ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལོ་གསར་ལ་ཕ་ཡུལ་དུ་ལོག་མཁན་ཚོས་སྲིད་ཇུས་འདིར་ངེས་པར་གཟིགས་རོགས།

སྤེལ་དུས 2021-01-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བདེ་སྒྲོལ་གྱིས་བསྒྱར།

           དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བས། ཁྱེད་རང་ཕ་ཡུལ་དུ་ལོག་འཆར་ཡོད་དམ། ཟླ་དང་པོའི་ཚེས28ཉིན་ནས2021ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་འགོ་ཚུགས་རྒྱུ་རེད། མིག་སྔར། “ཕྱི་ཡུལ་ནས་ཕ་ཡུལ་དུ་ལོག་ན་ཉིང་སྐྱུར་བཤེར་འཇལ་བྱེད་དགོས་སམ།” “ཉེན་ཁ་ཆེ་འབྲིང་གི་ས་ཁུལ་ནས་ལོག་ཡོང་མཁན་དག་གཅིག་སྡུད་ངང་ལོགས་སུ་བཀར་དགོས་སམ”ཞེས་པའི་དྲི་བ་འདི་དག་ནི་ཚང་མས་དོ་ཁུར་བྱེད་སའི་གནད་དོན་དུ་གྱུར་ཡོད། རིམས་ནད་འོག་གི་དཔྱིད་གསར་སྐྱེལ་འདྲེན་རིང་ཇི་ལྟར་བདེ་འཇགས་དང་བདེ་བླག་ངང་ཕྱིར་སྐྱོད་བྱ་རྒྱུ་དེ་ནི་དཔྱིད་གསར་སྐྱེལ་འདྲེན་ཁྲོད་ཀྱི་མི་ཚང་མ་དང་འབྲེལ་བ་དམ་ཟབ་ཡོད།
           མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར31གིས་ཕ་ཡུལ་དུ་ལོག་པའི་ལོགས་བཀར་སྲིད་ཇུས་བཏོན་འདུག ས་གནས་ཁག་གི་སྲིད་ཇུས་ལ་མི་འདྲ་ས་ཡོད་མོད། འོན་ཀྱང་ཉེན་ཁ་ཆེ་བའི་ས་ཁུལ་ནས་ཡོང་བའི་ཕ་ཡུལ་དུ་ལོག་མཁན་རྣམས་ལོགས་སུ་བཀར་དགོས་པ་དང་ཆབས་ཅིག་ཉིང་སྐྱུར་བཤེར་འཇལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
           བོད་ལྗོངས་ལྷ་ས།
           ཉེན་ཁ་ཆེ་འབྲིང་གི་ས་ཁུལ།
           ཉེན་ཁ་ཆེ་འབྲིང་གི་ས་ཁུལ་ནས་ལྷ་སར་ཡོང་མཁན་གྱི་མི་སྣར་བདེ་ཐང་ཨང་རྟགས་ལྗང་ཁུ་ཡོད་དགོས་པ་དང་ཉིན3ནང་ཚུན་གྱི་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཡིན་པའི་སྙན་ཞུ་དགོས་པར་མ་ཟད། ཁག་བགོས་ཀྱིས་ཐོ་འགོད་བྱས་ནས་འགྲོ་འདུག་ཐོ་གཏུག་བྱེད་དགོས། གལ་ཏེ་ཉེན་ཁ་ཡོད་པའི་ས་ཁུལ་ལ་འགྲོ་མྱོང་ཡོད་ཚེ་ལོགས་བཀར་བྱེད་དགོས།
