ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དཔེ་ཀློག་འཚོ་བའི་གོམས་གཤིས་ཤིག་ཏུ་འགྱུར་བར་བྱེད།

སྤེལ་དུས 2020-11-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

         སྙན་ངག་ལ་དགའ་མོས་བྱེད་མཁན་གྱིས་སྙན་ངག་གྱེར་འདོན་བྱེད་བཞིན་པ།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ11པའི་ཚེས21ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་ཤིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་གཉེར་སྒྲུབ་བྱས་པ་དང་། བོད་ལྗོངས་ཐེན་ལི་དཔལ་འབྱོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་། “གངས་ལྗོངས་ཤོན་དབྱངས”སྐད་འཕྲིན་སྟེགས་བུས་ལས་རོགས་བྱས་པའི“ཤེས་དཔལ་བོད་ལྗོངས”སྙན་ངག་གྱེར་འདོན་ཚོགས་འདུ་དེ་ལྷ་ས་གྲོང་ཁྱེར་དུ་སྤེལ་འགོ་བརྩམས།
         བྱེད་སྒོས“དམངས་ཡོངས་ཀྱིས་དཔེ་ཀློག་བྱ་རྒྱུ་དར་སྤེལ་བཏང་སྟེ། འབྱོར་འབྲིང་སྤྱི་ཚོགས་ལ་རམ་འདེགས་བྱེད”ཅེས་པ་བརྗོད་དོན་བྱས་ཏེ། སྙན་ངག་གྱེར་འདོན་དེ་མཚོན་སྟངས་གཙོ་བོ་བྱས་ནས་སྤེལ་ཡོད་པ་རེད། བྱེད་སྒོའི་ཡུལ་དངོས་སུ་བོད་ལྗོངས་ཐན་ལི་དཔལ་འབྱོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་། “གངས་ལྗོངས་ཤོན་དབྱངས”སྐད་འཕྲིན་སྟེགས་བུ། སྙན་ངག་ལ་དགའ་མོས་བྱེད་མཁན་ཚོས་དཔའ་ངར་ཆེར་སྐྱེད་དང་སྙན་འཇེབས་ལྡན་པའི་ངང་མཚོན་པའི་རིག་གནས་ཐོས་ཚོར་གྱི་དགྱེས་སྟོན་ཆེན་པོ་ཞིག་བཤམས་ཏེ། ལྟད་མོ་བའི་ཐལ་མོ་རྡེབ་སྒྲ་དང་དགའ་བསུ་ཡང་ཡང་དུ་ཐོབ་པ་རེད།

         སྙན་ངག་ལ་དགའ་མོས་བྱེད་མཁན་ཀྲའོ་དབྱི་ཡིས《དེ་སྔའི་མེ་ཏི་ཁ》ཞེས་པ་གྱེར་འདོན་བྱེད་བཞིན་པ།
         སྙན་ངག་ལ་དགའ་མོས་བྱེད་མཁན་ཀྲའོ་དབྱི་ནི་བོད་ཀྱི་མི་རབས་གཉིས་པ་ཞིག་ཡིན་ཞིང་། ཁོ་མོས“ཤེས་དཔལ་བོད་ལྗོངས”སྙན་ངག་གྱེར་འདོན་ཚོགས་འདུའི་ཡུལ་དངོས་སུ་རྒན་མ་ལི་ཧྭའི་བརྩམས་ཆོས 《དེ་སྔའི་མེ་ཏི་ཁ》ཞེས་པ་གྱེར་འདོན་བྱས། “སྙན་ངག་འདིར་བརྩེ་དུང་གིས་ཕྱུག་ཅིང་ནང་དོན་གཏིང་ཟབ་པས། ངས་སྙན་ངག་འདིར་བརྟེན་ནས་རང་ཉིད་ཀྱིས་བོད་ལྗོངས་ལ་བཅངས་པའི་དགའ་ཞེན་མཚོན་འདོད”ཅེས་བཤད།

         དཔེ་ཀློག་བྱ་རྒྱུར་དགའ་ཞིང་། དཔེ་ཀློག་བྱས་པར་བརྟེན་ནས་དེ་བས་རང་ཉིད་ལ་ཡིད་ཆེས་ཡོད་པར་གྱུར། ཀྲའོ་དབྱིས་བཤད་རྒྱུར།  འཚོ་བ་དང་བྱ་བའི་ཁྲོད་ང་ཚོའི་བསམ་དོན་དང་མི་མཐུན་པའི་གནས་མང་པོ་ཞིག་ཡོད་ཅིང་། ང་ཚོས་ཀྱང་རྣམ་པ་མི་འདྲ་བ་མང་པོའི་ཐད་ནས་སེམས་ཁམས་མི་སྐྱིད་པ་སྙོམ་སྒྲིག་བྱེད་ཀྱི་ཡོད། འོན་ཀྱང་ངས་སྙན་ངག་ལ་སྦྱངས་པ་བྱས་རྗེས་སྙན་ངག་གིས་སེམས་ཀྱི་དཀའ་གནད་སེལ་ཐུབ་པར་མ་ཟད། དེ་བས་ཀྱང་རང་ཉིད་རྒྱུན་འཁྱོངས་བྱེད་དུ་འཇུག་པའི་སྟོབས་ཤུགས་བསྩལ་བྱུང་།  ཚང་མ་དཔེ་ཆ་ཀློག་པར་དགའ་བ་དང་། དཔེ་ཆ་ལོངས་སུ་སྤྱོད་པ། དཔེ་ཆ་འདོན་པའི་གོ་སྐབས་གཅེས་སྤྲས་བྱས་ཏེ། དམངས་ཡོངས་ཀྱིས་དཔེ་ཀློག་བྱ་རྒྱུ་དེ་མི་སྒེར་སོ་སོའི་རང་རྟོགས་ཀྱི་བྱེད་ལས་དང་འཚོ་བའི་གོམས་གཤིས་ཤིག་ཏུ་འགྱུར་བར་འཇུག་རྒྱུའི་རེ་བ་ཡོད་ཅེས་བཤད།
         “ཤེས་དཔལ་བོད་ལྗོངས”སྙན་ངག་གྱེར་འདོན་ཚོགས་འདུའི་བྱེད་སྒོས་འབད་པ་ཆེན་པོས་སྤྱི་ཚོགས་ཡོངས “དཔེ་ཀློག་བྱ་རྒྱུར་དགའ་བ་དང་། དཔེ་ཆ་ཡག་པོ་ཀློག་པ། དཔེ་ཀློག་ལ་མཁས་པའི”ཤེས་དཔལ་གྱི་སྲོལ་ཞིག་བསྐྲུན་ཏེ། དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་བསམ་པའི་སྒུལ་ཤུགས་བརྟན་པོ་ཞིག་མཁོ་འདོན་བྱེད་བཞིན་ཡོད།


རྩོམ་སྒྲིག་པ། སྣང་རྡོར།