དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལོ་ངོ་སྟོང་ཕྲག་ལ་རྒྱུན་འཛིན་བྱས་པའི་བོད་གྲུམ་ནི་མི་རིགས་རིག་གནས་འགྲོ་འོང་སྤེལ་རེས་མཉམ་འདྲེས་བྱས་པའི་བསྡུས་གཟུགས་ཤིག་ཏུ་གྲུབ་ཡོད།

སྤེལ་དུས 2021-01-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

འགྲེམ་སྟོན་བྱས་པའི་བོད་གྲུམ།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ལོ་ངོ་སྟོང་ཕྲག་ལ་རྒྱུན་འཛིན་བྱས་པའི་བོད་གྲུམ་ ནི་བོད་ལྗོངས་ཀྱི་མི་རིགས་ལག་ཤེས་བཟོ་རྩལ་སྤུས་དག་པའི་ཐོན་རྫས་ཤིག་ཡིན། འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་ས་གདན་གསུམ་གྱི་བྱེ་བྲག་ཏུ་གྱུར་པའི་བོད་གྲུམ་བཟོ་རྩལ་ནི་རྒྱུ་སྤུས་བཟང་ཞིང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་དང་མཛེས་རྟོག་རིག་པའི་ཚོས་གཞི་སྡེབ་ཀར་དོ་སྣང་བླ་ལྷག་ཏུ་བྱས་ཡོད་པས་སྐད་གྲགས་ཆེ། བོད་གྲུམ་ནི་གངས་ལྗོངས་ས་མཐོའི་ཁྱད་ཆོས་ལྡན་པའི་འབྲོག་ལས་རྟེན་གཞིར་བྱས་ནས་དུས་ཡུན་རིང་པོའི་ཐོན་སྐྱེད་ལག་ལེན་དང་རྒྱུན་འཛིན་ཁྲོད། བོད་མི་རིགས་ཀྱི་དམངས་ཁྲོད་བཟོ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྒྱུན་འཁྱོངས་བྱས་ཏེ་འཛམ་གླིང་ཐགས་གདན་ལས་རིགས་ཁྲོད་ནས་གཞན་དྲིང་མི་འཇོག་པའི་གོ་གནས་ཟིན་ཡོད། 
        བོད་གྲུམ་གྱི་རྒྱན་རིས་དང་ཚོས་གཞི་ལ་སྤྱི་ཚོགས་རིག་གནས་ཀྱི་དོན་སྙིང་སྣ་ཚོགས་ལྡན་ལ་བོད་རྒྱ་མི་རིགས་དབར་འགྲོ་འོང་སྤེལ་རེས་མཉམ་འདྲེས་བྱས་པའི་ལོ་རྒྱུས་ཁུངས་ཐུབ་ཏུ་གྱུར་ཡོད། བོད་གྲུམ་ནི་མིང་རྒྱལ་རབས་ཀྱི་དུས་ནས་བལ་སྤུ་གཙང་མ་དང་། ལས་ཀ་ཞིབ་ཚགས། ཁ་དོག་མཛེས་པ། སྣ་ཁ་ཆ་ཚང་བ་བཅས་ཀྱིས་སྐད་གྲགས་ཆོད་ཅིང་། ལྷག་པར་དུ་བོད་ལྗོངས་ཀྱིས་གསར་གཏོད་བྱས་པའི“འཐག་ཁྲི”རུ་བོད་གྲུམ་གྱི་བལ་སྤུ་རིང་བ་དང་སྤུ་མགོ་སྦོམ་པའི་ཁྱད་ཆོས་ལེགས་པར་གྲུབ་ནས་དེ་སྤུས་དག་ཅིང་ཡིད་དུ་འོང་བའི་གྲུབ་འབྲས་ཐོབ་ཡོད།

        འགྲེམ་སྟོན་བྱས་པའི་བོད་གྲུམ།
        གནམ་ལོ་གསར་ཚེས་ཀྱི་ཉིན་མོར། བོད་ལྗོངས་སྨྱན་གཟིགས་སྒྱུ་རྩལ་ལྟེ་གནས་ཀྱིས་ལོ་གསར་གནམ་གང་གི་བརྗོད་དོན་གཙོ་བོའི་སྒྱུ་རྩལ་བྱེད་སྒོ་སྤེལ་ཞིང་། གནའ་བོའི་བོད་གྲུམ་ཉར་ཚགས་བྱས་པ་ལ་ལོ་རྒྱུས་ཡུན་རིང་ཡོད་པ་ཁག་ཅིག་གཅིག་བསྡུས་ནས་འགྲེམ་སྟོན་བྱས་པར་ན་གཞོན་མང་པོ་ཞིག་གི་ཡིད་སེམས་དབང་མེད་བཀུག་ནས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱས་པ་མ་ཟད། ན་གཞོན་ཚོར་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ལ་ཤེས་རྟོགས་བྱེད་པའི་སྒེའུ་ཁུང་ཞིག་ཀྱང་མཁོ་འདོན་བྱས་ཡོད།