           གལ་སྲིད་ཉེན་ཁ་ཡོད་པའི་ས་ཁུལ་དུ་འགྲོ་མྱོང་མེད་ཚེ་ཁས་ལེན་ཡི་གེར་མིང་རྟགས་བཀོད་རྗེས་རང་དབང་ངང་འགྲོ་འདུག་བྱེད་ཆོག
           ཉེན་ཁ་ཆུང་བའི་ས་ཁུལ།
           ཉེན་ཁ་ཆུང་བའི་ས་ཁུལ་ནས་ཡོང་བའི་མི་སྣར་བདེ་ཐང་ཨང་རྟགས་ལྗང་ཁུ་དང་ཉིན3ནང་ཚུན་གྱི་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཡིན་པའི་སྙན་ཞུ་ཡོད་དགོས་པ་དང་། ལུས་པོའི་དྲོད་ཚད་རྒྱུན་ལྡན་ཡིན་པ་དང་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རང་དབང་ངང་འགྲོ་འདུག་བྱེད་ཆོག
           སི་ཁྲོན་ཁྲེན་ཏུའུ།
           ཉེན་ཁ་ཆེ་འབྲིང་གི་ས་ཁུལ།
           ཉེན་ཁ་ཆེ་འབྲིང་གི་ས་ཁུལ་ནས་ཁྲེན་ཏུའུ་རུ་ཡོང་མཁན་གྱི་མི་སྣར་ཉིན14རིང་གཅིག་བསྡུས་ཀྱི་ལོགས་བཀར་བྱེད་དགོས་པར་མ་ཟད། ཉིང་སྐྱུར་བཤེར་འཇལ་ཐེངས་གཉིས་བྱེད་དགོས།
           ཉེན་ཁ་ཆུང་བའི་ས་ཁུལ།
           པེ་ཅིང་གི་ཁྲོའི་ཡང(朝阳)དང་ཧྲུན་དབྱི(顺义)ཆུས་སོགས་རིམས་ནད་བྱུང་མྱོང་སའི་ཉེན་ཁ་ཆུང་བའི་ས་ཁུལ་ནས་ཡོང་བའི་མི་སྣས་ཉིན7ནང་བཤེར་འཇལ་བྱས་པའི་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཡིན་པའི་སྙན་ཞུ་མཁོ་འདོན་བྱེད་དགོས་པ་དང་། ཉེན་ཁ་ཆུང་བའི་ས་ཁུལ་གཞན་ནས་ཡོང་མཁན་ཚོས་བདེ་ཐང་ཨང་རྟགས་ལྗང་ཁུ་ཡོད་པའི་ཁར་རང་འདུག་སའི་སྡེ་ཁུལ་ལ་སྙན་སེང་ཞུ་དགོས།
           ཀན་སུའུ་ལན་ཀྲོའུ།
           ཉེན་ཁ་ཆེ་འབྲིང་གི་ས་ཁུལ།
           ཉེན་ཁ་ཆེ་བའི་ས་ཁུལ་ནས་ཡོང་མཁན་ལ་ཉིན14རིང་གཅིག་བསྡུད་ཀྱི་ལོགས་བཀར་བྱེད་དགོས་པ་དང་། ལོགས་བཀར་བྱེད་རིང་ཉུང་མཐའ་ཡང་ཉིང་སྐྱུར་བཤེར་འཇལ་ཚད་ལེན་ཐེངས2བྱེད་དགོས། ཉེན་ཁ་འབྲིང་བའི་ས་ཁུལ་གྱི་མི་སྣས་ཉིན3ནང་གི་ཉིང་སྐྱུར་བཤེར་འཇལ་ཚད་ལེན་སྲིབ་གཤིས་ཡིན་པའི་ཡིག་ཆ་དང་བདེ་ཐང་ཨང་རྟགས་ལྗང་ཁུ་ཡོད་དགོས། དུས་མཚུངས་སུ་ཁྱིམ་སྡོད་ལོགས་བཀར་ཉིན14རིང་བྱེད་དགོས།
           ཉེན་ཁ་ཆུང་བའི་ས་ཁུལ།
           ཉེན་ཁ་ཆུང་བའི་ས་ཁུལ་ནས་ཀན་སུའུ་རུ་ཡོང་མཁན་གྱི་མི་སྣས་ཀན་སུའུ་ཡི་བདེ་ཐང་ཨང་རྟགས་ལྗང་ཁུ་ཡོད་པས་ཆོག
