ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མ་དངུལ་སྒོར་དུང་ཕྱུར5བཏང་བའི་ལྷ་སའི་ལས་གཞི་ཆེན་མོ་གཉིས།

སྤེལ་དུས 2021-04-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི་ཀྲུང་ཚེ་ལའི་ཕུག་ལམ་ལས་གཞིའི་རྣམ་གྲངས་དང་། གསང་མདའ་གྲོང་ཚོའི་ས་གཙང་ཐོན་ལས་གླིང་གི་འབྲེལ་མཐུད་ལས་གྲྭ་དེ་སྔོན་དཔག་བྱས་ན་ད་ལོའི་དུས་ཚིགས་གཉིས་པར་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་རེད།
ཀྲུང་ཚེ་ལའི་ཕུག་ལམ།

ཀྲུང་ཚེ་ལའི་ཕུག་ལམ་གྱི་ཡུལ་ལྗོངས་ཧྲིལ་པོའི་རི་མོ།
ཡུལ་དངོས་སུ།
ལས་སྒྲུབ་མི་སྣ120ལྷག་ཙམ་གྱིས་གོ་རིམ་ལྡན་པའི་ངང་ཨར་ལས་བྱེད་བཞིན་མཆིས།
རྣམ་གྲངས་དེ་བྱང་ནས།
ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི།
དཀྱིལ་སྙིང་ཚོགས་པ་སྒྲིག་འཛུགས་བྱས་ནས་སྣེའུ་ལྷོ་ལམ་ཆེན་དང་།
བོད་སྐྲུན་ལམ་ཆེན་གྱི་སྣོལ་མཚམས་སུ།
0.83kmཅན་གྱི་ཕུག་ལམ་བརྒྱུད་དེ།
ཕུག་ལམ་ལ་ཉག་ནས་ཐོན་རྗེས་གཞུང་ལམ་གྱི་རྣམ་པའི་ཐོག་ནས།
ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི།
ལྷོ་རུ་གསང་མདའ་གྲོང་ཚོའི་གླིང་ཁུལ་གྱི་བགྲོད་ལམ་ལ་སྦྲེལ་མཐུད་བྱས་ཡོད།
(དཔེ་རིས་ལས་བསྟན་པ་ལྟར།)
ཕུག་ལམ་གྱི་འཛུལ་སྒོ།

ཕུག་ལམ་གྱི་ཐོན་སྒོ།
རྣམ་གྲངས་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ1. 91kmདང་ཇུས་འགོད་མྱུར་ཚད60km/hཡིན།
རྣམ་གྲངས་འདིར་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི35567.23བཏང་ཡོད།
མིག་སྔར་ཕུག་ལམ་རྣམ་གྲངས་ཀྱི་དོང་ཕུག་གཡས་པ་ལེགས་གྲུབ་བྱུང་ཞིང་།
དོང་ཕུག་གཡོན་པ་སྨི615བརྐོས་ཟིན་པ་དེས་སྤྱིའི་རིང་ཚད་ཀྱི75%བཟུང་ཡོད།
ཟམ་པ་དང་ཆུ་འདོན་ལས་གྲྭ་དང་ཆུ་འབུད་ལས་གྲྭ་ཚང་མ་མཇུག་བསྡུའི་དུས་མཚམས་སུ་སླེབས།
རྣམ་གྲངས་ཧྲིལ་པོ་སྔོན་དཔག་བྱས་ན2021ལོའི་ཟླ་དྲུག་པའི་ཟླ་མཇུག་ཏུ་
ལས་མཇུག་འགྲིལ་ཏེ་ཞིབ་བཤེར་རྩིས་ལེན་བྱེད་པའི་ཆ་རྐྱེན་འཛོམས་ན་ཤར་གཏོང་ཐུབ་རྒྱུ་རེད།
གསང་མདའ་གྲོང་ཚོའི་ས་གཙང་ཐོན་ལས་གླིང་འབྲེལ་མཐུད་ལས་གྲྭ།

མངོན་འབྲས་རི་མོ།
ཡུལ་དངོས་སུ་ཨར་ལས་མི་སྣས།
འབྲེལ་མཐུད་ཀྱི་འཁྱོག་ཐིག་ཚད་འཇལ་དང་ཕྱོགས་བསྡུས་ཀྱི་སྦུག་ཤུར་འཛུགས་སྐྲུན་བྱེད་བཞིན་འདུག
ལས་གྲྭ་དེའི་སྤྱིའི་ལས་ཚད་ཀྱི68%ལ་སླེབས་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན།
ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི།
གསང་མདའ་གྲོང་ཚོའི་ས་གཙང་ཐོན་ལས་གླིང་འབྲེལ་མཐུད་ལས་གྲྭ་དེའི་སྤྱིའི་རིང་ཚད་སྨི949.117ཟིན་པ་དང་།
ཁྱོན་བསྡོམས་མ་དངུལ་སྒོར་ཁྲི11967.81བཏང་ཞིང་།
རྣམ་གྲངས་དེར་གཞུང་ལམ་གཙོ་བོའི་ཚད་གཞི་ལྟར།
ཇུས་འགོད་མྱུར་ཚད40km/hདང་འཕྲེད་བཅད་ངོས་ཀྱི་ཞེང་ཚད་སྨི40ཟིན་ཡོད།
ཟླ4པའི་ཚེས30ཉིན་གྱི་སྔོན་ལ་རྣམ་གྲངས་དེའི།
གཞུང་ལམ་གཙོ་བོར་རླངས་འཁོར་ཤར་གཏོང་ཐུབ་རྒྱུའི་འཆར་གཞི་ཡོད།
ཟླ5པའི་ཚེས30ཉིན་གྱི་སྔོན་ལ།
རྣམ་གྲངས་ཧྲིལ་པོར་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་རེད།
          གོང་གསལ་གྱི་ལས་གྲྭ་དེ་གཉིས་འཛུགས་སྐྲུན་ལེགས་གྲུབ་བྱུང་རྗེས། གསང་མདའ་གྲོང་ཚོའི་ས་གཙང་ཐོན་ལས་གླིང་ལྟེ་བ་བྱས་ནས་ནུབ་ངོས་སུ་སྣེའུ་ཤར་ཟམ་ཆེན་བརྒྱུད་དེ་སྟོད་ལུང་བདེ་ཆེན་ཁུལ་དང་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་སྐྱོད་ཐུབ་ཅིང་། ཤར་ངོས་སུ་ཕྱིའི་སྐོར་ལམ་ལྷོ་མ་བརྒྱུད་དེ་ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི་བྱང་དབུས་ལྷོ་གསུམ་དུ་སྦྲེལ་ཡོད། ལྷ་ས་ནས་གོང་དཀར་དབར་གྱི་མྱུར་བགྲོད་གཞུང་ལམ་བརྒྱུད་དེ་མཁའ་ལམ་ཁུལ་གསར་དུ་ཐད་ཀར་སྐྱོད་ཐུབ་པ་དང་། ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)དང་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ། མཁའ་ལམ་ཁུལ་གསར་བཅས་ཀྱི་ཕན་ཚུན་སྦྲེལ་བ་དེས། ལྷ་སའི་འགྲིམ་འགྲུལ་དང་ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་ཐུབ་ཅིང་། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་དང་ལྷ་སའི་ལྷོ་ཁའི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ཁྲོད་སྔར་ལས་ལྷག་པར་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།