ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

【ཀྲུང་གོའི་ཕུགས་འདུན•བོད་ལྗོངས་ཀྱི་གཏམ་རྒྱུད།】རྩོལ་སྒྲུབ།+ཐབས་བཀོད་དེ། དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཆབ་མདོ་བསྐྲུན་པ།

སྤེལ་དུས 2020-10-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱིསྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་ངང་འཛུགས་སྐྲུན་བྱ་དགོས་ཞེས་བསྟན་པ་དང་། རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་བསྐྲུན་པར་འབད་བརྩོན་བྱེད་བཞིན་པའི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་གོ་ཆོད་པའི“རྩོལ་སྒྲུབ+བྱེད་ཐབས”ཀྱི་ལས་ཀ་བྱེད་སྟངས་ཆ་ཚང་ཞིག་ཕྱོགས་སྡོམ་བྱས་ཡོད་ལ། གྲོང་ཁྱེར་དེའི་རོང་འབྲོག་ཁུལ་གྱི་སྡོད་གནས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་ནས། གྲོང་ཁྱེར་དེའི་རོང་འབྲོག་པར་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་རྒྱུར་སྒུལ་ཤུགས་གསར་པ་ཞིག་བསྣན་ཡོད། 

ཆབ་མདོའི་སྐྱེ་ཁམས་ཞི་མཐུན་གྱི་མཛེས་ལྗོངས། 
          ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་། གངས་འཁྱགས་ཀྱིས་བཀླུབས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་མཛུབ་སྟོན་དུ་བརྟེན་ཅིང་། གྲོང་ཚོའི(སྡོད་དམངས་ཨུ་ལྷན)བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཀྱི་ཚོགས་ཆེན་དང་། གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ།། དྲིལ་བསྒྲགས་སྦྱར་ཡིག གྲོང་སྲོལ་དམངས་ཆིངས་སོགས་ཀྱི་དྲིལ་བསྒྲགས་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ཏེ། སྨྱན་སྦྱོར་གསར་པ་དང་ལས་སྟེགས་གསར་པར་མཐུན་སྦྱོར་བྱེད་པ་དང་། སྟབས་བདེའི་འགྲེལ་བཤད་དང་དྲ་ལམ་གྱི་སྒྲོག་འགྲེལ། དེ་བཞིན་ངོ་འཕྲད་ནས་འགྲེལ་བརྗོད་བྱེད་པ་བཅས་ལ་བརྟེན་ནས། མང་ཚོགས་ལ་ཚན་རིག་དང་མཐུན་པའི་བདེ་ཐང་དང་ཡ་རབས་ཚུལ་ལྡན་གྱི་འཚོ་བའི་འདུ་ཤེས་དང་། འཚོ་བའི་རྣམ་འགྱུར། འཚོ་བ་སྐྱེལ་སྟངས་བཅས་འཛུགས་པར་སྣེ་ཁྲིད་དེ། རྣམ་པ་གསར་པ་བཏོད་པ་དང་གོམས་གཤིས་ངན་པ་དོར་ནས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་ནས། མང་ཚོགས་ལ་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་བྱེད་པའི་དོན་སྙིང་དངོས་སུ་ཤེས་སུ་འཇུག་པ་དང་། མང་ཚོགས་ནི་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་ནང་ཞུགས་མཁན་དང་། ཁྱབ་སྤེལ་བྱེད་མཁན། ལག་ལེན་བྱེད་མཁན་བཅས་སུ་འགྱུར་བར་བྱས་ནས། གྲོང་ཚོ(སྡོད་དམངས་ཨུ་ལྷན)དེ་“ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་གཞིས་འཚམས། དམངས་སྲོལ་ཚུལ་ལྡན། དོ་དམ་ལུགས་མཐུན ། འཚོ་བ་འབྱོར་ཕྱུག་ལྡན་པ”བཅས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་སྐྲུན་གང་ཐུབ་བྱས་པ་རེད།

ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ཁོངས་ཀྱི་མཛེས་སྡུག་ལྡན་པའི་རི་ལྡེབས་ངོས་ཀྱི“ཨ་དབང་ལུག” 
          དཔེར་ན། སྟེང་ཆེན་རྫོང་གི་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་རོང་འབྲོག་མང་ཚོགས་ལ“གཅིག་ཅན་དྲུག”ཞེས་པ་ལག་ལེན་བསྟར་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་པ་སྟེ། “ཞོགས་པ་དང་དགོང་མོར་སོ་ཐེངས་གཅིག་བཀྲུ་བ་དང་། ཉིན་རེར་རྐང་པ་ཐེངས་གཅིག་བཀྲུ་བ། ཉིན་གསུམ་རེར་གྱོན་ཆས་ཐེངས་གཅིག་བཀྲུ་བ། ཟླ་རེར་ཁང་པའི་ནང་གཙང་སྦྲ་ཐེངས་གཅིག་བྱེད་པ། ཟླ་རེར་གཟུགས་པོ་ཐེངས་གཅིག་འཁྲུད་པ། དུས་ཚིགས་རེར་སྐྲ་ཐེངས་གཅིག་བཞར་བ”བཅས་ཀྱི་བདེ་ཐང་དཔལ་ཡོན་གྱི་འཚོ་བའི་འདུ་ཤེས་དང་། ཞེ་གཞུང་ཤང་ཤར་ལ་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་“ལག་པ་ཆུང་ཆུང་གིས་ལག་པ་ཆེན་པོ་འཇུ་བའི་གཅེས་ཕྲུག་བྱེད་སྒོ”སྤེལ་བ་རེད། སློབ་མ་དང་ཁྱིམ་བདག་རྩ་འཛུགས་བྱས་ཏེ་དབྱར་དགུན་གུང་གསེང་གི་དུས་ཚོད་སྤྱད་ནས་མཉམ་དུ་གྲོང་ཚོ་དང་། རྒྱལ་ཁབ་རིམ་པའི་གཞུང་ལམ་གྱི་གཡས་གཡོན། གྲོང་ཚོ(སྡོད་དམངས་ཨུ་ལྷན)བཅས་ཀྱི་མཐའ་འཁོར་དུ་སོང་ནས། ཁོར་ཡུག་འཕྲོད་བསྟེན་ལེགས་བཅོས་བྱས་ཏེ། ཐུན་མོང་མཉམ་ཞུགས་དང་ཕན་ཚུན་སློབ་གསོ་གཏོང་བའི་དམིགས་ཡུལ་འགྲུབ་པར་བྱས་པ་རེད།

ཆབ་མདོ་གྲོང་ཁྱེར་གྱི་གྲོང་མི་དང་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་མཉམ་དུ་གྲོང་ཚོའི་ཁོར་ཡུག་ལ་གཙང་སྦྲ་བྱེད་པ། 
          ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཚོ(སྡོད་དམངས་ཨུ་ལྷན)ཁག་གིས་གྲོང་མིའི་དཔྱད་འདེམས་གྲོས་ཚོགས་དང་ཁོར་ཡུག་སྲུང་སྐྱོང་ལས་འཛིན་ལྷན་ཚོགས་སོགས་མང་ཚོགས་རྩ་འཛུགས1314བཙུགས་ནས་འཐུས་སྒོ་ཚང་བར་བཏང་བ་དང་། སྤྱི་པའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་དང་། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་། ལམ་སྲོལ་བསྒྱུར་བར་སྐུལ་འདེད། འཚོ་བའི་གོམས་གཤིས་བཟང་པོ་གསོ་སྐྱོང་བྱེད་པ་སོགས་ཀྱི་ལམ་ལུགས4173བཟོས་པ་དང་འབྲེལ་གྲོང་སྲོལ་དམངས་ཆིངས་ནང་བཅུག་པ་རེད།

ཆབ་མདོ་གྲོང་ཁྱེར་གྱི་གྲོང་མི་དང་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་མཉམ་དུ་གྲོང་ཚོའི་ཁོར་ཡུག་ལ་གཙང་སྦྲ་བྱེད་པ། 
          དུས་མཚུངས་སུ། ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཚོའི(སྡོད་དམངས་ཨུ་ལྷན)བཅའ་སྡོད་ལས་དོན་རུ་ཁག་གིས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་དང་ཀྲི་པུའུ་ཡི་དམག་འཐབ་མཁར་རྫོང་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་ཚོའི(སྡོད་དམངས་ཨུ་ལྷན)ལས་བྱེད་པ་དང་། གཉིས་ལྡན་དུད་སྦྲེལ། ཏང་ཡོན་སོགས་མང་ཚོགས་རྩ་འཛུགས་བྱས་ནས། ཁང་པའི་རྒྱབ་མདུན་དང་། གྲོང་ཚོའི(སྡོད་དམངས་ཨུ་ལྷན)གྲུ་ག གཞུང་ལམ་གྱི་འགྲམ་རྒྱུད། ཆུ་ལམ་ཆུ་རྐ་སོགས་ཀྱི་ས་ཆར། “གད་སྙིགས་གཙང་སེལ་དང་། བུད་ཤིང་གཙང་སེལ། སྒོ་ར་གཙང་སེལ། ཡུར་རྐ་གཙང་སེལ། གྲུ་ཟུར་གཙང་སེལ”བཅས་ཀྱི་ཁོར་ཡུག་བཅོས་སྐྱོང་བྱེད་སྒོ་སྤེལ་ནས། གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་དང་། གསང་སྤྱོད་བཅོས་སྒྱུར། སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་ལུད་གཙང་སེལ་བྱེད་པ་སོགས་གྲོང་ཚོའི་གཙང་སྦྲའི་བྱེད་སྒོ་ཧུར་ཐག་སྒོས་སྐུལ་འདེད་བཏང་ནས། དེའི་ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་སྤུས་ཚད་ནུས་ལྡན་སྒོས་མཐོ་རུ་བཏང་ནས། གཙང་ཞིང་གྲ་དག་པའི་ཁྱིམ་གཞིས་བསྐྲུན་ལ། དམངས་ཡོངས་ཀྱི་རྩྭ་འདེབས་ཤིང་འཛུགས་ཀྱི་མངའ་ཁོངས་ལྗང་འགྱུར་ལས་དོན་ལ་སྐུལ་འདེད་བཏང་ནས། ཆ་རྐྱེན་འཛོམས་པའི་ས་ཆར“ལྗོན་ཤིང་མེད་པའི་དུད་ཚང”དང“ལྗོན་ཤིང་མེད་པའི་གྲོང་ཚོ”མེད་པར་བཟོ་རྒྱུ་བརྩོན་ལེན་བྱས་པ་རེད།

