དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གསར་བརྗེའི་ས་བོན་རྒྱུན་འཛིན་ལེགས་པར་བྱས། ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་བཅངས།

བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་དམག་དཔོན་ཐོག་ཁང་དང་ཚོགས་ཁང་འཚོལ་བ།

སྤེལ་དུས 2021-04-04 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འདི་ནི་བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་སྒོ་རའི་ནང་ཡོད་པའི་ཚོགས་ཁང་གི་ཤུལ་རྙིང་ཡིན་པ།
          བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་སྒོ་རའི་ནང་རྙིང་པ་ཉམས་གསོ་བྱས་པའི་སུའུ་ལེན་གྱི་བཟོ་སྐྲུན་གྱི་ཁྱད་ཆོས་ལྡན་པའི་ཁང་པ་སྟར་པ་གཉིས་ཡོད་པ་དེ་ནི་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་དམག་དཔོན་ཐོག་ཁང་དང་ཚོགས་ཁང་རེད། བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་ཆབ་སྲིད་ལས་དོན་དང་མི་དོན་ཁོའོ་ཡི་འགན་འཁུར་བ་དབྱང་ཧྥང་གིས་གསར་འགོད་པར་ལས་བྱེད་པ་རྒན་གྲས་ཀྱི་བྱེད་སྒོའི་ལྟེ་གནས་ཤིག་ཡིན་པའི་དམག་དཔོན་ཐོག་ཁང་དེ་ད་ཆ་གསར་བརྗེའི་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་སྐྲུན་དངོས་ལ་གྱུར་ཡོད་ཅེས་བརྗོད།
          ཐོག་ཁང་སྟར་པ་གཉིས་ཀྱི་ལོ་རྒྱུས་སྐོར་ར་སྤྲོད་ཁུངས་འཚོལ་བྱེད་སྐབས།
           དཀའ་ཚེགས་ཆེ་བའི་ལོ་ཟླའི་ནང་བོད་ལྗོངས་ཞིང་ལས་ཚན་རིག་ཁང་གི་ཞིབ་འཇུག་ལས་དོན་ལ་ལེགས་སྐྱེས་གལ་ཆེན་འབུལ་མཁན་བོད་ཀྱི་ཁག་དང་པོའི་ཚན་ཞིབ་ལས་དོན་མི་སྣའི་བྱས་རྗེས་དག་མི་རྣམས་ཀྱིས་བརྗེད་ཐབས་བྲལ། ཁོང་ཚོས་བོད་ཀྱི་གཞི་རིམ་དུ་གཞི་ཚུགས་ཏེ་ཕྱོགས་གཅིག་ནས་ཚན་རིག་ཤེས་བྱ་དྲིལ་བསྒྲགས་དང་ཚན་རྩལ་མི་སྣ་གསོ་སྦྱོང་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་བརྟག་དཔྱད་ཞིབ་འཇུག་དང་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་འཚོལ་བསྡུ་བྱས་ནས། འཛམ་གླིང་ཡང་རྩེར་ངོ་མཚར་རེ་རེ་བཞིན་བཏོད་དེ། མཛད་རྗེས་རྡོ་རིང་རེ་རེ་བཞིན་བཙུགས་ཡོད།
