ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གོ་ལའི་གླིང་སྣེ་གསུམ་པ། བོད་ཀྱི་མིང་བྱང་གསར་པ།

སྤེལ་དུས 2020-11-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 2020ལོའི་ཟླ11པའི་ཚེས9ཉིན། གོ་ལོའི་སྣེ་གསུམ་པའི་ཚོང་རྟགས་ཡོངས་བསྒྲགས་ཚོགས་འདུ་དེ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་སྤེལ། 

ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས །
      རྒྱུས་ལོན་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་གིས་ཐུན་མོང་མ་ཡིན་པའི་ལྗོངས་གནས་ཀྱི་ཁྱད་འཕགས་དང་། ལྷན་སྐྱེས་ཀྱི་ཐོན་ཁུངས་ཟབ་མོ། ཕུན་སུམ་ཚོགས་པའི་ཁྱད་ལྡན་རིག་གནས། མཛེས་སྡུག་ལྡན་པའི་རང་བྱུང་གི་མཛེས་ལྗོངས་བཅས་ལ་གཞི་ཚུགས་ཏེ། “གོ་ལའི་གླིང་སྣེ་གསུམ་པའི”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་བཏོན་ནས། ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་དེ་ཐོན་ལས་མཐོར་འདེགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་སྐུལ་སྤེལ་གཏོང་བའི་གོ་གནས་འགངས་ཆེན་དུ་བཞག་ནས་གསར་སྐྲུན་བྱས་པ་རེད། མིག་སྔར། རང་བྱུང་གི་བཏུང་ཆུ་དང་། ནས། སྦྲང་རྩི། ས་མཐོའི་རྒུན་ཆང་སོགས་ཁྱད་ལྡན་ཐོན་རྫས་རིགས་ཆེན་པོ་བདུན་བཟོ་སྐྲུན་བྱས་ཡོད་པ་རེད། 
      བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་གནང་བ་རེད། ཁོང་གིས་བསྟན་དོན། “ང་ཚོས ‘གླིང་སྣེ་གསུམ་པའི’སྤུས་རྟགས་འཕེལ་རྒྱས་ཀྱི་འཆར་འགོད་དེ་བོད་རང་སྐྱོང་ལྗོངས་‘ལོ་ལྔ་ཚན་བཅུ་བཞི་པའི’དུས་སྐབས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་ནང་དུ་བཞག་སྟེ། ‘གོ་ལའི་གླིང་སྣེ་གསུམ་པའི’སྤུས་རྟགས་དེ་སྡེབ་སྒྲིག་སྐུལ་སྒུལ་གྱི་ལས་སྟེགས་བྱས་ནས་‘གོ་ལའི་གླིང་སྣེ་གསུམ་པའི’སྤུས་རྟགས་ལས་རིགས་ཀྱི་མནའ་འབྲེལ་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུ་དང་། མ་ལག་དང་ལེ་ལག་ཅན་གྱིས་བོད་ལྗོངས་ཀྱི་ཁྱད་ལྡན་ཁྱད་ཐོན་གྱི་སྤུས་རྟགས་སྡེབ་སྒྲིག་དང་འཕེལ་རྒྱས་སུ་བཏང་ནས་རིགས་ཆེན་པོའི་རྣམ་པ་བཙུགས་ཏེ། རིམ་མེད་ཀྱི་ཟད་གྲོན་ཇེ་ཉུང་དུ་བཏང་ནས‘ག་ལའི་གླིང་སྣེ་གསུམ་པའི’སྤུས་རྟགས་ཀྱི་སྣེ་ཁྲིད་འོག་གི་ཐོན་ལས་སྤུས་རྟགས་སྤྱིའི་སྣང་བརྙན་དང་སྲོག་ཤིང་གི་འགྲན་རྩོད་བྱེད་ནུས་ཇེ་མཐོར་གཏོང་རྒྱུ་ཡིན”ཞེས་བཤད།
      ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་སུ་རྒྱལ་ནང་གི་ཁྱབ་ཁོངས་སོ་སོའི་རིག་མཛོད་ཆེད་མཁས་པ་དང་། སྒྱུ་རྩལ་པ་རྣམས་མཉམ་གཅིག་ཏུ་ལྷ་སར་འཛོམས་ཏེ། གོ་ལའི་གླིང་སྣེ་གསུམ་པའི་སྤུས་རྟགས་ལ་འཕྲད་པའི་གོ་སྐབས་དང་། སྤུས་རྟགས་འཛུགས་སྐྲུན་དང་སྤུས་རྟགས་ཀྱི་འདུན་ལྗོངས་ལ་དམིགས་ནས་བསམ་ཚུལ་བརྗེ་རེས་དང་། ལྟ་ཚུལ་གདོང་གཏུག་གིས་གོ་ལའི་གླིང་སྣེ་གསུམ་པའི་སྤུས་རྟགས་ཀྱི་འཐབ་ཇུས་བཀོད་སྒྲིག་བྱ་བར་ཐབས་འདོན་ཇུས་འདོན་བྱས་པ་རེད།

