དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཟླ4པར་ལྷ་སའི་འཁྱགས་རོམ་དང་པོའི་མཛེས་ལྗོངས་ཁུལ་སྒོ་འབྱེད་རྒྱུ།

སྤེལ་དུས 2021-04-01 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
ཟླ3པའི་ཚེས29ཉིན།
འདམ་གཞུང་རྫོང་མི་དམངས་སྲིད་གཞུང་གིས་སྤྱི་བསྒྲགས་སྤེལ་ནས།
2021ལོའི་ཟླ4པར།
ལྷ་སའི་ལུང་གཞུང་གི་འཁྱགས་རོམ་དང་པོའི(གུར་ཆུང་གངས་རིའི་འཁྱགས་རོམ)མཛེས་ལྗོངས་ཁུལ།
དངོས་སུ་སྒོ་དབྱེ་རྒྱུ་ཡིན་ལ།
ལོ་སྟོད་རི་བོ་འཛེག་པའི་རྣམ་གྲངས་ཀྱང་ཁྱོན་ཡོངས་ནས་དངོས་སུ་མགོ་རྩོམ་རྒྱུ་ཡིན་ཞེས་བརྗོད།

ལྷ་སའི་ལུང་གཞུང་གི་འཁྱགས་རོམ་དང་པོ་དེ་ལྷ་སར་ཆེས་ཉེ་བའི་འཁྱགས་རོམ་ཡིན་པ་དང་།
ལྷ་ས་ནས་ཆུ་ཚོད་གཉིས་ཀྱི་མཚམས་ན་ཡོད།
ཡངས་པ་ཅན་གྲོང་རྡལ་དང་བར་ཐག་སྤྱི་ལེ36མ་གཏོགས་མེད་ལ།
རླངས་འཁོར་བསྡད་དེ་སྐར་མ45ཡི་ལམ་ཐག་བགྲོད་ཚེ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི5500ཡི་སར་སླེབས་ཤིང་།
དེ་ནི་བརྗིད་ཉམས་ཆེ་བའི་འཁྱགས་རོམ་དང་ས་འོག་ཚ་ནུས་ཀྱི་ཆུ་ཚན། 
ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་བཅས་གཞི་གཅིག་ཏུ་འདུས་པའི་རང་བྱུང་སྐྱེ་ཁམས་ཉམས་ལེན་ཁུལ་ཞིག་ཡིན།

ལོ་སྟོད་རི་བོ་ནི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི6010ཟིན་ཞིང་གངས་རི་ཞིག་ཡིན་པས།
གངས་རིར་འཛེག་པའི་ཆ་རྐྱེན་ཚང་མ་འཛོམས་ལ།
འདི་ནི་རི་འཛེག་མཁན་ལས་དང་པོ་རྣམས་ཀྱིས་གངས་རིར་མྱུལ་དཔྱད་བྱེད་པའི་གནས་མཆོག་ཅིག་དང་། 
ལྷག་པར་དུ་རི་འཛེག་མཁན་གྱིས་གངས་འཁྱགས་ཀྱི་འཇིག་རྟེན་ཉམས་ལེན་བྱེད་པའི་གནས་མཆོག་ཅིག་ཡིན།

