ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་དུ་འགོ་ཚུགས་པ།

སྤེལ་དུས 2021-03-05 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        ​ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཚོགས་འདུར་ཞུགས་ཏེ་རྟེན་འབྲེལ་ཞུས་པ། ཝང་དབྱང་གིས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ་དང་། ཀྲང་ཆིང་ལིས་གཙོ་སྐྱོང་གནང་བ། ཀུའུ་ཧྲེང་ཙུའུ་ཡིས་གྲོས་གཞིའི་ལས་དོན་གནས་ཚུལ་སྙན་སྒྲོན་གནང་བ།

        ཟླ་3ཚེས་4ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། འདི་ནི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པ་དང་ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་བ།

          ཟླ་3ཚེས་4ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་བ།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་4ཉིན་གློག་འཕྲིན་འབྱོར་གསལ། བློ་སེམས་གཅིག་ཏུ་བསྒྲིལ་ནས་བསྐྱར་དར་བྱ་གཞག་ཐུན་མོང་ཐོག་ཏུ་སྒྲུབ། བབ་བསྟུན་འཕྲལ་སྒྲུབ་བྱས་ནས་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་རྩོམ། ཚེས་4ཉིན་གྱི་ཕྱི་དྲོ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2100ལྷག་ཙམ་གྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་གཏན་འབེབས་དང་ལག་བསྟར་བྱ་རྒྱུར་དམིགས་ཏེ། ལས་སྒྲུབ་འགན་ཁུར་ཏན་ཏིག་བྱེད་པ་དང་། ཐབས་འདོན་སྲིད་སྐྱོང་ཧུར་ཐག་བྱེད་པ། ཐུན་མོང་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྡུད་བྱེད་པ་བཅས་ཀྱི་ཐོག་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱལ་ཁ་གསར་པ་ལེན་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་རེད།
          རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། དབན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝེ། མ་པེའོ། ཁྲེན་ཞའོ་ཀོང་། ལེའང་ཀྲེན་དབྱིང་། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལི་པིན། པ་ཐེར། དབང་ཡུང་ཆིང་། ཧོ་ལི་ཧྥུང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
          ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་དང་ཁོང་རྣམ་པས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་རེད།
          རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་ཨུ་ཡོན་2159ཕེབས་དགོས་པ་དང་དངོས་སུ་2106ཕེབས་ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
          ཕྱི་དྲོའི་ཆུ་ཚོད་3པར་ཀྲང་ཆིང་ལིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་སྐབས་ཚང་མས་ཡར་བཞེངས་ནས་རྒྱལ་གླུ་བཏང་གནང་བ་རེད།
          ཚོགས་ཆེན་ཐོག་དང་ཐོག་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་པ་མ་ཟད་གྲོས་འཆམ་ཡང་བྱུང་བ་རེད།
          ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་བ་རེད།
