ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལོ་འདིའི་ནང་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྔར་བཞིན་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།

སྤེལ་དུས 2021-01-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 2020ལོར་སླེབས་སྐབས། གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་པོའི་བདེ་ཐང་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་རིམ་པ་དང་པོའི་ཚད་གཞི་ལྟར། རིམས་ནད་ཕྱི་ཕྱོགས་ནས་ནང་ལ་ཐོན་པར་འགོག་པ་དང་། ནང་ནས་ཁྱབ་འགྱེད་འགྲོ་བར་འགོག་པའི་བྱེད་ཐབས་ཁག་གནད་ལ་ཁེལ་བའི་ངང་སྤེལ་ནས། འགོས་ནད་ས་གནས་ཕན་ཚུན་ལ་འགོ་བ་དང་ས་གནས་རང་ནས་ཁྱབ་འབྱེད་མི་འགྲོ་བའི་མ་མཐའི་ཚད་གཞི་བརྟན་སྲུང་ཐུབ་པར་བྱས།
བསྐྱར་དུ་ལས་འགོ་ཚུགས་ནས་ཐོན་སྐྱེད་བྱེད་པའི་ལས་གྲྭའི་ཡུལ་དངོས།
          ཆེས་སྤྱིར་བཏང་མ་ཡིན་པའི་ལོ་འདིའི་ནང་ལྷ་ས་གྲོང་ཁྱེར་གྱིས“འགན་ལེན་དྲུག”གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཚད་གཞི་ལོན་པར་བྱས་ཤིང་།“ལོ་ལྔ་ཚན་བཅུ་གསུམ་པ”བདེ་བླག་ངང་མཇུག་བསྒྲིལ་བར་བྱས་པ་རེད།
          དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་བྱེད་པ།   
          དམིགས་བསལ་གྱི་བྱེད་ཐབས་ཐོག་ནས་དམིགས་བསལ་གྱི་སྣང་ཚུལ་ལ་ཁ་གཏད་བཅག་པ་སྟེ། ལྷ་ས་གྲོང་ཁྱེར་གྱིས་ཁེ་ལས་ལ་རོགས་རམ་དང་དཀའ་ངལ་སེལ་རོགས་བྱེད་པ་དང་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པའི་གཞི་ཁྱོན་ལྡན་པའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལས་རིགས་ཁག་བསྐྱར་དུ་ལས་འགོ་ཚུགས་པ་དང་བསྐྱར་དུ་ཐོན་ལས་སྤེལ་ཐུབ་པར་བྱས་ཤིང་། ཚོང་གཉེར་དང་གྲོང་ཁྱེར་གྱི་རྣམ་པ་བསྐྱར་གསོ་ཐུབ་པར་བྱས་པ་རེད། 
          རིམས་ནད་འགོག་པའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར13.08དོན་འཁྱོལ་བྱས་པ་དང་། ས་གནས་སྲིད་གཞུང་གི་བུན་འཛིན་སྒོར་དུང་ཕྱུར23.4བརྩོན་ལེན་བྱས་པ། བོགས་དངུལ་སྣ་ཚོགས་སྒོར་དུང་ཕྱུར1.8ལྷག་ཙམ་ཆག་ཡང་དང་རྩ་ཆག་བཏང་བ་རེད། 
སྔོན་དཔག་བྱས་ན་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས2%འཕར་བ་དང་། སྒྲིག་སྲོལ་ཁྲོད་ཀྱི་བཟོ་ལས་ཀྱི་རིན་ཐང་འཕར་མ10%འཕར་ཡོད་པ་རེད། 
          ལས་ཞུགས་ཁྱོན་ཡོངས་ནས་བརྟན་པོ་བྱུང་བ།
          ས་གནས་རང་གི་དངོས་སྤྱོད་ལག་རྩལ་མི་སྣ་གསོ་སྐྱོང་འཆར་གཞི་ལག་ལེན་བསྟར་ནས་དམིགས་བསལ་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་སྟེ། ཞིང་པ་དང་འབྲོག་པ་ཁྲི1.55གསོ་སྦྱོང་བྱས་པ་དང་། མི་ཁྲི8.2ལས་ཞུགས་གཞན་སྒྱུར་བྱས་པ། འབབ་འཕར་སྒོར་དུང་ཕྱུར8.44བྱུང་ཡོད། 
          ལོ་འདིའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཀར་ཞུགས་ཚད99.7%ཟིན་ཡོད། 
 