          བོད་རྙིང་པར་བཀའ་ཤག་སྲིད་གཞུང་གིས་མི་ཚང་མ་བཅའ་ཁྲིམས་ཐོག་འདྲ་མཉམ་མིན་པའི་གནས་བབ་གཏན་འབེབས་ཁ་གསལ་བྱས་ཏེ། ཞིང་བྲན་གྱི་འགྲོ་བ་མིའི་ཐོབ་ཐང་ལ་ཉམས་ཉེས་གཏོང་བ་དང་བཙན་འཕྲོག་བྱས་ཡོད། སྐབས་དེ་དུས་ཀྱི་བོད་མི་དམངས་ངོས་ནས་བརྗོད་ན། ལྟོ་གྲོད་པ་རྒྱགས་པ་ཞིག་བཟའ་རྒྱུ་ཡོང་བ་ནི་རྨི་ལམ་ལའང་འཁོར་མྱོང་མེད་པ་ཞིག་རེད། རང་ལམ་རང་བཀག་བྱས་རྐྱེན་ཞིང་ལས་འཕེལ་མེད་སོར་གནས་སུ་ལུས་ཡོད། གནས་ཚུལ་དེ་རིགས་ལ་དམིགས་ནས། ཀྲུའུ་ཞི་མའོ་ཙེ་ཏུང་གིས་བོད་སྐྱོད་དཔུང་སྡེར“བོད་དུ་དཔུང་སྐྱོད་བྱེད་སྐབས་ས་གནས་དེ་གའི་མི་སེར་གྱི་ས་ནས་བཟའ་འབྲུ་བསྡུ་མི་རུང་ལ། མང་ཚོགས་ཚོའི་འཁུར་པོ་དང་ཁྲལ་འུ་ལག་ཀྱང་ལྕི་རུ་གཏན་ནས་གཏོང་མི་རུང་བའི”མཛུབ་སྟོན་གནང་ཡོད།
          1951ལོའི་ཟླ་10ཚེས་26ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལྷ་ས་གྲོང་ཁྱེར་དུ་དཔུང་སྐྱོད་བྱས་རྗེས། སྐབས་དེར་བོད་ཀྱི་བཀའ་ཤག་སྲིད་གཞུང་གི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་མི་དམངས་བཅིངས་འགྲོལ་དམག་མིར་འབྲུ་རིགས་ཉོ་སྒྲུབ་བྱེད་པར་བཀག་འགོག་བྱས་པ་མ་ཟད། ཁོ་པ་ཚོས་བཅིངས་འགྲོལ་དམག་མི་ལྟོགས་ཤི་ཐེབས་སུ་དང་བཀྲེས་ལྟོགས་ཀྱིས་མནར་དུ་བཅུག་ནས་བྲོས་བྱོལ་དུ་གཏོང་རྒྱུའི་འུད་སྒྲོག་བྱས། འཚོ་གནས་ཀྱི་ཁོར་ཡུག་ཞན་པོ་དེའི་ཁྲོད་རྒྱ་ཆེའི་བཀོད་འཐབ་པ་ཚོས་བོད་ལ་ཞི་བའི་བཅིངས་འགྲོལ་གཏོང་བ་དང་། མེས་རྒྱལ་གྱི་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པ། འགྲིམ་འགྲུལ་དང་། རིག་སློབ། འཕྲོད་བསྟེན། ཚན་རྩལ་བཅས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ཡོད་པ་ངོས་འཛིན་གཏིང་ཟབ་ཐུབ་ཡོད།
          དེར་བརྟེན། མི་དམངས་བཅིངས་འགྲོལ་དམག་གིས་བོད་ས་གནས་སྲིད་གཞུང་ལ་རྒྱ་ཊམ་ཁྲི་4སྤྲད་དེ་ལྷ་སའི་ནུབ་འདབས་ཀྱི་ནོར་སྟོད་གླིང་ཁའི་ས་སྟོང་ཞིག་ཉོས་ནས་རྨོ་འདེབས་བྱས། གྲང་ངར་ཆེ་བའི་དགུན་དུས་སུ་གྲང་རླུང་འུར་འུར་དུ་ལྡང་ཞིང་། བཀོད་འཐབ་པ་ཚོས་ཚེར་ཕུང་རྫོབ་སྐྱེས་དང་རྡོ་ཧྲུག་གིས་ཁེངས་པའི་གྲམ་ཐང་དུ་དཀའ་སྤྱད་ངལ་རྩོལ་བྱེད་འགོ་ཚུགས།
          ཞིང་ལས་ཚན་རིག་ཁང་གི་སྒོ་རའི་ནང་སྐྱོད་སྐབས། ད་ཆ་ཐོག་བརྩེགས་ཁང་ཆེན་འགྱིང་ངེར་གནས་པ་དང་། དེའི་ནང་ཞིང་ལས་ཞིབ་འཇུག་སུའོ་དང་། འབྲོག་ལས་དང་ཕྱུགས་རིགས་སྨན་པའི་ཞིབ་འཇུག་སུའོ། སྔོ་ཚལ་ཞིབ་འཇུག་སུའོ་བཅས་བཙུགས་པ་མ་ཟད། ད་དུང་ཞིང་ལས་དང་གྲོང་གསེབ་པུའི་གཙོ་གནད་ཚད་ལེན་ཚོད་ལྟའི་གྲས་ཤིག་ཡིན་པའི་ལྟེ་གནས་ཚོད་ལྟ་ཁང་ཡང་བཙུགས་ཡོད། འོན་ཀྱང་སྐབས་དེ་དུས་ཀྱི་དུས་རབས་སུ་མཁྲེགས་ཆས་སྒྲིག་ཆས་ཞན་པ་དང་། ཁོར་ཡུག་དཀའ་ཚེགས་ཆེན་པོ་ཡོད་སྟབས། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