ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལུས་རྩལ་འགྲན་ཚོགས་ཀྱིས་མཐའ་མཚམས་ཀྱི་གྲོང་ཚོ་ཆུང་ཆུང་ལ་སྤྲོ་སྐྱིད་སྦྱིན།

སྤེལ་དུས 2020-10-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

        འདི་ནི་བདེ་མཆོག་གྲོང་ཚོའི་ཏང་དམངས་ཕྱོགས་བསྡུས་བྱེད་སྒོའི་ལྟེ་གནས་རེད།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བདེ་མཆོག་གྲོང་ཚོ་ནི་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་དུ་གནས་ཤིང་། དེ་ནི་སྒར་རྫོང་གི་མཐའ་མཚམས་ཀྱི་གྲོང་ཚོ་གཅིག་པུ་དེ་ཡིན། ཟླ10པའི་ཚེས18ཉིན། རྟའི་རྨིག་སྒྲས་དུད་ཚང51དང་མི174ཁོ་ན་ཡོད་པའི་གྲོང་ཚོ་ཆུང་ཆུང་དེའི་སྔར་ཡོད་ཀྱི་ལྷིང་འཇགས་དཀྲོགས་ཤིང་། རྟ་རྒྱུག་དང་སྲོལ་རྒྱུན་གྱི་རྟ་རྩལ་འཁྲབ་སྟོན།  སྒྱེ་མོ་འགྱོགས་པ་དང་། ཐུང་རྒྱུག་སོགས་ཀྱི་ལུས་རྩལ་གྱི་རྣམ་གྲངས་རབ་དང་རིམ་པ་སྤེལ་བ་རེད།

འདི་ནི་བདེ་མཆོག་གྲོང་ཚོའི་རྟ་རྒྱུག་དུས་ཆེན་གྱི་རྣམ་པ་རེད།
        ཉེ་བའི་ལོ་ཤས་རིང་། བདེ་མཆོག་གྲོང་ཚོས་ཏང་འཛུགས་སྐྱོང་ལ་བརྟེན་ནས་ལས་དོན་ཁག་སྤྱི་འདོམས་བྱས་པ་དང་། ཧུར་ཐག་སྒོས“མཐའ་མཚམས་ཀྱི་གྲོང་ཚོ་དང་པོ”འཛུགས་སྐྲུན་བྱས་ཏེ་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་ཡོད། 2017ལོར་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་ནས་མངའ་རིས་ས་ཁུལ་གྱི་མཐའ་མཚམས་ཀྱི་གྲོང་ཚོ་འཛུགས་སྐྲུན་གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། 

འདི་ནི་བདེ་མཆོག་གྲོང་ཚོའི་རྟ་རྒྱུག་དུས་ཆེན་གྱི་རྣམ་པ་རེད།
        མཐའ་མཚམས་སྲ་བརྟན་དང་། དཔལ་འབྱོར་གོང་འཕེལ། སྐྱེ་ཁམས་ལེགས་སུ་གཏོང་བ་དང་། མང་ཚོགས་བདེ་སྡོད་ལས་བརྩོན་ལ་བྱང་བའི་བདེ་མཆོག་གྲོང་ཚོ་ནི་ལྷབ་ལྷུབ་ཏུ་གཡོ་བའི་རྒྱལ་དར་འོག་ཏུ། དལ་བུར་འཕྱུར་བའི་མུ་ཏིག་ཅིག་དང་འདྲ་བར་ཉིན་རེ་བཞིན་མིག་དབང་འཕྲོགས་པའི་བཀྲག་མདངས་འཚེར་བཞིན་ཡོད།

འདི་ནི་བདེ་མཆོག་གྲོང་ཚོའི་ཏང་དམངས་ཕྱོགས་བསྡུས་བྱེད་སྒོའི་ལྟེ་གནས་ཐང་ཆེན་དུ་ལག་རྩེད་སྤོ་ལོ་རྒྱག་པའི་ཕྲུ་གུ་རྣམས་རེད།

འདི་ནི་བདེ་མཆོག་གྲོང་ཚོའི་སྤྲོ་སྣང་ལྡན་པའི་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་པ་རེད།

འདི་ནི་བདེ་མཆོག་གྲོང་ཚོའི་རྒན་རྒོན་རྣམས་རེད།

འདི་ནི་ཤུད་པང་རྩེད་མཁན་གྱི་བྱིས་པ་རེད།

འདི་ནི་བདེ་མཆོག་གྲོང་ཚོའི་སྤྲོ་སྣང་ལྡན་པའི་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་པ་རེད།

འདི་ནི་བདེ་མཆོག་གྲོང་ཚོའི་རྒན་རྒོན་རྣམས་རེད།

འདི་ནི་བདེ་མཆོག་གྲོང་ཚོའི་སྤྲོ་སྣང་ལྡན་པའི་ལུས་རྩལ་འགྲན་ཚོགས་ཀྱི་ཡུལ་དངོས་རེད།