ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་སའི་གྲོང་མི་འདིར་སྒོར་ཁྲི585ཡི་བྱ་དགའ་ཐོབ།

སྤེལ་དུས 2020-11-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

          དེ་རིང་། རྩོམ་སྒྲིག་པས་འབད་པ་ཆེན་པོས་ལས་ཀ་སྒྲུབ་བཞིན་པའི་སྐབས་སུ་གློ་བུར་དུ“ཡིད་སྨོན་འཆོར་བའི”གཏམ་བཟང་ཞིག་འབྱོར་བྱུང་། དེ་ནི་ཟླ11པའི་ཚེས16ཉིན་གྱི་དགོང་མོར། ཀྲུང་གོ་ལུས་རྩལ་རྒྱན་ཤོག་གི“སྤྲོ་སྐྱིད་ཆེན་མོ”བྱ་དགའི་ཁ་ཕྱེས་ཤིང་། ལྷ་ས་གྲོང་ཁྱེར་གྱི་རྒྱན་ཤོག་ཉོས་པའི་གྲོང་མི་སྤེན་པ(རྫུས་མིང)ལ་སྒོར་ཁྲི585ཡི་བྱ་དགའ་ཆེན་པོ་ཐོབ་པ་རེད།

          ཟླ11པའི་ཚེས17ཉིན་གྱི་སྔ་དྲོའི་ཆུ་ཚོད་10ཡས་མས་སུ། རྒྱན་ཤོག་གི་བྱ་དགའ་ཐོབ་པའི་གྲོང་མི་བོད་རང་སྐྱོང་ལྗོངས་ལུས་རྩལ་རྒྱན་ཤོག་གི་རྒྱན་ལེན་ཚོམས་ཆེན་དུ་བྱ་དགའ་ལེན་པར་ཡོང་།

          རྒྱུས་ལོན་བྱུང་བ་ལྟར་ན། རྒྱན་ཤོག་ཉོས་པའི་གྲོང་མི་འདིས་ལོ་གསུམ་གྱི་སྔོན་ནས་རྒྱན་ཤོག་ཉོ་འགོ་བརྩམས་ཤིང་། ཉེ་བའི་ལོ་གཉིས་ཀྱི་རིང་། ཁོས་ཐོག་མཐའ་བར་གསུམ་དུ་ཨང་གྲངས་གཅིག“སྲུང”ནས་བསྡད་པ་སྟེ། སྔོན་གྱི་ཨང་གྲངས་ནི01དང་། 09 18 19 23ཡིན་པ་དང་། རྗེས་ཀྱི་ཨང་གྲངས་ནི01དང09ཡིན། ཟླ11པའི་ཚེས16ཉིན་གྱི་ཕྱི་དྲོར། གྲོང་མི་འདིས་གྲོང་ཁྱེར་གྱི་ལུས་རྩལ་རྒྱན་ཤོག་འཕེན་ཚིགས་ག་གེ་མོ་ཞིག་ནས་སྒོར12ཀྱིས་ལུས་རྩལ་རྒྱན་ཤོག་གི་སྤྲོ་སྐྱིད་ཆེན་མོ7+2སྦྲག་འཛིན་སྣ་མང་ཞིག་ཉོས་ཤིང་། ཉིན་དེའི་དགོང་མོར་ཁ་ཕྱེས་པའི་ལུས་རྩལ་རྒྱན་ཤོག་གི་སྤྲོ་སྐྱིད་ཆེན་མོ་ཨང20115ཡི་ཁྲོད་དུ་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།