        འགྲེམ་སྟོན་བྱས་པའི་བོད་གྲུམ།
       “ད་ཐེངས་འགྲེམ་སྟོན་བྱས་པའི་བོད་གྲུམ་གྱི་ཚོས་གཞིའི་སྡེབ་སྒྲིག་དང་བསླས་འཐག་ཚང་མ་ནི་ལག་རྩལ་རྩེར་སོན་པ་འབའ་ཞིག་ཡིན་པ་དང་། ལྷག་པར་དུ་རི་མོའི་དོན་སྙིང་རྒྱ་ཆེ་ཞིང་ཁྱད་ཆོས་འབུར་དུ་ཐོན་པ་ནི་འབྲུག་མགོ་ཁྱུང་རྔའི་བཀྲ་ཤིས་འཁྱུག་རིས་དེ་རེད།” སྨྱན་གཟིགས་སྒྱུ་རྩལ་ལྟེ་གནས་ཀྱི་སྲོལ་གཏོད་པ་ཞུས་ཡིང་ལུང་གིས“ཁོག་སྟོད་ནི་འབྲུག་གཟུགས་དང་ཁོག་སྨད་ནི་ཁྱུང་གཟུགས་ཡིན་པ་དེའི་ཐོག་ནས་མི་རིགས་མང་པོའི་རིག་གནས་དབར་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་བྱས་པ་མཚོན་ཡོད”ཅེས་མཚམས་སྦྱོར་གནང་བ་རེད།

        འགྲེམ་སྟོན་བྱས་པའི་བོད་གྲུམ།

        འགྲེམ་སྟོན་བྱས་པའི་བོད་གྲུམ།
        སྲོལ་རྒྱུན་དུ་བོད་གྲུམ་དེ་དགོན་པར་སྤྱོད་པའི་ས་གདན་དང་སྐྱ་བོས་སྤྱོད་པའི་ས་གདན་རིགས་གཉིས་སུ་དབྱེ་ཡོད། དགོན་པར་སྤྱོད་པའི་ས་གདན་ནི་བསམ་གཏན་གྱི་ས་གདན་དང་། འཕན་གདན། ཀ་འཕན། རྡོ་རྗེ་ཆོས་གདན། སྒོ་ཡོལ་སོགས་འདུས། སྐྱ་བོས་སྤྱོད་པའི་ས་གདན་ནི་ཁང་པའི་ནང་གི་ཁ་གདན་དང་། ས་གདན། སྒ་གདན། རྟ་ཁེབས། བོང་བུའི་གདོང་ཁེབས། འབོལ་གདན་སོགས་འདུས་པ་དང་། གངས་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་འཚོ་བ་སྐྱེལ་སྟངས་དང་མི་རིགས་ཀྱི་རིག་གནས་ལ་འབྲེལ་བ་དམ་ཟབ་ལྡན་ཡོད།

        འགྲེམ་སྟོན་བྱས་པའི་བོད་གྲུམ།
        ལོ་ངོ་སྟོང་ཕྲག་རིང་རིག་གནས་མཉམ་འདྲེས་བྱས་པ་བརྒྱུད་ས་གདན་ནི་མི་རྣམས་ཀྱི་རྒྱུན་གཏན་འཚོ་བའི་ཁྱིམ་ཆས་དང་མཁོ་ཆས་ཤིག་ཡིན་ལ། ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་ཀྱི་སྒྱུ་རྩལ་ཐོན་རྫས་ཤིག་ཀྱང་ཡིན། བོད་གྲུམ་དམངས་སྲོལ་འགྲེམ་ཁུལ་དུ་དེང་རབས་ཅན་གྱི་བོད་གྲུམ་བརྩམས་ཆོས་ལ་ཤིག་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། “བོད་གྲུམ་གྱི་བརྩམས་ཆོས་འདི་རྒྱལ་སྤྱིའི་ཐོག་ནས་འགྲེམ་སྟོན་བྱ་ཐུབ་ཚེ་འདི་ལ་མངའ་བའི་མཐོང་སྣང་སྒྱུ་རྩལ་གྱི་ཉམས་འགྱུར་ཐུན་མོང་མ་ཡིན་པ་དེར་དེང་རབས་སྒྱུ་རྩལ་མཁས་ཅན་ཚོས་བསྔགས་བརྗོད་ཚད་མེད་ཐོབ་ངེས་རེད།”  ཞུས་ཡིང་ལུང་གིས“བོད་གྲུམ་འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་བུད་མེད་དཀྱུས་མ་རྣམས་ཀྱིས་བཟོས་པ་ཡིན་ཡང་རྣམ་པ་དང་རྒྱན་རིས་ལ་དེང་རབས་ཀྱི་ཉམས་འགྱུར་ལྡན་ཡོད”ཅེས་བཤད།

