ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མེ་འཁོར་སྤ་སེ་སྔོན་འཚོང་དང་ཕྱིར་སློག་གི་དུས་ཚོད་སྙོམ་སྒྲིག་བྱས།

སྤེལ་དུས 2021-01-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ས་གནས་སོ་སོའི་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དུ་གཏོང་བའི་བྱེད་ཐབས་ལག་བསྟར་དོན་འཁྱོལ་ཡོང་བར་རམ་འདེགས་དང་། སྤ་སེ་མངག་ཉོ་དང་ཕྱིར་སློག་བྱ་བ་བསྐྱར་ཟློས་བྱུང་ནས་འགྲུལ་པར་དཀའ་ལས་མི་བཟོ་ཆེད།  2021ལོའི་ཟླ2པའི་ཚེས12ཉིན(ལོ་གསར་ཚེས་གཅིག)གྱི་སྤ་སེ་བཙོང་འགོ་ཚུགས་པ་ནས་བཟུང་། མེ་འཁོར་གྱི་སྤ་སེ་སྔོན་འཚོང་བྱ་ཡུན་གྱི་དུས་དེ་ཉིན15ལ་སྙོམ་སྒྲིག་བྱས་པ་སྟེ།  ཟླ་དང་པོའི་ཚེས29ཉིན་ནས་བཟུང2021ལོའི་ཟླ2པའི་ཚེས12ཉིན(ལོ་གསར་ཚེས་གཅིག)གྱི་སྤ་སེ་བཙོང་འགོ་ཚུགས་རྒྱུ་རེད། ཟླ་དང་པོའི་ཚེས14ཉིན་ནས་ཟླ་དང་པོའི་ཚེས28ཉིན་བར། ཟླ2པའི་ཚེས11ཉིན(གནམ་གང)དང་དེའི་སྔོན་གྱི་སྤ་སེ་ཁོ་ན་བཙོང་རྒྱུ་རེད།
          ཟླ་དང་པོའི་ཚེས29ཉིན་ནས་བཟུང་། འགྲུལ་པས་དུས་མཉམ་གཅིག་པོའི་སྔོན་འཚོང་དུས་ཡུན་གྱི་ནང་དྲ་ཚིགས12306དང་།  ལག་ཁྱེར་ཁ་པར་གྱིAPPལྕགས་ལམ12306  ཁ་པར་བཏང་ནས་སྤ་སེ་མངག་ཉོ་དང་། རང་འགུལ་གྱིས་སྤ་སེ་བཙོང་བའི་འཕྲུལ་ཆས། མེ་འཁོར་ས་ཚིགས་ཀྱི་སྤ་སེ་མངག་ཉོའི་སྒེའུ་ཁུང་དང་ཚབ་འཚོང་ས་གནས་ཀྱི་རྣམ་པ་བརྒྱུད་ནས་སྤ་སེ་མངག་ཉོ་བྱེད་ཆོག་པ་དང་། སྤ་སེ་བཙོང་འགོ་ཚུགས་པའི་ཞིབ་ཆའི་དུས་ཚོད་ནི་དྲ་ཚིགས12306(བཀོལ་སྤྱོད་མཁན་གྱི་སྣེ་མོ) བརྒྱུད་ནས་འདྲི་རྩད་བྱས་ཆོག 
          ཟླ་དང་པོའི་ཚེས14ཉིན་ནས་བཟུང་། འགྲུལ་པས་ལམ་ཐིག་ལ་བཅོས་བསྒྱུར་བྱས་ཏེ་སྤ་སེ་ཕྱིར་སློག་དགོས་རིགས།  སྤ་སེ་ཕྱིར་བསློགས་ཀྱི་གྲོན་དངུལ་བསྡུ་ལེན་མི་བྱེད་པའི་དུས་ཚོད་ཀྱི་དུས་བཀག་ནི་སྔར་གཏན་ཁེལ་བྱས་པའི་མེ་འཁོར་མ་བཏང་སྔོན་གྱི་ཉིན་བཅོ་ལྔའི་ཡན་གྱི་བསྡུར་མཚུངས་དེ་མེ་འཁོར་མ་བཏང་སྔོན་གྱི་ཉིན་བརྒྱད(ཉིན་མོ་དེ་འདུས)ཡན་དུ་སྙོམ་སྒྲིག་བྱས་ཤིང་། ཉིན་བདུན་དང་ཉིན་བདུན་ནང་ཁུལ་དུ་སྤ་སེ་ཕྱིར་སློག་བྱས་རིགས། སྔར་བཞིན་ཆུ་ཚོད48ཡན་དང་། ཆུ་ཚོད48ནས་ཆུ་ཚོད24བར་དང་། ཆུ་ཚོད24ནང་གི་རིམ་པའི་སྤ་སེ་ཕྱིར་སློག་བྱེད་པའི་གྲོན་དངུལ་གྱི་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ།  འགྲོ་སྐྱོད་དམིགས་སའི་གནས་ཀྱི་དུས་ཚོད་བསྒྱུར་བ་དང་ས་གནས་བརྗེ་བའི་ལས་རིགས་སྒྲུབ་དུས། སྔར་བཞིན་དུས་སྒྱུར་གྱི་གྲོན་དངུལ་མི་ལེན་པ་དང་། གནས་ཚུལ་གཞན་པའི་རིགས་སྔར་བཞིན་སྔར་ཡོད་ཀྱི་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ་ཡིན།
          གལ་ཏེ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལ་འཕྲད་ནས་འགྲུལ་པའི་འགྲོ་སྐྱོད་ལ་ཤུགས་རྐྱེན་ཐེབས་ཏེ་སྤ་སེ་ཕྱིར་སློག་བྱ་དགོས་རིགས། ལྕགས་ལམ་སྡེ་ཁག་གིས་དུས་ལྟར་དེར་བསྟུན་གྱི་སྤ་སེ་ཕྱིར་སློག་བྱེད་ཐབས་སྤྱི་བསྒྲགས་སྤེལ་རྒྱུ་ཡིན། 

རྩོམ་སྒྲིག་པ། བདེ་སྒྲོལ།