          ཝང་དབྱང་གིས་བསྟན་གནང་དོན། 2020ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱ་རྒྱུར་དམ་པོར་དམིགས་ནས་རང་འགན་ནན་ཏན་ངང་གཙང་མ་སྒྲུབ་པ་དང་། སྤྱི་ཚོགས་ཐོག་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ལ་དམ་པོར་དམིགས་ནས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ལམ་ལུགས་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་ལས་ཀའི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅུ་གསུམ་པའི”དམིགས་ཚད་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བ་དང་། ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་གི་རྣམ་པ་གསར་པ་མངོན་པ། ལྟེ་བའི་ལས་འགན་ལ་ཞབས་འདེགས་ཞུས་པར་གྲུབ་འབྲས་གསར་པ་ཐོབ་པ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་དམིགས་བསལ་གྱི་ལོ་འདིར་དམིགས་བསལ་གྱི“ཨུ་ཡོན་གྱི་ལས་དོན”བསྒྲུབས་ཡོད།
          ཝང་དབྱང་གིས་ཕྱོགས་ལྔའི་ཐད་ནས་འདས་ཟིན་པའི་ལོ་གཅིག་གི་རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་སྡོམ་གནང་བ་སྟེ། གཅིག་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པའི་བསམ་བློའི་གཞི་རྩ་སྔར་བས་བརྟན་དུ་བཏང་བ་དང་། གཉིས་ནས་གྲོས་མོལ་འགན་སྒྲུབ་ཟབ་ཏུ་བཏང་ནས་གྲོས་མོལ་གྱི་རྣམ་པ་སྣ་ཚོགས་ནུས་ལྡན་ངང་སྤྱད་པ་དང་། དྲ་ཐོག་གི་སྲིད་གླེང་གི་ལེགས་ཆ་འདོན་སྤེལ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག འགན་སྒྲུབ་ཀྱི་བྱེད་སྒོ་ལྷོད་གཡེང་མི་གཏོང་བ་དང་། ཟང་ཟིང་དུ་མི་འགྱུར་བ། མཚམས་མི་ཆད་པ་བཅས་ཀྱི་འགན་ལེན་བྱས་པ། གསུམ་ནས་ཨུ་ཡོན་གྱི་འཆད་ཁྲིད་དང་། གལ་ཆེའི་ཆེད་དོན་ལས་དོན་ཨུ་ཡོན་གྱི་སྒྲོག་འགྲེལ་ཚོགས་པ། སྙིང་གཏམ་གླེང་བ་སོགས་ཀྱི་གཞི་རྟེན་ལས་སྟེགས་མུ་མཐུད་འཐུས་སྒོ་ཚང་དུ་བཏང་བ་དང་། ཏང་ནང་ཁུལ་ནས་ཏང་ཕྱིའི་བར་དང་། ཨུ་ཡོན་ནས་རིགས་ཁོངས་མང་ཚོགས་བར་གྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པའི་ལས་ཀའི་རྣམ་པ་འཐུས་སྒོ་ཚང་དུ་བཏང་ནས་མཐུན་སྒྲིལ་མཉམ་ལས་ཀྱི་དྲང་ནུས་གཅིག་སྡུད་བྱས་པ། བཞི་ནས་སྲིད་གྲོས་ཀྱི་ལས་དོན་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་བྱ་རྒྱུ་དེ་གཏིང་ཟབ་དང་དངོས་སྒྲུབ་ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་བ། ལྔ་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་རིགས་ཁོངས་དང་འབྲེལ་གཏུག་བྱེད་པ་དང་ཨུ་ཡོན་ལ་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་བྱས་ཏེ། སྲིད་གྲོས་ལས་ཀའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་བ་བཅས་རེད།
          ཝང་དབྱང་གིས་ནན་བཤད་གནང་དོན། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་འགོ་ཚུགས་པའི་ལོ་དང་པོ་རེད། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ། བརྗོད་དོན་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས་བྱེད་པ། ཀྲུང་གུང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་གཞིགས་ནས་གྲོས་འདོན་སྲིད་སྐྱོང་དང་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ། ཆུ་ཚད་མཐོ་བའི་འགན་སྒྲུབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་ཀྱི་གོམ་པ་ཡག་པོ་སྤོ་ཆེད་མང་ཚོགས་ཀྱི་བློ་རིག་དང་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།