2020ལོའི་བོད་ལྗོངས་ལྷ་སའི་འཇོན་མི་བསྡུ་བའི་ཚོགས་འདུའི་ཡུལ་དངོས།
          མཁོ་སྤྲོད་འགན་ལེན་དང་གྲོང་ཁྱེར་བརྟན་ལྷིང་འགན་ལེན་སྒོས་གྲོང་མིའི་འཚོ་བར་ཁག་ཐེག་བྱེད་པ། 
          “ཚོད་མའི་སློ་མ”ཞེས་པའི་བཟའ་བཅའ་མཁོ་འདོན་ཁག་ཐེག་བྱེད་པའི་ལག་གཞི་ལག་བསྟར་དང་གྲོང་ཁྱེར་གྱི་འགོ་གཙོས“འབྲུ་རིགས་བདེ་འཇགས”འགན་འཁུར་བའི་ལམ་ལུགས་དོན་འཁྱོལ་བྱས་ཤིང་། ཤ་སྒོང་འོ་གསུམ་དང་། འབྲུ་རིགས། སྣུམ། སྔོ་ཚལ་སོགས་ཞིང་ལས་ཐོན་རྫས་གལ་ཆེན་དང་རིམས་འགོག་དངོས་རྫས་བཅས་ཀྱི་རིན་གོང་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། དུས་ཐོག་ཏུ་གཏོང་འདྲེན་ཁ་གསབ་བྱས་ཏེ་ཚོང་རའི་མཁོ་སྤྲོད་འདང་ངེས་ཡོང་བར་བྱས་པ་རེད། 
          ལོ་ཧྲིལ་པོའི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི40ཟིན་པ་དང་། སྔོ་ཚལ་ཐོན་ཚད་ཏུན་ཁྲི27.5ཟིན་ལ། ཤ་སོས་པའི་ཐོན་འབོར་ཏུན་ཁྲི4.6ཟིན་ཡོད་པ་རེད། 
          གྲོང་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་སྟོན་གྲངས2.1%བར་ཚོད་འཛིན་བྱས་ཡོད། 
          ཁྲལ་འཕྲི་དངུལ་གཅོག་དང་ཁེ་ཕན་དམངས་ཕན་སོགས་ཀྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱས་པ་དང་། ཁྲལ་འཕྲི་དངུལ་གཅོག་སྒོར་དུང་ཕྱུར18.9ལྷག་གསར་དུ་འཕར་སྣོན་བྱུང་ཞིང་། ཚོང་རའི་གྲུབ་ཆ་གཙོ་བོ་དུད་ཁྱིམ་ཁྲི1.8འཕར་སྣོན་བྱུང་ཡོད། 
          གྲོང་མིའི་འཛད་སྤྱོད་དགོས་མཁོ་ཆེ་རུ་གཏང་བ།
          ཝན་ཏ་དང་ཧུང་ཤིང་མེ་ཁའེ་ལུང་སོགས་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་ཆེ་གྲས་མང་པོ་ཞིག་གཉེར་སྐྱོང་བྱེད་འགོ་ཚུགས་ནས།“མཚན་མོའི་དཔལ་འབྱོར”ཧུར་ཐག་སྒོས་འཕེལ་རྒྱས་གཏོང་བ་དང་། འགྲེམས་ཚོང་ས་གནས་ཚད་ལྡན་བཟོ་བ། འཛད་སྤྱོད་འཛིན་ཤོག་སྒོར་ཁྲི3000བཀྲམས་པ། བཅད་གྲངས་ཡན་གྱི་ཚོང་དོན་ཁེ་ལས12གསར་དུ་གཏོད་པ་རེད། 
          མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། 
          དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་ངང་ཇེ་མཐོར་གཏང་བ་དང་། “ཕྱིར་མིག་ལྟ་བ”ཞེས་པའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས་རྗེས་མཐུད་ཀྱི་རོགས་སྐྱོར་མུ་མཐུད་ལེགས་པོ་བསྒྲུབས་པ་རེད། 
          གྲོང་གསེབ་དར་རྒྱས་ཡོང་བར་རིམ་པས་སྐུལ་འདེད་བཏང་ནས།“མཛེས་སྡུག་ལྡན་པའི་གྲོང་གསེབ•བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”བསྐྲུན་པའི་ཚོད་ལྟའི་ལས་དོན་ཁག་དང་པོ་ལེགས་འགྲུབ་བྱུང་ཡོད། 
          རིམ་པ་ཁག་གི་སློབ་གྲྭ10གསར་སྐྲུན་བྱས་པ་དང་། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གནས8240མང་དུ་བཏང་ཡོད། 
          གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ཀྱི་ནོར་སྲིད་ཁ་གསབ་ཚད་གཞི་སྒོར122བར་མཐོ་རུ་བཏང་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།