ཏོག་ནད་ཁུངས་འདེད་རྒྱལ་སྤྱིའི་ཆེད་མཁས་ཀྲུང་གོར་ཕེབས་རྒྱུ་རེད།
སྤེལ་དུས 2021-01-13
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཞུང་ཕྱོགས་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཏོག་གསར་ནད་དུག་ཁུངས་འདེད་རྒྱལ་སྤྱིའི་ཆེད་མཁས་ཚོ་ཆུང་ཟླ་དང་པོའི་ཚེས14ཉིན་ཀྲུང་གོར་ཕེབས་རྒྱུ་རེད། ནང་དོན་ཆ་ཚང་གཤམ་གསལ་ལྟར།
ཕྱོགས་གཉིས་ཀས་གྲོས་མོལ་བྱས་པ་བརྒྱུད། ཟླ་དང་པོའི་ཚེས14ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཏོག་གསར་ནད་དུག་ཁུངས་འདེད་རྒྱལ་སྤྱིའི་ཆེད་མཁས་ཚོ་ཆུང་ཀྲུང་གོར་རྟོག་ཞིབ་བྱེད་པར་ཕེབས་ནས། ཀྲུང་གོའི་ཚན་རིག་ཆེད་མཁས་དང་ལྷན་དུ་ནད་དུག་གསར་པ་ཁུངས་འདེད་ཐད་ནས་མཉམ་འབྲེལ་ཚན་ཞིབ་མཉམ་ལས་བྱ་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།