      རྒྱལ་ནང་གི་ཁྱབ་ཁོངས་སོ་སོའི་རིག་མཛོད་ཆེད་མཁས་པས་གོ་ལའི་གླིང་སྣེ་གསུམ་པའི་སྤུས་རྟགས་ལ་འཕྲད་པའི་གོ་སྐབས་དང་། སྤུས་རྟགས་འཛུགས་སྐྲུན་དང་སྤུས་རྟགས་ཀྱི་འདུན་ལྗོངས་ལ་དམིགས་ནས་བསམ་བློ་བརྗེ་རེས་བྱེད་པའི་རྣམ་པ།
      ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི་དང་། ཀྲུང་གོའི་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གི་མཚན་སྙན་སའོ་ཀྲང་ཡའོ་ཐན་གྱིས་ཚན་རིག་གི་ངོས་ཐད་ནས་གོ་ལའི་གླིང་སྣེ་གསུམ་པ་ནི་ལྷོ་བྱང་སྣེ་དང་མི་མཐུན་པའི་ཁྱད་ཆོས་དང་། གོ་ལའི་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་ཤུགས། བོད་ལྗོངས་འདི་ཉིད་གོ་ལའི་གླིང་སྣེ་གསུམ་པའི་སྲོག་ཤིང་ས་ཁོངས་བྱས་པའི་གལ་ཆེའི་ནུས་པ་བཅས་ངོ་སྤྲོད་བྱས་པ་རེད།
      ཡོ་རོབ་གླིང་ཚན་རིག་ཁང་གི་ཕྱི་རྒྱལ་གྱི་ཡོན་ཧྲི་དང་། ཆིང་ཧྭ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཞུང་ཁྲེང་ཡུས་ཀྱིས་ཡུལ་དངོས་སུ་བསྟན་དོན། “གླིང་སྣེ་གསུམ་པའི་ལས་དབང་ནི་ད་གཟོད་གོ་ལའི་གླིང་སྣེ་གསུམ་པའི་སྤུས་རྟགས་གཏོད་པའི་ཤུགས་རྒྱག་ས་ཆེས་གལ་ཆེན་ཞིག་ཡིན། གོ་ལའི་གླིང་སྣེ་གསུམ་པའི་སྤུས་རྟགས་གཏོད་པའི་གོ་རིམ་ཁྲོད། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་ནི་ཆེས་རྩ་བའི་བསམ་པའི་རིན་ཐང་གི་མ་ལག་ཡིན”ཞེས་བཤད།
      ཁྲ་ཧ་ཨེར་སློབ་ཚོགས་ཀྱི་མཐོ་རིམ་ཞིབ་འཇུག་པ་དང་། སི་ཁྲོན་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་དགེ་རྒན་་ཆེན་མོ་ཝེ་ཀང་ཙེས་སྤུས་རྟགས་ལ་བསམ་འཆར་འདོན་དུས་བཤད་རྒྱུར། “བོད་ལྗོངས་ཀྱིས་གོ་ལའི་གླིང་སྣེ་གསུམ་པའི་ས་ཁམས་ཀྱི་ཁྱད་ཆོས་འདི་གཞི་ཚུགས་ཏེ།‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་འདི་ལག་བསྟར་བྱ་རྒྱུ་གོ་སྐབས་བྱས་ནས་ཕུན་སུམ་ཚོགས་པའི་མི་ཆོས་ཀྱི་ཐོན་ཁུངས་དང་ལྗང་མདོག་བདེ་ཐང་གི་གདོད་མའི་སྐྱེ་ཁམས་ཀྱི་ཁྱད་ལྡན་ཐོན་རྫས་སོགས་ལ་གཞི་བཅོལ་ཏེ་ལྗང་མདོག་འཕེལ་རྒྱས་དང་། ཁྱད་ལྡན་དབུལ་སྐྱོར།ནང་གི་འཁོར་སྐྱོར་དཔལ་འབྱོར་གློད་གྲོལ་གཏོང་བའི་མཐོ་ས་གསར་པ་ཞིག་བསྐྲུན་དགོས”ཞེས་བསྟན།
      2020ལོའི་ཇོ་མོ་གླང་མའི་མཐོ་ཚད་ཚད་འཇལ་རི་འཛེག་རུ་ཁག་གི་རུ་གཙོ་གཞོན་པ་ཡིན་པའི་ཕུར་བུ་དོན་གྲུབ་ཀྱིས་གཏམ་བཤད་སྤེལ་དུས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད་རྒྱུར། “གོ་ལའི་གླིང་སྣེ་གསུམ་པའི་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཀྱིས་བོད་ལྗོངས་དར་སྤེལ་གཏོང་བའི་སྤྱི་ཚོགས་ཀྱི་འགན་འཁྲི་དང་ལས་འགན་འཁུར་ཡོད་ཅིང་། དེས་ང་ཚོར ‘བྱང་ངོས་ཀྱི་རི་འཛེག་མཁན་གྱི’སྤུས་རྟགས་ཀྱི་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་བཏང་སྟེ། སྤུས་རྟགས་འཛུགས་སྐྲུན་གྱི ‘རི་འཛེག་མཁན’དང་ ‘རྒྱང་སྐྱོད་པ’བྱེད་པར་སྐུལ་ལྕག་གཏོང་བཞིན་ཡོད”ཅེས་བཤད།

 ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས།
      2020ལོའི་སྤུས་རྟགས་སྣང་བརྙན་དྲིལ་བསྒྲགས་ཀྱི་བརྙན་རིས་ཐོག་མ་བཏང་བ་དང་། སྤུས་རྟགས་ཀྱི་འགོ་ཚུགས་མཛད་སྒོ་བདེ་ལེགས་ངང་ལེགས་གྲུབ་བྱུང་བ་དང་བསྟུན་ནས། བོད་རང་སྐྱོང་ལྗོངས་དངོས་སུ་སྤུས་རྟགས་ཆེན་པོའི་དུས་རབས་སུ་བསྐྱོད་པ་མཚོན་ཡོད།
 རྩོམ་སྒྲིག་པ། སྣང་རྡོར།