ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

​བོད་ལྗོངས་ཀྱི་རོང་འབྲོག་པས་ལོ་ལེགས་དུས་ཆེན་སྟེང་བདེ་སྐྱིད་ལ་མཉམ་རོལ་བྱས།

སྤེལ་དུས 2020-09-23 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
ལྷ་སའི་རོང་འབྲོག་མང་ཚོགས།
       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས22ཉིན་ནི“ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན”ཐེངས་གསུམ་པའི་ཉིན་མོ་ཡིན་ཞིང་། བོད་ལྗོངས་ལྷ་སའི་བརྔ་བསྡུ་བྱས་མ་ཐག་པའི་ནས་ཀྱི་ཞིང་ནང་དུ་རོང་འབྲོག་པས་ཞིང་ལས་ཀྱི་སྤྲོ་སྣང་ལྡན་པའི་ལུས་རྩལ་འགྲན་ཚོགས་དང་དམངས་སྲོལ་རིག་རྩལ་འཁྲབ་སྟོན་བྱས་ནས་ལོ་ལེགས་ལ་རྟེན་འབྲེལ་ཞུས།
གར་སྟེགས་སྟེང་བསྐྱོད་པར་གྲ་སྒྲིག་བྱེད་བཞིན་པའི་རོང་འབྲོག་པའི་འཁྲབ་སྟོན་པ།
བྱ་འགུལ་སྟེང་གཟེངས་བསྟོད་ཐོབ་པའི་རོང་འབྲོག་པ།
       ཉེ་བའི་ལོ་འགའི་རིང་ལྷ་སས་ཞིང་ཕྱུགས་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ལེགས་འདེབས་ལེགས་གསོའི་སྒྲིག་གཞི་ལེགས་སྒྲིག་བྱེད་པར་ཤུགས་སྣོན་བྱས་ཤིང་། ཐོན་ལས་ཀྱི་འབྲེལ་ཐག་ཇེ་རིང་དུ་བཏང་ནས། སྤུས་རྟགས་ཀྱི་ཕན་ནུས་ཇེ་ཆེར་བཏང་ཏེ་ཞིང་ཕྱུགས་ལས་ཀྱི་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ཡོད། གྲོང་ཚོ་དང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་ནས། 2019ལོར་གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོའི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར16216ལ་སླེབས་པ་དང་། དུས་མཚུངས་ལས12.90%འཕར་ནས་ལོ་གཉིས་བསྟུད་མར་གྲངས་གནས་གཉིས་འཕར་སྣོན་བྱུང་བ་རྒྱུན་འཁྱོངས་བྱས།
རོང་འབྲོག་མང་ཚོགས་ཀྱིས་འཁྲབ་སྟོན་ལ་ལྟ་བཞིན་པ།
རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།
       ལྷ་ས་གྲོང་ཁྱེར་ཞིང་ལས་ཞིང་སྡེ་ཅུའུ་ཡི་ཅུའུ་ཀྲང་ཀུའོ་བན་ཅུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོར་པྲོག་གསར་གློ་ཚད་ཀྱི་རིམས་ནད་མདུན་དུ་ལྷ་སས་འདེབས་འཛུགས་ལས་རིགས་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱས་པ་བརྒྱུད། ཐོན་སྐྱེད་བྱེད་སྟངས་བསྒྱུར་བ་དང་། ཞིང་ལས་རྒྱུ་ཆ་མཁོ་སྤྲོད་འགན་སྲུང་། ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བ་སོགས་ཀྱི་བྱེད་སྟངས་ཇེ་ལེགས་སུ་བཏང་ནས། སྟོན་འབྲུ་ལོ་ལེགས་བྱུང་བ་དང་ཆབས་ཅིག་དཔལ་འབྱོར་སྤྱི་ཚོགས་ཀྱི་གནས་བབ་བརྟན་ལྷིང་ཡོང་བར་འདེགས་སྐྱོར་བྱས། “2020ལོའི་ལོ་སྟོད་དུ། ལྷ་སའི་གྲོང་ཚོའི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར5494ལ་སླེབས་ཏེ་དུས་མཚུངས་ལས10.4%འཕར་ཡོད།
ཞིང་བའི་ལུས་རྩལ་འགྲན་བསྡུར་གྱི་ཡུལ་དངོས།
       ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཚེ་བརྟན་སྒྲོལ་དཀར་གྱིས་བཤད་རྒྱུར། 2020ལོ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་པའི་ལོ་ཡིན་པ་མ་ཟད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ55འཁོར་བའི་ལོ་ཡིན་ལ། དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པར་མཇུག་བསྡུ་བའི་ལོའང་ཡིན། འབྲེལ་ཡོད་རྟེན་འབྲེལ་བྱ་འགུལ་སྤེལ་བ་དེས་ལྷ་སས་གྲོང་ཚོ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཟེར།
རྩོམ་སྒྲིག་པ། སངས་སྐྱབས།