          ཝང་དབྱང་གིས་ནན་བཤད་གནང་དོན། ཆེད་དོན་གྲོས་མོལ་སྒྲིག་གཞིས་ཕྱོགས་བསྡུས་ཐོག་ནས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་མཚོན་ཞིང་། དེ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་དང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་ཀྲུང་གོའི་བཅོས་སྐྱོང་བྱེད་འགོ་འཛུགས་པའི་ལམ་ལུགས་ཀྱི་ཇུས་འགོད་གལ་ཆེན་དང་དམིགས་བསལ་གྱི་བཅོས་སྐྱོང་ལས་སྟེགས་ཤིག་རེད། དེས་ན་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་དེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་ནུས་པར་སྔར་ལས་ལྷག་པའི་སྒོ་ནས་འགྱུར་བ་བྱེད་དགོས། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ལམ་ལུགས་ཀྱི་ལེགས་ཆ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། དོན་དག་ཡོད་ན་གྲོས་མོལ་བྱེད་ཆོག་པ་དང་སྤྱི་དོན་སྤྱི་གྲོས་བྱེད་པའི་ལམ་ལུགས་ཅན་གྱི་ལག་ལེན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་དགོས། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ལས་དོན་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ལག་ལེན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། གྲོས་མོལ་གྱི་རིག་གནས་སྐྱེད་སྲིང་བྱེད་པ་བཅས་བྱས་ནས། སྲིད་གྲོས་ཀྱི་གྲོས་མོལ་དང་གྲོས་མོལ་གྱི་རྣམ་པ་གཞན་དག་དབར་འབྲེལ་བ་དང་མཐུན་སྦྱོར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཆེད་དོན་གྲོས་མོལ་སྒྲིག་གཞིའི་འགན་སྒྲུབ་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་བ་དང་། ཨུ་ཡོན་གྱིས་གྲོས་མོལ་གྱི་སྒྲིག་སྲོལ་བཀོལ་སྤྱོད་དེ་བས་ཡག་པོ་བྱ་རྒྱུ་དང་འབྲེལ་གཏུག་བྱ་ཐབས་ཁོང་དུ་ཆུད་པ་བྱ་རྒྱུར་སྐུལ་འདེད་གཏོང་བ། སེམས་ཀྱིས་འགན་འཁྲི་ཤེས་པ་དང་། ལུས་ཀྱིས་འགན་འཁྲི་འཁུར་བ། བྱ་སྤྱོད་ཀྱིས་འགན་འཁྲི་སྒྲུབ་པ། རྒྱལ་ཁབ་ལ་དྲིན་ལན་འཇལ་སེམས་དང་། མི་དམངས་ལ་ཕན་པ་ཐོགས་སེམས། འགན་སྒྲུབ་ནུས་པ་གསུམ་ཟུང་འབྲེལ་དེ་བས་ཡག་པོ་བྱེད་པ་བཅས་བྱས་ནས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་གསར་པ་མངོན་པར་བྱེད་དགོས།
          རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའུ་ཧྲེང་ཙུའུ་ཡིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ། ཚོགས་ཆེན་ལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་སྙན་སེང་ཞུས་པ་རེད། སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་ཁག་གིས་གྲོས་གཞི་5974བཏོན་པ་དང་། གྲོས་གཞི་5044ཐོ་འགོད་བྱས་ཡོད། གྲོས་གཞི་དེ་དག་ནི་དུས་རབས་ཀྱི་དོན་སྙིང་ལ་དམ་པོར་གཞིགས་པ་དང་། ལྟེ་བའི་ལས་དོན་ལ་དམིགས་པ། མི་དམངས་ལ་བཅངས་པའི་བརྩེ་བས་ཕྱུག་པ། ཨུ་ཡོན་གྱི་སེམས་ནུས་དང་བློ་རིག་གཅིག་སྡུད་བྱས་པ་ཤ་སྟག་ཡིན་ལ། རྒྱ་ཆེའི་མང་ཚོགས་ཀྱི་བསམ་འདུན་དང་རེ་འདུན་ཡང་མཚོན་གྱི་ཡོད། གྲོས་གཞི་སྒྲུབ་གཉེར་ལས་ཁུངས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ནས་རིམ་པ་བཞིན་འགན་འཁྲི་ནན་གྱིས་འཁུར་བ་དང་། གྲོས་གཞི་སྒྲུབ་གཉེར་དང་ལན་སྤྲོད་བྱེད་ཚད་99.64%ཟིན་ཡོད། སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། 
རྩོམ་སྒྲིག་པ། སྣང་རྡོར།