དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཆབ་མདོའི་ལོ་ངོ70ཡི་འཕོ་འགྱུར་ཆེན་པོ།

སྤེལ་དུས 2020-10-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཡིག་གཟུགས་ཉམས་ཀྱིས་དར་རྒྱས་རྣམ་པར་བསྟོད།། རི་མོའི་རྩལ་གྱིས་གཙང་གསུམ་རིང་མོ་བྲིས།། འོད་གཟུགས་རིང་མོ་ལོ་རྒྱུས་དེབ་ཐེར་བཀོད།། བོད་ཤར་ཕྱོགས་ཀྱི་སྙན་གྲགས་གང་སར་ཁྱབ། ། ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་ཆེད། “འོད་སྟོང་འབར་བའི་ལོ་ངོ70ཡི་ཆབ་མདོ་གསར་པར་བསྟོད་གླུ་ལེན”ཞེས་པ་བརྗོད་དོན་གཙོ་བོ་བྱས་པའི་ཡིག་གཟུགས་དང་། རི་མོ། པར་ལེན་གྱི་འགྲེམས་སྟོན་དེ་ཆབ་མདོ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་དུ་སྤེལ་བ་རེད།

        འདི་ནི་ཆབ་མདོ་གྲོང་ཁྱེར་གྲོང་ཁུལ་གསར་རྙིང་གི་གཤིབ་བསྡུར་རེད།

        འདི་ནི་འགྲེམས་སྟོན་བྱས་པའི་པར་ལེན་བརྩམས་ཆོས་རེད།
        རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་འགྲེམས་སྟོན་བྱས་པའི་བརྩམས་ཆོས་ནི་བརྩམས་ཆོས་སྟོང་ཕྲག་ཁ་ཤས་ཀྱི་ཁྲོད་ནས་ཡིག་གཟུགས་ཀྱི་བརྩམས་ཆོས་94(རྒྱ་ཡིག་ཁག59དང་། བོད་ཡིག་ཁག35)དང་། རི་མོའི་རིགས་ཀྱི་བརྩམས་ཆོས48 ཐང་ག14དང་པར་ལེན་གྱི་བརྩམས་ཆོས218ལྷག་ལེགས་འདེམས་བྱས་ཤིང་། བརྩམས་ཆོས་འདི་དག་ནི་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་ཡིག་གཟུགས་དང་། རི་མོ། པར་ལེན་ལག་རྩལ་ལ་ལས་ཞོར་དགའ་ཕྱོགས་བྱེད་མཁན་ཁག་གཅིག་གི་བརྩམས་ཆོས་སྤུས་ལེགས་ཡིན་པ་དང་། དེར་ད་རུང་ཧྥུ་ཅན་ཞིང་ཆེན་དང་། ཐེན་ཅིན་གྲོང་ཁྱེར། ཁྲུང་ཆིང་གྲོང་ཁྱེར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དང་མཚོ་སྔོན་ཡུལ་ཤུལ་ནས་ཡོང་བའི་སྒྱུ་རྩལ་པའི་བརྩེ་སེམས་ཀྱིས་གསར་རྩོམ་བྱས་པའི་བརྩམས་ཆོས་དག་ཀྱང་ཡོད་པ་རེད།

        འདི་ནི་འགྲེམས་སྟོན་བྱས་པའི་ཡིག་གཟུགས་བརྩམས་ཆོས་རེད།

        འདི་ནི་འགྲེམས་སྟོན་བྱས་པའི་ཡིག་གཟུགས་བརྩམས་ཆོས་རེད།
        འགྲེམས་སྟོན་བྱས་པའི་བརྩམས་ཆོས་ཀྱིས་མཐོང་སྣེ་མི་འདྲ་བ་ནས་ཆབ་མདོའི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་པའི་ཉམས་འགྱུར་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རླབས་ཆེའི་གྲུབ་འབྲས། མཛེས་སྡུག་གི་ཆབ་མདོའི་འཛུགས་སྐྲུན་གྱི་ཐོན་འབྲས། མཛེས་སྡུག་ལྡན་པའི་འཚོ་བའི་དགའ་འོས་པའི་རྣམ་པ་དང་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས། མཛེས་ཤིང་ལྟ་ན་སྡུག་པའི་རང་བྱུང་གི་མཛེས་ལྗོངས་དང་མིང་དུ་གྲགས་པའི་མངོན་མིན་རིག་གནས་ཤུལ་བཞག་ཐང་གའི་རྒྱུད་འཛིན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་མཚོན་པར་བྱས་ཡོད།

        འདི་ནི་གྲོང་མིས་ཡིག་གཟུགས་བརྩམས་ཆོས་ལ་ལྟད་མོ་ལྟ་བཞིན་པ།

        འདི་ནི་འགྲེམས་སྟོན་བྱས་པའི་རི་མོའི་བརྩམས་ཆོས་རེད།

        འདི་ནི་འགྲེམས་སྟོན་བྱས་པའི་རི་མོའི་བརྩམས་ཆོས་རེད།