ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལོ8ཅན་གྱི་བུ་མོ་འདི་ཐང་ལ་འགྱེལ་རྗེས......

སྤེལ་དུས 2020-12-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
    
            ལུས་རྩལ་འགྲན་བསྡུར་གལ་ཆེན་ཞིག་གི་ཁྲོད་དུ་འགོ་བརྩམས་མ་ཐག་ནས་ཐང་ལ་འགྱེལ་ཚེ། ཁྱོད་ཀྱིས་ཇི་ལྟར་བྱ་སྲིད་དམ།
           པེ་ཅིང་གི་ལོ་ན་བརྒྱད་ལ་སོན་པའི་བུ་མོ་མ་ཙི་ཧུའེ་ཡིས། རང་གི་བྱ་སྤྱོད་དངོས་ལ་བརྟེན་ནས་ངོ་མཚར་བའི་དྲིས་ལན་ཞིག་བཏབ་ཡོད། 
          2020ལོ་ནས2021ལོའི་བར། པེ་ཅིང་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་ཐུང་རྒྱུག་མྱུར་ཤུད་མཉམ་འགྲན་ས་ཚིགས་དང་པོའི་U8ཚོ་ཆུང་སྨི500ཅན་གྱི་བཞི་ཆ་གཅིག་གི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲོད་དུ། ལོ་ན8ལ་སོན་པའི་མ་ཙི་ཧུའེ་ནི་འགོ་བརྩམས་མ་ཐག་ནས་གཟབ་གཟབ་མ་བྱས་པར་ཐང་ལ་འགྱེལ།
           འོན་ཀྱང་མོ་ཐེ་ཚོམ་ཅི་ཡང་མེད་པར། མྱུར་དུ་ཡར་ལངས་ནས་འགྲན་ཡ་ཚོའི་རྗེས་དེད་ནས་རྒྱུགས།

          སྐུལ་མའི་འབོད་སྒྲའི་ཁྲོད། མོས་ལྷོད་གཡེང་མི་བྱེད་པར་ཁོ་ཚོའི་རྗེས་དེད་ནས་རྒྱུགས་པ་རེད། སྨི50སྨི40སྨི30སྨི20…… མ་ཙི་ཧུའེ་མདུན་གྱི་འགྲན་ཞུགས་པ་རེ་རེ་ལས་རིམ་གྱིས་བརྒལ་བ་དང་།ཚང་མའི་སྔོན་ལ་མཇུག་མཐའི་ས་ཚིགས་སུ་སླེབས།
          བརྙན་ཐུང་འདི་དྲ་ཐོག་ཏུ་སྤེལ་རྗེས། དྲ་གྲོགས་ཁྲི500ལྷག་གི་མོས་རྡེབ་ཐོབ་ཅིང་། མཇུག་མཐར། མ་ཙི་ཧུའེ་ཡང་བདེ་ལེགས་ངང་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་དུ་ཞུགས་པ་དང་། འགྲན་བསྡུར་འདིའི་ཁྲོད་ཨང་དང་པོ་ཐོབ་པ་རེད།
          བུ་མོ་ཆུང་ཆུང་འདིས་མི་ཚང་མར་སེམས་འགུལ་ཐེབས་སུ་བཅུག་པ་སྟེ།  “མོ་ཡར་ལངས་མ་ཐག་དེ་མ་ཉིད་ནས་མོ་རྒྱལ་བ་རེད།” “ནུས་ཤུགས་ཡོད་རྒུ་བཏོན་ནས་རྒྱུགས་པའི་ཉམས་འགྱུར་དེ་ནི་ངོ་མ་སེམས་འགུལ་ཐེབས་པ་ཞིག་རེད།” ཞེས་པ་སོགས་ཀྱི་དཔྱད་བརྗོད་སྤེལ་ཡོད།  
           མོའི་སྙིང་ཉེ་བའི་གཟུགས་པོ་ཆུང་ཆུང་དེའི་ཁྲོད་དུ། སྟོབས་ཤུགས་དང་ནུས་པ་ཆེན་པོ་ཞིག་འདུས་ཡོད་པས། མ་ཙི་ཧུའེ་ལ་བསྟོད་པ་བྱའོ།

རྩོམ་སྒྲིག་པ། བདེ་སྒྲོལ།