུར་ཐག་སྒོས་སྤྱི་ཚོགས་ནང་ཞུགས་པ་བཅས་བྱ་བར་སྐུལ་ལྕག་གཏོང་དགོས། སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་ལ་བསམ་ཤེས་བྱེད་པ་དང་། བརྩི་འཇོག་གནང་བ། སེམས་ཁུར་དང་རོགས་རམ་བྱ་རྒྱུ་དར་སྤེལ་གཏོང་དགོས”ཞེས་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་བཤད། 
           ཉིན་དེར་འགྲན་བསྡུར་ནང་ཞུགས་པའི་རུ་ཁག་གཉིས་པོ་ནི་བོད་ལྗོངས་རྐུབ་འཁོར་་ལག་རྩེད་སྤོ་ལོའི་རུ་ཁག་དང་ལྷ་ས་གྲོང་ཁྱེར་གྱི་རྐུབ་འཁོར་ལག་རྩེད་སྤོ་ལོའི་རུ་ཁག་ཡིན་ཞིང་། གསར་འགོད་པས་ཡུལ་དངོས་ནས་ཤེས་རྟོགས་བྱུང་བར། ། རྐུབ་འཁོར་ལག་རྩེད་སྤོ་ལོའི་རུ་ཁག་གི་ལུས་རྩལ་པ་ཚང་མ་ཆེད་ལས་ཀྱི་བདམས་ཐོན་པ་མིན་ཞིང་། ཁོང་ཚོའི་ཁྲོད་དུ་སྨན་པ་དང་། འཚེམ་བཟོ་མཁན། ཐང་ག་འབྲི་མཁན་སོགས་ཡོད་པས། སྤོ་ལོ་ར་བའི་ནང་དུ་དབང་པོ་སྐྱོན་ཅན་དང་བློ་སྟོབས་ཆེ་བའི་ལུས་རྩལ་པ་ཚོས་སྐྱེན་འགྱུར་ལྡན་པའི་ངང་སྤོ་ལོ་འཕྲོག་པ་དང་། སྤོ་ལོ་བརྒྱུད་སྤྲོད་བྱེད་པ། འགོག་སྲུང། ཕར་རྒོལ་བཅས་བྱས་ཏེ་སྤྲོ་སེམས་དང་གསོན་ཤུགས་ཀྱིས་ཁེངས་ཤིང་། ཁོ་ཚོས་དབང་པོ་སྐྱོན་ཅན་རྣམས་ཡར་རྒྱས་བརྩོན་ལེན་དང་། ཡར་སྐྱེད་ལྷོད་མེད། སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པའི་བསམ་པའི་ཉམས་འགྱུར་མཚོན་པར་བྱས་ཡོད། 

           འདི་ནི་བོད་ལྗོངས་རྐུབ་འཁོར་ལག་རྩེད་སྤོ་ལོའི་རུ་ཁག་དང་ལྷ་ས་གྲོང་ཁྱེར་གྱི་རྐུབ་འཁོར་ལག་རྩེད་སྤོ་ལའི་རུ་ཁག་གི་འབྲེལ་འདྲིས་ཀྱི་འགྲན་བསྡུར་དང་རྩལ་ནུས་འཁྲབ་སྟོན་བྱེད་པའི་རྣམ་པ་རེད།

           འདི་ནི་བོད་ལྗོངས་རྐུབ་འཁོར་ལག་རྩེད་སྤོ་ལོའི་རུ་ཁག་དང་ལྷ་ས་གྲོང་ཁྱེར་གྱི་རྐུབ་འཁོར་ལག་རྩེད་སྤོ་ལོའི་རུ་ཁག་གི་འབྲེལ་འདྲིས་ཀྱི་འགྲན་བསྡུར་དང་རྩལ་ནུས་འཁྲབ་སྟོན་བྱེད་པའི་རྣམ་པ་རེད།
           རྒྱུས་ལོན་བྱུང་བ་ལྟར་ན། དེ་རིང་གི་འགྲན་བསྡུར་གྱི་རྗེས་སུ། རྐུབ་སྟེགས་འཁོར་ལོའི་ལག་རྩེད་སྤོ་ལོའི་རུ་ཁག་གཉིས་པོ་ད་དུང་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་དང་དམིགས་བསལ་ཨོ་རྩལ་འགྲན་ཚོགས་སྐབས་བརྒྱད་པའི་ནང་དུ་ཞུགས་རྒྱུ་ཡིན་པ་དང་། དེ་ནི་བོད་ལྗོངས་ཀྱི་རྐུབ་འཁོར་ལག་རྩེད་སྤོ་ལོའི་རུ་ཁག་བཙུགས་པ་ནས་བཟུང་རྒྱལ་ཡོངས་ཀྱི་འགྲན་བསྡུར་ནང་ཞུགས་ཐེངས་དང་པོ་ཡིན་པ་རེད།