        འགྲེམ་སྟོན་བྱས་པའི་བོད་གྲུམ།
        སྔོན་ཆད་བོད་གྲུམ་ནི་རྒྱལ་པོ་བློན་སྐུ་དྲག་རིགས་ཀྱི་རྒྱས་སྤྲོས་དངོས་རྫས་འབའ་ཞིག་ཡིན་ཡང་དུས་རབས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་བསྟུན་ནས། ད་ལྟ་བོད་གྲུམ་ནི་མི་སེར་དཀྱུས་མའི་ཁྱིམ་ནས་སྤྱོད་གོ་ཆོད་པའི་འཚོ་བའི་དངོས་རྫས་སུ་གྱུར། འགྲེམ་སྟོན་དངོས་རྫས་རྣམས་ནི་ཡུལ་དུས་ལས་བརྒལ་ནས་ལོ་ཟླའི་ཆུ་རྒྱུན་རིང་པོའི་ནང་འཕེལ་རྒྱས་དང་འཕོ་འགྱུར། སྲོལ་རྒྱུན་དང་དེང་རབས་བཅས་ཀྱི་སྣ་མང་རྩེར་སོན་པའི་སྒྱུ་རྩལ་རྒྱུན་འཛིན་བྱས་པ་ཧ་ཅང་གསལ།

        འགྲེམ་སྟོན་བྱས་པའི་བོད་གྲུམ།

        འགྲེམ་སྟོན་བྱས་པའི་བོད་གྲུམ།
        བོང་བུའི་གདོང་ཁེབས་ནི་བོད་ལྗོངས་ཀྱིས་སྲོལ་རྒྱུན་གྱི་དཔྱིད་རྨོད་དུས་ཚིགས་སུ་ཕྱུགས་ཟོག་ལ་བཟོས་པའི་མགོ་རྒྱན་ཞིག་རེད། “དཔྱིད་རྨོད་དུས་ཚིགས་སུ་དུད་ཚང་ཚང་མས་རང་ཁྱིམ་གྱི་ཕྱུགས་ཟོག་ལ་གཟབ་མཆོར་ལེགས་པར་སྤྲས་ནས་ལོ་རྗེས་མར་ཆར་ཆུ་དུས་སུ་འབབ་པའི་རྟེན་འབྲེལ་མཚོན།” ཞུས་ཡིང་ལུང་གིས། “སྒོ་ཕྱུགས་ལ་སེམས་ཞིབ་ཅིང་དབྱིབས་མི་འདྲ་བའི་བོད་གྲུམ་གྱི་རྒྱན་ཆ་བཟོ་བ་དེ་ལས་ཞིང་འབྲོག་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་དང་བབ་ཆགས་སེམས་བཟང་གི་གཤིས་རྒྱུད་བཟང་པོ་མངོན་པར་མཚོན་ཡོད”ཅེས་བཤད།

        འགྲེམ་སྟོན་བྱས་པའི་བོད་གྲུམ།
        དེ་སྔ་བོད་གྲུམ་ནི་སྐུ་དྲག་གྲལ་རིམ་གྱིས་ལོངས་སྤྱོད་པའི་རྒྱས་སྤྲོས་དངོས་རྫས་ཤིག་ནས་ད་ཆ་ཁྱིམ་གྱི་རྒྱན་ཆ་ལྟ་བུར་གྱུར་ཏེ་ཁྱིམ་ཚང་རེ་རེར་བསྐྱོད་སྐབས་བོད་གྲུམ་གྱིས་མི་སེར་དཀྱུས་མའི་ཁྱིམ་ཚང་གི་རྒྱུན་གཏན་གྱི་འཚོ་བར་མཛེས་རྒྱན་སྤྲས་འདུག་པ་གང་སར་མཐོང་རྒྱུ་ཡོད། བོད་གྲུམ་རིག་གནས་ནི་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། བོད་ལྗོངས་ཀྱི་ངལ་རྩོལ་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཅིག་ཡིན་ལ། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱས་པ་ཡག་ཤོས་ཤིག་ཀྱང་ཡིན་པའི་ཆ་ནས། དེས་མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་མཚོན་ཡོད་ལ། བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པའང་བདེན་དཔང་བྱས་ཡོད།

འགྲེམ་སྟོན་བྱས་པའི་བོད་གྲུམ།

འགྲེམ་སྟོན་བྱས་པའི་བོད་གྲུམ།

འགྲེམ་སྟོན་བྱས་པའི་བོད་གྲུམ།

འགྲེམ་སྟོན་བྱས་པའི་བོད་གྲུམ།

འགྲེམ་སྟོན་བྱས་པའི་བོད་གྲུམ།
རྩོམ་སྒྲིག་པ། སྣང་རྡོར།