           མཚོ་སྔོན་ཟི་ལིང་།
           ཉེན་ཁ་ཆེ་འབྲིང་གི་ས་ཁུལ།
           ཉེན་ཁ་ཆེ་འབྲིང་ས་ཁུལ་ནས་ཟི་ལིང་དུ་ཡོང་བའམ་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་བརྒྱུད་ནས་ཟི་ལིང་ལ་ཡོང་མཁན་གྱི་མི་སྣས་བདེ་ཐང་ཨང་རྟགས་ལྗང་ཁུ་མཁོ་འདོན་བྱེད་དགོས་པ་དང་། ཉིན7ནང་ཚུན་གྱི་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཀྱི་ཡིག་ཆ་མཁོ་འདོན་བྱེད་དགོས།  ཟི་ལིང་དུ་འབྱོར་རྗེས་རང་འགུལ་ངང་སྡེ་ཁུལ་ལམ་ཡང་ན་མགྲོན་ཁང་ལ་སྙན་སེང་ཞུ་དགོས་པར་མ་ཟད་ཉིན14རིང་ལོགས་བཀར་བྱེད་པར་གཞོགས་འདེགས་བྱེད་དགོས།
           ཉེན་ཁ་ཆུང་བའི་ས་ཁུལ།
           ཉེན་ཁ་ཆུང་བའི་ས་ཁུལ་དང་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་བརྒྱུད་མེད་པའི་མི་སྣར་བདེ་ཐང་ཨང་རྟགས་ལྗང་ཁུ་ཡོད་པས་ཆོག
           ཡུན་ནན་ཁུན་མིང་།
           ཉེན་ཁ་ཆེ་འབྲིང་གི་ས་ཁུལ།
           ཉེན་ཁ་འབྲིང་བའི་ས་ཁུལ་ནས་ཁུན་མིང་ལ་ཡོང་མཁན་དང་ལོག་མཁན་གྱིས་བདེ་ཐང་ཨང་རྟགས་ལྗང་ཁུ་དང་བདེ་ཐང་དཔང་ཡིག་ཡོད་ཚེ་ཁུན་མིང་དུ་ཡོང་ཆོག བདེ་ཐང་ཨང་རྟགས་ལྗང་ཁུ་དང་བདེ་ཐང་དཔང་ཡིག་མེད་མཁན་གྱིས་ཉིང་སྐྱུར་བཤེར་འཇལ་ཐེངས་གཅིག་བྱས་ནས་སྲིབ་གཤིས་ཡིན་ཚེ་ད་གཟོད་འགྲོ་འདུག་བྱས་ཆོག  ཉེན་ཁ་ཆེ་བའི་ས་ཁུལ་ནས་ཡོང་བའི་མི་སྣས་ཉིན14རིང་གཅིག་བསྡུས་ཀྱི་ལོགས་བཀར་བྱས་ནས་ལྟ་ཞིབ་བྱེད་དགོས་པ་དང་། ཉིང་སྐྱུར་བཤེར་འཇལ་ཐེངས་གཉིས་བྱས་པ་ཚང་མ་སྲིབ་གཤིས་ཡིན་ཚེ་ད་གཟོད་འགྲོ་འདུག་བྱས་ཆོག
           ཉེན་ཁ་ཆུང་བའི་ས་ཁུལ།
           ཉེན་ཁ་ཆུང་བའི་ས་ཁུལ་ནས་ཡོང་མཁན་ཚོར་བདེ་ཐང་ཨང་རྟགས་ལྗང་ཁུ་ཡོད་པས་ཆོག
           པེ་ཅིང་།
           ཉེན་ཁ་ཆེ་འབྲིང་གི་ས་ཁུལ།
           ཉེན་ཁ་ཆེ་འབྲིང་གི་ས་ཁུལ་ནས་པེ་ཅིང་དུ་བསྐྱོད་ཚེ། ཉིན14རིང་གཅིག་བསྡུས་ཀྱི་ལོགས་སུ་བཀར་དགོས་པར་མ་ཟད། ཉིང་སྐྱུར་བཤེར་འཇལ་བྱེད་དགོས།