2021ལོ་ནས་བཟུང་འཁྱགས་རོམ་ལ་ལྗོངས་རྒྱུ་ཉམས་ལེན་དང་།
གངས་རིར་འཛེག་པ་དང་གངས་ཤུད་རྒྱག་པ་སོགས་ཕྱི་རོལ་གྱི་གངས་འཁྱགས་ལུས་རྩལ་བྱེད་འདོད་པའི་གྲོགས་པོ་ཚོས།
གནས་འདི་གདམ་ན་ཆོག
ལྷ་སའི་ལུང་གཞུང་གི་འཁྱགས་རོམ་དང་པོའི་ས་བབ་ཀྱི་ལེགས་ཆ་དང་།
གངས་རིའི་འཁྱགས་རོམ་སོགས་རང་བྱུང་སྣོད་བཅུད་ཐོན་ཁུངས་ལ་བརྟེན་ནས།
སྲུང་སྐྱོང་རང་བཞིན་གྱི་གསར་སྤེལ་བྱས་པ་བརྒྱུད།
མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་རིག་གནས་ཕྱོགས་བསྡུས་ཞབས་ཞུ་རིམ་སྤོར་བྱས་ཏེ།
འཁྱགས་རོམ་ལྟ་བ་དང་གངས་རིར་འཛེག་པ། 
གངས་ཤུད་རྒྱག་པ་དང་གངས་ཐོག་ལ་འཛེག་པ་བཅས་གཞི་གཅིག་ཏུ་བྱས་པའི།
རྒྱལ་སྤྱིའི་ཐོག་སྐད་གྲགས་ཆེ་བའི་གངས་འཁྱགས་ཡུལ་སྐོར་བྱ་ཡུལ་ཞིག་གཏོད་རྒྱུ་འབད་ཀྱིན་ཡོད།
དུས་མཚུངས་སུ་འཛམ་གླིང་ཡང་རྩེའི་རི་འཛེག་མཁནIPཡིས།
བོད་ལྗོངས་ཀྱི་རི་སྒང་ཕྱི་རོལ་གྱི་གངས་འཁྱགས་ལུས་རྩལ་གསར་སྤེལ་དང་ཁྱབ་གདལ་ཤུགས་ཆེན་བཏང་བ་བརྒྱུད།
སྣོད་བཅུད་ཐོན་ཁུངས་ཀྱི་རིན་ཐང་བསྒྱུར་བར་ཧུར་ཐག་གིས་འཚོལ་ཞིབ་བྱེད་སྐབས། 
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།
“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན”ཞེས་པའི།
རི་གཉིས་གཞུང་ལུགས་ཀྱང་ལག་ལེན་དུ་བསྟར་ཡོད།
གཞན་ཡང་།
ལྷ་སའི་ལུང་གཞུང་གི་འཁྱགས་རོམ་དང་པོ་སྟེ།
ལོ་སྟོད་གངས་རིར་འཛེག་པའི་རྣམ་གྲངས་དངོས་སུ་མགོ་བརྩམས་ཤིང་།
དེས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་ཟུང་འབྲེལ་གང་ལེགས་བྱས་ནས།
གྲོང་གསེབ་ཡུལ་སྐོར་དང་གངས་འཁྱགས་ལུས་རྩལ་དེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་མ་ལག་ནང་འདྲེས་ཐུབ་པར་བྱས་ཡོད།

 “འབྲོག་པ་གསར་པའི་འཆར་གཞི”བཏོན་ནས་རི་སྒང་གི་ལམ་སྣེ་འཁྲིད་པ་དང་།
རོགས་ལས་སོགས་ལས་གནས་མང་པོའི་གསོ་སྦྱོང་འཆར་གཞི་བརྒྱུད།
ས་གནས་དེ་གའི་རོང་འབྲོག་རྣམས་ལས་ཞུགས་ལ་སྐུལ་ཁྲིད་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་བཏང་ཡོད།
གངས་འཁྱགས་དང་ཕྱི་རོལ་གྱི་ལུས་རྩལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་
གངས་འཁྱགས་ཀྱི་ཐོན་ལས་གོང་འཕེལ་གཏོང་ཆེད།
འདམ་གཞུང་རྫོང་གིས།
གངས་རི་འཛེག་པ་དང་གངས་ཤུད་རྒྱག་པ། གངས་འཁྱགས་ཀྱི་ཉམས་ལེན་སོགས་ནང་དོན་སྣ་མང་སྤེལ་ནས།
“གླིང་སྣེ་གསུམ་པར་་འཛེག་མཁན”གྱིIPདང་ཕུལ་བྱུང་གི་མཉམ་ལས་རོགས་ཟླ་དེ་བས་མང་བ་ཞིག་གིས།
ཕྱི་རོལ་གྱི་གངས་འཁྱགས་ལུས་རྩལ་ཁྱབ་ཁོངས་ནང་མཉམ་ལས་དམ་ཟབ་བྱེད་ཅིང་།
དཔུང་སྦྲེལ་མཉམ་སྐྱོད་ཀྱིས་བོད་ལྗོངས་ཀྱི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་གཏོང་
རྒྱུར་སྐུལ་འདེད་གཏོང་བའི་རེ་བ་བྱེད་ཀྱིན་ཡོད།
འདམ་གཞུང་རྫོང་མི་དམངས་སྲིད་གཞུང་གི་སྤྱི་བསྒྲགས་ནང་བསྟན་དོན།
གངས་འཁྱགས་ལུས་རྩལ་ལ་དགའ་པོ་བྱེད་མཁན་དང་ཕྱི་རོལ་སྤྲོ་སྐྱིད་ཁང་།
རིག་གནས་འགྲན་སྡུར་སྒྲིག་གཞི། ཁེ་ལས་ཚན་པ་བཅས་དེ་བས་མང་བ་གདན་དྲངས་ནས།
བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་ཕྱི་རོལ་ཡུལ་སྐོར་དང་ཕྱི་རོལ་ལུས་རྩལ་མཉམ་དུ་
འཛུགས་སྐྲུན་དང་གསར་སྤེལ་བྱ་རྒྱུའི་རེ་བ་ཡོད་ཟེར།