ཆབ་མདོ་གྲོང་ཁྱེར་གྱི་གྲོང་མི་དང་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་མཉམ་དུ“ལག་པ་ཆུང་ཆུང་གིས་ལག་པ་ཆེན་པོ་འཇུ་བའི་གཅེས་ཕྲུག་བྱེད་སྒོ”སྤེལ་བ་དང་། གྲོང་ཚོའི་ཁོར་ཡུག་གཙང་སྦྲ་བྱེད་པ།
          ཐོབ་དཀའ་བའི་གཞིས་ཁྱིམ་ཁོར་ཡུག་བཅོས་སྐྱོང་གི་གྲུབ་འབྲས་དེ་གནས་སྐབས་ཙམ་དང་རྣམ་པ་ཙམ་དུ་མི་འགྱུར་བའི་ཆེད་དུ། ཆབ་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་དེ་ནི་ད་དུང་དུས་ཡུན་རིང་པོར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པའི་གཙོ་གནད་ལས་དོན་ཞིག་ཏུ་བརྩིས་ནས། དུས་བཀག་གམ་དུས་ངེས་མེད་ལ་གྲོང་ཚོ(སྡོད་དམངས་ཨུ་ལྷན)ལ་སོང་ནས་གནད་སྨིན་མཛུབ་ཁྲིད་དང་“བརྒྱུད་རིམ་ལ་ཕྱིར་ལྟ་བྱེད་པའི”བྱེད་སྒོ་སྤེལ་བ་དང་། གྲོང་ཚོ(སྡོད་དམངས་ཨུ་ལྷན)ཁག་གི་གཞིས་ཁྱིམ་ཁོར་ཡུག་བཅོས་སྒྲིག་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ལ། གནད་དོན་གྱི་རྩིས་ཐོ་བསྐྲུན་ནས་འཐུས་ཚང་དུ་གཏོང་བ། དག་ཐེར་གྱི་དུས་བཀག་བཟོ་བ། དག་ཐེར་གྱི་བྱ་ཐབས་ལ་ཤུགས་སྣོན་པ་བཅས་བྱས་ནས། ལས་དོན་དེ་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱས་པ་རེད། དུས་མཚུངས་སུ་གྲོང་ཚོ(སྡོད་དམངས་ཨུ་ལྷན)ཁག་གི་ལས་བྱེད་པས་ད་དུང་མངོན་བཤེར་དང་ལྐོག་འདྲི་སོགས་ཀྱི་རྣམ་པའི་ཐོག་ནས་གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་གནས་ཚུལ་དང་མང་ཚོགས་ཀྱི་ཁྱིམ་གྱི་འཕྲོད་བསྟེན་གནས་ཚུལ་ལ་སྐབས་བསྟུན་ཞིབ་བཤེར་བྱས་ལ། མང་ཚོགས་ལ་རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱས་ནས། གྲོང་ཚོའི(སྡོད་དམངས་ཨུ་ལྷན)ཁོར་ཡུག་དང་མི་སྒེར་གྱི་འཕྲོད་བསྟེན་གཙང་ཞིང་གྲ་དག་པོ་ཡོང་བར་འགན་ལེན་བྱས་པ་རེད། 
          དེ་ལས་གཞན། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཚོ(སྡོད་དམངས་ཨུ་ལྷན)ཁག་གི་གཞིས་ཁྱིམ་ཁོར་ཡུག་བཅོས་སྒྲིག་ལས་དོན་དེ་ལས་བྱེད་པའི་དཔྱད་ཞིབ་དམིགས་ཚད་ཅིག་ཏུ་གཏན་ཁེལ་བྱས་པ་མ་ཟད། ད་དུང་དུས་ཚིགས་ཀྱི“སྐོར་སྐྱོད་དར་དམར”དཔྱད་འདེམས་བྱེད་སྒོ་སྤེལ་ཏེ། ཁོར་ཡུག་བཅོས་སྒྲིག་ལས་དོན་དེ་དཔྱད་འདེམས་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ལ། སྔར་ལས་ལྷག་པའི་སྒོ་ནས་“བསྡུར་སློབ་བསྙེགས་བརྒལ་”གྱི་རྣམ་པ་ཟབ་མོ་བཏོད་དེ། ཆབ་མདོ་གྲོང་ཁྱེར་གྱི་ས་གནས་ཁག་ནམ་མཁའ་དྭངས་ཤིང་ཆུ་བོ་གཙང་བ། སྐྱེ་ཁམས་འཕྲོད་པ་བཅས་སུ་བཏང་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།