           ཉེན་ཁ་ཆུང་བའི་ས་ཁུལ།
           ཉེན་ཁ་ཆུང་བའི་ས་ཁུལ་གྱི་མི་སྣས་ཅིང་ཞིན་ཞང་ཀྲུའུ(京心相助)ཞེས་པའིAPPསྟེང་ནས་མི་སྒེར་གྱི་ཆ་འཕྲིན་ཐོ་འགོད་བྱེད་དགོས་པ་དང་། རང་གནས་སའི་སྡེ་ཁུལ་དང་ལས་ཁུངས་ལ་སྔོན་ནས་འབྲེལ་གཏུག་བྱེད་དགོས།
           ཧྲང་ཧེ།
           ཉེན་ཁ་ཆེ་འབྲིང་གི་ས་ཁུལ།
           རྒྱལ་ནང་གི་རིམས་ནད་བྱུང་ཚུལ་གྱི་ཉེན་ཁ་ཆེ་བའི་ས་ཁུལ་ནས་ཡོང་བའམ་ཡང་ན་ལམ་བར་བརྒྱུད་ནས་ཧྲང་ཧེར་ཕྱིར་ལོག་མཁན་གྱི་མིར་ཉིན14རིང་གཅིག་བསྡུས་ཀྱི་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་དགོས་པ་དང་།  ཉིང་སྐྱུར་བཤེར་འཇལ་ཚད་ལེན་ཐེངས་གཉིས་བྱེད་དགོས། ཉེན་ཁ་འབྲིང་བའི་ས་ཁུལ་ནས་ཧྲང་ཧེར་ཕྱིར་ལོག་པའི་མི་སྣར་ཉིན14རིང་གཟབ་ནན་གྱིས་སྡེ་ཁུལ་ལ་བདེ་ཐང་གི་དོ་དམ་བྱེད་དགོས་ཤིང་། ཏོག་གསར་ནད་དུག་གི་ཉིང་སྐྱུར་བཤེར་འཇལ་ཐེངས་གཉིས་བྱེད་དགོས་པ་དང་ཆབས་ཅིག་རང་གནས་སའི་སྡེ་ཁུལ་ལ་སྙན་སེང་ཞུ་དགོས།
           ཉེན་ཁ་ཆུང་བའི་ས་ཁུལ།
           ཉེན་ཁ་ཆུང་བའི་ས་ཁུལ་ནས་ཡོང་བའི་མི་སྣ་ཧྲང་ཧེར་ལོག་ན་བདེ་ཐང་ཨང་རྟགས་ལྗང་ཁུ་ཡོད་པས་ཆོག
           ཀོང་ཏུང་ཀོང་ཀྲུའུ།
           ཉེན་ཁ་ཆེ་འབྲིང་གི་ས་ཁུལ།
           ཉེན་ཁ་ཆེ་བའི་ས་ཁུལ་ནས་ཡོང་མཁན་ལ་ཉིན14རིང་གཅིག་བསྡུད་ཀྱི་ལོགས་སུ་བཀར་དགོས་པ་དང་། ལོགས་བཀར་བྱེད་པའི་ཉིན1དང་ཉིན14རིང་ཉིང་སྐྱུར་བཤེར་འཇལ་ཚད་ལེན་བྱེད་དགོས། ཉེན་ཁ་འབྲིང་བའི་ས་ཁུལ་གྱི་རིགས་གནས་ཚུལ་དངོས་ལ་གཞིགས་ནས་ཁྱིམ་སྡོད་ལོགས་བཀར་བྱེད་དགོས་པ་དང་། ཕྱིར་ལོག་པའི་ཉིན་དེར་ཉིང་སྐྱུར་བཤེར་འཇལ་ཚད་ལེན་བྱེད་དགོས།
           ཉེན་ཁ་ཆུང་བའི་ས་ཁུལ།
           ཉེན་ཁ་ཆུང་བའི་ས་ཁུལ་ནས་ཡོང་མཁན་གྱིས་ཀོང་ཏུང་གི་བདེ་ཐང་ཨང་རྟགས(粤康码)སམ་སུའེ་བེད་ཐང་ཨང་རྟགས་ལྗང་ཁུ(穗康码绿码)ཡོད་དགོས་པའི་ཁར་རང་འགུལ་ངང་ལས་ཁུངས་སམ་སྡེ་ཁུལ་ལ་སྙན་སེང་ཞུ་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།