ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་སར་སློབ་ཆུང་གསར་པ་ཞིག་མང་དུ་འགྲོ་རྒྱུ་རེད་འདུག

སྤེལ་དུས 2020-10-26 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

          ཟླ་10ཚེས་20ཉིན། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་སློབ་གསོའི་གྲོང་དུ་གནས་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་བདུན་པའི་དུས་མཚམས་དང་པོའི་ལས་གྲྭའི་96%ལེགས་གྲུབ་ཟིན་པ་དང་། དུས་མཚམས་གཉིས་པའི་ལས་གྲྭའི་40%ལེགས་གྲུབ་ཟིན་ཞིང་། སྔོན་དཔག་བྱས་ན། སང་ལོའི་ཟླ་8པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་བདུན་པ་སྤྱོད་འགོ་ཚུགས་རྒྱུ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། སློབ་མའི་ཉལ་ཁང་བསྐྲུན་རྗེས་ཞག་སྡོད་སློབ་མ1280སྡོད་ཐུབ་པས། སློབ་གྲྭར་ཞག་སྡོད་བྱེད་ཚད70%ཡན་ཟིན་རྒྱུ་རེད། 

སྐྲུན་བཞིན་པའི་སློབ་མའི་ཉལ་ཁང་། 
    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་བདུན་པའི་དུས་མཚམས་དང་པོའི་ལས་གྲྭའི96%ལེགས་གྲུབ་ཟིན་ནས། ཞོར་གཏོགས་སྒྲིག་བཀོད་སོགས་མཇུག་བསྡུའི་ལས་གྲྭ་ལས་ལྷག་མེད། རྣམ་གྲངས་དེ་བསྐྲུན་ཟིན་རྗེས་ཕྱོགས་བསྡུས་ཐོག་ཁང་དུ་སློབ་ཁང36ཡོད་པའི་ནང་སློབ་མ1620ཤོང་གི་ཡོད་པ་རེད། 

    ཁྲེང་ཀོན་ཆུས་སློབ་གསོ་ཅུས་ཀྱི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྷ་ས་ཁྲེང་ཀོན་ཆུས་ཀྱིས་སློབ་གསོ་དེ་ཉིད་དམངས་འཚོའི་འདུ་འགོད་ཆེ་ཤོས་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། སློབ་གྲྭ་འཛུགས་སྐྲུན་དང་། སློབ་གསོའི་གཏོང་ཆ། སྒྲིག་སྲོལ་གསར་གཏོད་སོགས་ཐད་སྔར་ན་བྱུང་མྱོང་མེད་པའི་ཤུགས་སྣོན་བརྒྱབ་ཡོད། སློབ་གྲྭའི་བཀོད་པ་དང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། བར་མཐོངས་ཀྱི་བཀོད་པ་ལུགས་མཐུན་དང་ཐོན་ཁུངས་སྒྲིག་སྦྱོར་དོ་སྙོམས་ཀྱི་སློབ་གསོའི་སྒྲིག་བཀོད་དྲ་རྒྱ་རིམ་བཞིན་བསྐྲུན་པ་བརྒྱུད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་ཀྱི་དགོས་མཁོ་གཞི་རྩའི་ཆ་ནས་སྐོང་ཐུབ་ཡོད་པ་དང་། རྒྱལ་ཁབ་ཀྱིས་སློབ་ཕྲུག་མང་བའི་འཛིན་གྲྭ་མེད་པར་བཟོ་རྩིས་ཡོད་པའི་བླང་བྱ་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་ཡོད་ལ། གྲོང་ཁྱེར་དུ་ཡོང་མཁན་ལས་མིའི་བུ་ཕྲུག་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཡུལ་གཞན་དུ་གནས་སྤོས་པའི་བུ་ཕྲུག་གི་སློབ་ཞུགས་གནད་དོན་ཡང་ཐག་གཅོད་ཡག་པོ་ཐུབ་ཡོད།