དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྔོན་གཤེགས་དཔའ་བོ་དག་ལ་དྲན་གསོ་དང་གུས་འདུད་ཞུ་བར་ཁོ་ཚོས་འདི་ལྟར་སྒྲུབ་འདུག

སྤེལ་དུས 2021-04-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ3པའི་ཚེས30ཉིན། གཞིས་ཀ་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་བསྟར་ཅུད་ཀྱིས་ཏང་དབུ་བརྙེས་ནས་ལོ100ལོན་པར་རྟེན་འབྲེལ་ཞུ་བ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་གོ་སྐབས་དང་བསྟུན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“ངས་མང་ཚོགས་ལ་དོན་དངོས་སྒྲུབ”ཞེས་པའི་ལག་ལེན་བྱེད་སྒོ་དང་འབྲེལ། དྭངས་གསལ་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ལས་ཁུངས་ཀྱི་ཏང་ཡོན་དང་སྐྱེད་ཚལ་ལེགས་བཅོས་བྱེད་མཁན། ཁོར་སྲུང་གཙང་སྦྲ་མཁན་སོགས་རྩ་འཛུགས་བྱས་ཏེ་བང་སོར་གཙང་དག་དང་ཤིང་སྡོང་ཞིག་གསོ།  ཐང་སྟོང་བདེ་མོར་སྙོམས་པ།  ཤིང་སྡོང་ལ་ཆུ་གཏོར་བ་སོགས་ཀྱིས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

             གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་དང་སྔོན་གཤེགས་དཔའ་བོའི་རླབས་ཆེན་མཛད་རྗེས་ལ་དྲན་གསོ་ཞུ་ཆེད།  ཏང་ཡོན་ཡོངས་ཀྱིས་སྒྲོག་འགྲེལ་པའི་སྣེ་ཁྲིད་འོག་གསར་བརྗེ་དཔའ་བོའི་རྗེས་དྲན་ཁང་ལ་ལྟ་སྐོར་བྱས་ཤིང་། ལོ་རྒྱུས་ཀྱི་འདྲ་པར་དང་ཡིག་ཚགས་ཞིབ་ཕྲ་དག་གིས་དཔའ་མཛངས་རྟུལ་ཕོད་ཀྱི་འཐབ་རྩོད་བརྒྱུད་རིམ་གསོན་ཉམས་ལྡན་པའི་ངང་འགྲེམས་སྟོན་བྱས་ཡོད་ལ།  ཏང་ཡོན་ཡོངས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་གི་འགྱུར་མེད་ཀྱི་ཕུགས་བསམ་འདུ་ཤེས་དང་ཞུམ་མེད་འཐབ་འཛིང་གི་བླ་མེད་སྙིང་སྟོབས་སེམས་ལ་ངེས་པར་བྱས་ཡོད།

             གསར་བརྗེའི་དཔའ་བོའི་དྲན་གསོ་ཁང་དུ་ཏང་ཡོན་ཡོངས་ཀྱིས་ཏང་གི་དར་ཆར་མིག་ཟུང་གཏད་དེ་ལག་གཡས་པ་ཡར་བཀྱགས་ནས་ཏང་དུ་ཞུགས་པའི་དམ་བཅའ་ཡང་བསྐྱར་བཟློས་ཏེ།  ཏང་གི་ལས་དོན་ལ་བློ་སེམས་དཀར་ཞིང་སྔོན་གཤེགས་དཔའ་བོ་དག་ལ་དྲན་གསོ་ཚད་མེད་ཞུ་བའི་བསམ་འདུན་མཚོན་པར་བྱས།
             དམ་བཅའ་མཇུག་སྒྲིལ་རྗེས། ཏང་ཡོན་ཡོངས་ཀྱིས་ཚོ་ཆུང་དགར་ཏེ་དཔའ་བོའི་བང་སོའི་ཚལ་ལ་ཡོངས་ཁྱབ་ཀྱི་གཙང་སྦྲའི་བྱེད་སྒོ་སྤེལ་བ་དང་། སྐྱེད་ཚལ་ལེགས་བཅོས་བྱེད་མཁན་དག་གིས་གླིང་ཁུལ་གྱི་རྩི་ཤིང་མེ་ཏོག་དང་ཤིང་སྡོང་ལ་སྡོང་བཅོས་བྱས་པ་དང་། ཤིང་སྡོང་སྐམ་པོ་དག་མེད་པར་བཟོས་པ། ཁོར་སྲུང་གཙང་སྦྲ་བ་དག་གིས་སྡོང་ལོ་གཙང་དག་དང་གད་སྙིགས་སྐྱེལ་འདྲེན། ཆུ་གཏོར་རླངས་འཁོར་གྱིས་སྡོང་བོར་ཆུ་གཏོང་པ། གད་སྙིགས་འདྲུད་འཁོར་གྱིས་དུས་ཐོག་ཏུ་གད་སྙིགས་གཙང་སེལ་བྱེད་པ། ཟོང་འཇུག་འཕྲུལ་འཁོར་གྱིས་གོ་རིམ་ལྡན་པའི་ངང་ཐང་སྟོང་བདེ་མོར་སྙོམས་པ་སོགས་ཡུལ་དངོས་སུ་བྲེལ་འཚུབ་ཆེ་བའི་ལས་ཀའི་རྣམ་པ་མངོན་བཞིན་འདུག

             རྒྱུས་ལོན་བྱུང་བ་ལྟར་ན། ད་རེས་ཀྱི་བྱེད་སྒོར་ཁྱོན་ཏང་ཡོན་ལས་བྱེད་པ59དང་ཁོར་སྲུང་གཙང་སྦྲ་མཁན36དང་། སྐྱེད་ཚལ་ལེགས་བཅོས་བྱེད་མཁན10དང་། ཆུ་གཏོར་རླངས་འཁོར2དང་།  གད་སྙིགས་འདྲུད་འཁོར2དང་། ཟོང་འཇུག་འཕྲུལ་འཁོར1བཅས་ཞུགས་ཡོད་པ་རེད།
             ཐེངས་འདིའི་བྱེད་སྒོ་བརྒྱུད།  ཏང་ཡོན་ཡོངས་ཀྱི་ནང་སེམས་ལ་རྒྱལ་གཅེས་རིང་ལུགས་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོའི་གཙང་སྦྲ་ཐེངས་ཤིག་བྱས་པ་ཡིན་ལ།  ཏང་ཡོན་ལས་བྱེད་པས་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་སྔར་བས་བརྟན་པར་བྱས་ཏེ། འོས་འགན་དང་འགན་འཁྲིའི་སེམས་པ་སྔར་བས་ཆེ་བར་བསྐྱེད་པ་རེད། ཚང་མས་རང་འཁྲིའི་ལས་འགན་ལ་གཞི་ཚུགས་པར་བྱས་ཏེ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཕྲག་ཏུ་ལེན་པ། རང་ནུས་ཅི་ལྕོགས་འདོན་པ་བཅས་བྱས་ཏེ་གཞིས་ཀ་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རང་གི་ནུས་པ་འདོན་རྒྱུ་ཡིན་ཞེས་བསྟན་ནོ། །
རྩོམ་སྒྲིག་པ། བདེ་སྒྲོལ།