དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ངག་ཐོག་ལོ་རྒྱུས་ཀྱི་དེབ་གསར་འདི་པེ་ཅིང་དུ་འགྲེམས་སྟོན་བྱས་འདུག

སྤེལ་དུས 2021-01-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། སྣང་མཛོད། བདེ་སྒྲོལ། ཚེ་རིང་མཚོ་མོ། ཨོའུ་ཧྥན།

          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ1ཚེས9ཉིན་གྱི་ཕྱི་དྲོར། བསྟན་འཛིན་ཆོས་འཕེལ་གྱིས་བརྩམས་གནང་མཛད་པའི《མཉམ་སྐྱོད་དང་སྐྱེས་སྟོབས། ནང་སའི་བོད་ལྗོངས་འཛིན་གྲྭའི་ལོ་ངོ35རིང་གི་མི་སྣ35ཡི་ངག་ཐོག་ལོ་རྒྱུས》ཞེས་པའི་དེབ་གསར་འགྲེམས་སྟོན་མཛད་སྒོ་དེ་པེ་ཅིང་བོད་ལྗོངས་ཐོག་ཁང་དུ་སྤེལ།
          ཐེངས་འདིའི་བརྩམས་ཆོས་འགྲེམས་སྟོན་ཚོགས་འདུར་གདན་ཞུས་སྐུ་མགྲོན་དང་། ནང་སའི་བོད་ལྗོངས་འཛིན་གྲྭའི་མཐར་ཕྱིན་སློབ་མ། ད་ལྟ་ནང་སའི་བོད་ལྗོངས་འཛིན་གྲྭར་སློབ་སྦྱོང་བྱེད་བཞིན་པའི་སློབ་མ། དེ་བཞིན་པེ་ཅིང་དུ་ལས་དོན་གཉེར་བཞིན་པའི་ལས་རིགས་ཁག་གི་འབྲེལ་ཡོད་མི་སྣ་བཅས་ཞུགས་འདུག
 
བསྟན་འཛིན་ཆོས་འཕེལ་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།
          རྒྱུས་ལོན་བྱུང་བ་ལྟར་ན། བརྩམས་ཆོས་འདི་གསར་རྩོམ་བྱེད་པའི་རྒྱབ་ལྗོངས་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100ལོན་པ་དང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70ལོན་པར་དགའ་བསུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་འོག1985ལོ་ནས་ནང་སའི་གཙོ་གནད་ཞིང་ཆེན་དང་གྲོང་ཁྱེར་ཁག་ཏུ་བོད་ལྗོངས་འཛིན་གྲྭ་སྒྲིག་འཛུགས་གནང་ནས2020ལོ་བར་ཏག་ཏག་ལོ་ངོ35འཁོར་བར་བཀའ་དྲིན་ཞུ་ཆེད་ཡིན། ལོ་ངོ35ཡི་རིང་ལ་རྒྱལ་ཡོངས་ཀྱི་ནང་སའི་ཞིང་ཆེན་དང་གྲོང་ཁྱེར21ཀྱི་སློབ་འབྲིང་སློབ་གྲྭ76གིས་བོད་ལྗོངས་ཀྱི་སློབ་མ་བསྡུ་ལེན་བྱས་པ་དང་རིམ་རྩིས་བྱས་ན་སློབ་གྲྭ་འདི་དག་གིས་བསྟན་འཛིན་ཆོས་འཕེལ་ལྟ་བུའི་བོད་ལྗོངས་ཀྱི་ཕུལ་བྱུང་མཐར་ཕྱིན་སློབ་མ་ཁྲི16ཙམ་གསོ་སྐྱོང་བྱས། སློབ་གྲྭ་འདི་ནས་ཐོན་པའི་སློབ་མ་སྟེ་དཔེར་ན་ཀྲུང་གོར་སེམས་འགུལ་ཐེབས་པའི་གེ་སར་བདེ་སྐྱིད་ལ་སོགས་པའི་ཕུལ་བྱུང་མི་སྣས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་བཞིན་ཡོད། 
 
འགྲེམས་སྟོན་མཛད་སྒོའི་སྟེང་མི་རྣམས་ཀྱིས་དངོས་བཤུས་གློག་བརྙན<<ལོ་དེར་ཁྱིམ་དང་བྲལ་བའི་ན་གཞོན>>ཞེས་པར་ལྟ་བཞིན་པ།
 
ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མས་བསྟན་འཛིན་ཆོས་འཕེལ་ལ་དྲི་བ་འདྲི་བཞིན་པ།
          བསྟན་འཛིན་ཆོས་འཕེལ་གྱིས་འགྲེམས་སྟོན་མཛད་སྒོའི་སྟེང་དུ་ངོ་སྤྲོད་བྱས་པ་ལྟར་ན། ནང་སའི་བོད་ལྗོངས་འཛིན་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ཞིག་ཡིན་པའི་ངོས་ནས། ཁོས་ངག་ཐོག་ལོ་རྒྱུས་ཆེད་ལས་ཞིབ་འཇུག་གི་ཐབས་ལམ་དང་བཅར་འདྲིའི་རྣམ་པ་བརྒྱུད་དེ། 1985ལོ་ནས2020ལོ་བར་ཏེ། ནང་སའི་བོད་ལྗོངས་འཛིན་གྲྭ་བཙུགས་ནས་ལོ་ངོ་35འགོར་བའི་རིང་དུ་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མ་དང་ལས་རིགས་ཁག  ད་ལྟ་སློབ་ཆེན་ལ་འགྲིམ་བཞིན་པའི་རྒྱ་རིགས་དང་བོད་རིགས། མོན་པ་རིགས་བཅས་ཀྱི་འཐུས་ཚབ་རང་བཞིན་ལྡན་པའི་སློབ་མ་35ཡི་སློབ་སྦྱོང་དང་འཚོ་བའི་མྱོང་བ། ལས་རིགས་ལ་འབད་བརྩོན་བྱེད་པའི་བརྒྱུད་རིམ་ཆ་ཚང་སྔོག་འདོན་དང་དེ་དག་ཞིབ་ཕྲའི་ངང་ལེགས་བསྒྲིགས་བྱས་ཏེ་དཔེ་དེབ་འདི་ཉིད་རྩོམ་སྒྲིག་གནང་བ་ཡིན་ཞིང་། ད་ཐེངས་ཀྱི་བརྩམས་ཆོས་འདི་ནི་ནང་སའི་བོད་ལྗོངས་འཛིན་གྲྭའི་ངག་ཐོག་ལོ་རྒྱུས་ཐོག་མར་གྱུར་ཡོད་ཅེས་བཤད།

《མཉམ་སྐྱོད་དང་སྐྱེས་སྟོབས། ནང་སའི་བོད་ལྗོངས་འཛིན་གྲྭའི་ལོ་ངོ35རིང་གི་མི་སྣ35ཡི་ངག་ཐོག་ལོ་རྒྱུས》གྱི་དཔེ་དེབ།

བསྟན་འཛིན་ཆོས་འཕེལ་གྱིས་ཀློག་པ་པོ་རྣམས་ཀྱིས་དཔེ་དེབ་ལ་མིང་རྟགས་འགོད་བཞིན་པ།
           རང་ཉིད་ཀྱིས་ཇུས་འགོད་དང་བཟོ་སྐྲུན་བྱས་པའི་ནང་སའི་བོད་ལྗོངས་འཛིན་གྲྭའི་ངག་ཐོག་ལོ་རྒྱུས་དངོས་བཤུས་གློག་བརྙན་ཐོག་མ་སྟེ། <<ལོ་དེར་ཁྱིམ་དང་བྲལ་བའི་ན་གཞོན>>ཞེས་པ་དེ་འདོན་སྤེལ་བྱས་ཤིང་། གློག་བརྙན་འདིའི་ཁྲོད་མི་རབས་འགའི་ནང་སའི་བོད་ལྗོངས་འཛིན་གྲྭའི་སློམ་མ་རྣམས་གྱིས་ཏང་དང་རྒྱལ་ཁབ་གྱི་སློབ་གསོའི་སྲིད་ཇུས་དང་། ནང་སའི་རྒྱ་རིགས་དགེ་རྒན་རྣམས་པའི་བྱམས་བརྩེའི་ལྟ་སྐྱོང་འོག  ནང་སའི་བོད་ལྗོངས་སློབ་མ་རྣམས་ཀྱི་དཀའ་སྤྱད་སྙིང་རུས་དང་ཧུར་བརྩོན་ཡར་སྐྱེད་ཀྱི་སློབ་སྦྱོང་གི་འཚོ་བ་དང་ལང་ཚོའི་ཕུགས་འདུན་མཚོན་པར་བྱས་ཡོད། དེའི་དམིགས་ཡུལ་ཡང་དུས་རབས་གསར་པ་དང་བོད་ལྗོངས་གཞོན་ནུ་གསར་པའི་བསམ་པའི་ཉམས་འགྱུར་མངོན་རྒྱུ་དེ་རེད།
https://v.qq.com/x/page/o3213bg4q16.html
<<ལོ་དེར་ཁྱིམ་དང་བྲལ་བའི་ན་གཞོན>> ཞེས་པའི་དངོས་བཤུས་གློག་བརྙན།
རྩོམ་སྒྲིག་པ། བདེ་སྒྲོལ།