་ཚན་ཞིབ་ལས་དོན་པ་མང་པོ་ཞིག་ལྷ་སའི་ནུབ་འདབས་སུ་བསྐྱོད་དེ་གྲམ་ཐང་དེའི་སྟེང་དུ་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་གསར་སྦོལ་ལས་འགུལ་སྤེལ་འགོ་ཚུགས། ཁོང་ཚོས་ཤི་རྒྱུར་མི་སྐྲག་པ་དང་དཀའ་ཚེགས་ལ་མི་སྐྲག་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཉིན་17གྱི་དུས་ཚོད་སྤྱད་དེ་ས་ཞིང་མུའུ་2300ལྷག་ཙམ་གསར་སྦོལ་བྱས་ནས་བོད་ཀྱི་ཞིང་ལས་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།
          དཔྱད་གཞིའི་ཡིག་རིགས་ལས་མངོན་པར་གཞིགས་ན། གསར་སྦོལ་བྱས་པའི་མུའུ་2300ལྷག་ཙམ་གྱི་ས་ཞིང་ཐོག ལོ་གཉིས་པར་རྒྱ་མ་ཁྲི་10ལྷག་ཙམ་གྱི་ནས་དང་། གྲོ སྲན་མ། རྒྱ་སྲན་སོགས་ལ་ལོ་ལེགས་བྱུང་བ་ཕུད། ད་དུང་རྒྱ་མ་ཁྲི་བརྒྱ་ཡན་གྱི་སྔོ་ཚལ་ལའང་ལོ་ལེགས་བྱུང་ཡོད། 1952ལོའི་ཟླ་6པའི་ཟླ་མཇུག་བར་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་རྒྱ་ཆེའི་ཚན་ཞིབ་ལས་དོན་པས་ས་རྒོད་མུའུ་3000ལྷག་ཙམ་གསར་སྦོལ་བྱས་ཡོད།
          སྐབས་དེར་ཀྲུང་དབྱང་གིས་སྔ་རྗེས་སུ་ཚན་རིག་ལས་དོན་རུ་ཁག་དང་སྨན་བཅོས་འཕྲོད་བསྟེན་རུ་ཁག་སོགས་མངགས་པ་མ་ཟད། ཞིང་ལས་དང་། འབྲོག་ལས། ནགས་ལས། གནམ་གཤིས། ཆུ་བེད་སོགས་ཀྱི་ཆེད་དོན་ཚན་རྩལ་མི་སྣ་ཁག་གཅིག་ཀྱང་བོད་དུ་བཏང་ཡོད། 1952ལོར་རྒྱལ་ཁབ་ཀྱིས་བཏང་བའི་ཚན་རིག་རྟོག་ཞིབ་རུ་ཁག་ཞིང་ལས་རྩ་འཛུགས་ཚན་རིག་མཁས་ཅན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག ལོ་དེའི་ཟླ་7པའི་ཚེས་1ཉིན་བོད་ཀྱི་ཞིང་ལས་ལོ་རྒྱུས་ཐོག་གི་རང་བྱུང་ཚན་རིག་ཆེད་ལས་ཞིབ་འཇུག་སྒྲིག་གཞི་སྟེ་ལྷ་སའི་བདུན་གཅིག་ཞིང་ལས་ལག་རྩལ་ཚོད་ལྟ་ར་བ“བདུན་གཅིག་ཞིང་ར”བཙུགས་པ་དང་དེ་ཡང་བོད་ཀྱི་དེང་རབས་ཅན་གྱི་ཞིང་ར་ཐོག་མ་དེ་ཡིན་པ་རེད།
          མེས་རྒྱལ་གྱི་མཐའ་མཚམས་སུ་བསྐྱོད་ནས་མཐའ་མཚམས་ས་ཁུལ་གྱི་ཚན་རིག་བྱ་གཞག་ཆེད་ཚེ་སྲོག་ལེགས་སྐྱེས་སུ་འབུལ་མཁན་གསར་བརྗེའི་རྒན་རབས་པ་ཚོ་ནི་སྒེར་སེམས་མེད་པ་དང་། རླབས་ཆེ་བ། འཛམ་གླིང་སྐྱེ་བོ་ཀུན་གྱིས་བློ་ལ་བརྟན་པོར་ངེས་རིན་ཡོད་པ་བཅས་རེད། ཁོང་ཚོ་ནི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་མཚོན་ཚུལ་ཞིག་ཡིན། ད་ཆ་ཚན་རྩལ་མི་སྣ་དེ་བས་མང་བ་ས་མཐོར་བསྐྱོད་ནས་གཟི་བརྗིད་ཀྱི་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བཞིན་མཆིས།
རྩོམ་སྒྲིག་པ། བདེ་སྒྲོལ།