དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་སྐྱོད་པ་རྒན་གྲས་ཝང་ཞའོ་ཡུས་དང་ཁོང་གི་ཉིན་ཐོ་བཅུ་བདུན།

སྤེལ་དུས 2021-04-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།

བོད་ལྗོངས་སྤོ་བོའི་ཐོག་ཁང་དམར་པོའི་འགྲེམས་སྟོན་ཁང་གི་གཅེས་ནོར་ཏེ། བློ་མཐུན་ཝང་ཞའོ་ཡུས་ཀྱི་ཉིན་ཐོ།
            བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་ཐོག་ཁང་དམར་པོའི་འགྲེམས་སྟོན་ཁང་གི་ཐོག་བརྩེགས་གཉིས་པའི་འགྲེམས་ཁང་དུ་ཤོག་གྱོང་གིས་བཏུམ་པའི་ཉིན་ཐོའི་དེབ17བཞག་ཡོད་ཅིང་། འདི་ནི་དམིགས་བསལ་གྱི་འགྲེམས་སྟོན་དངོས་པོ་ཞིག་ཡིན་པ་མ་ཟད། འགྲེམས་སྟོན་ཁང་འདིའི་གཅེས་ནོར་ཡང་རེད། ང་ནི་སྲིད་འཛིན་ལས་བྱེད་པ་ཞིག་ཡིན། ལས་ཀར་གཞོལ་བའི་ཞོར་དུ་འདི་གར་འགྲེལ་བཤད་པའི་ལས་ཀ་བྱས་ནས་ལོ་གསུམ་ཙམ་འགོར། ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་འགྲེམས་སྟོན་དངོས་པོ་འདི་མཐོང་ཐེངས་རེར་ངའི་སེམས་སུ་དངོས་པོ་འདིའི་བདག་པོ་བློ་མཐུན་ཝང་ཞའོ་ཡུས་དྲན་ཡོང་།

དེ་སྔའི་དམག་སྡེ་བཅོ་བརྒྱད་པའི་འཐབ་མོ་བ་རྒན་གྲས་བློ་མཐུན་ཝང་ཞའོ་ཡུས།
            བློ་མཐུན་ཝང་ཞའོ་ཡུས་ནི1939ལོར་ལས་ཀར་ཞུགས་པའི“གསར་བརྗེ་བ་རྒན་གྲས”ཤིག་ཡིན་ཞིང་། འཇར་འགོག་དམག་འཁྲུག་དང་དེ་བཞིན་བཅིངས་འགྲོལ་དམག་འཁྲུག་སྐབས་ཀྱི་ཧོའེ་ཧའེ་གཡུལ་འགྱེད་དང་། འབྲི་ཆུར་བརྒལ་བའི་གཡུལ་འགྱེད། ལྷོ་ནུབ་ཆེན་པོར་དཔུང་སྐྱོད་བྱེད་པ་དང་ཆབ་མདོའི་གཡུལ་འགྱེད་སོགས་འཐབ་འཛིང་གལ་ཆེན་མང་པོ་བརྒྱུད་མྱོང་། 1950ལོའི་ཟླ2པར་རང་ཉིད་ཡོད་སའི་དམག་དཔུང་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པ་དང་མཉམ་དུ་བོད་ལྗོངས་སུ་བསྐྱོད་པ་དང་། 1984ལོར་ལས་འཁྱུར་ངལ་གསོ་གནང་ལ། བོད་ལྗོངས་སུ་ལོ་ངོ34ཙམ་ལ་ཕྱག་ལས་གནང་།

ཝང་ཞའོ་ཡུས(དཀྱིལ)དང་ཁོང་གི་ལས་གྲོགས། 

ཝང་ཞའོ་ཡུས(དཀྱིལ)དང་ཁོང་གི་ལས་གྲོགས།
            2018ལོའི་ཟླ8པར་སྤོ་བོ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཁྲབ་རྨོག་ལྟེ་གནས་རྫོང་ཨུའི་ཐོག་ཁང་དམར་པོའི་འགྲེམས་སྟོན་ལས་ཀའི་མགོ་ཚུགས་པ་དང་། ངས་རྩ་འཛུགས་ཀྱི་བཀའ་དང་ལེན་ཞུས་ནས་ཁྲེང་ཏུའུ་རུ་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པ་དང་དྲུག་ཅུ་པར་བོད་ལྗོངས་སུ་ལས་ཀ་བྱེད་མཁན་བློ་མཐུན་རྒན་གྲས་ལ་བཅར་འདྲི་བྱེད་པར་སོང་བ་དང་། སྤོ་བོ་ས་ཆའི་གསར་བརྗེའི་ལོ་རྒྱུས་མྱུར་སྐྱོབ་དང་སྔོག་འདོན་བྱས་པ་ཡིན། ཐེངས་དང་པོར་བཅར་འདྲི་བྱེད་སྐབས་མིང་ལ་ཝང་ཞའོ་ཡུས་ཟེར་བའི་རྒན་པོ་ཞིག་ལམ་སེང་ངོ་ཤེས་ལ། ཁོང་གིས་བཅིངས་འགྲོལ་དམག་བོད་ལྗོངས་སུ་ཡོང་རྗེས་ཀྲུང་གུང་སྤོ་བོའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་དྲུང་ཆེའི་འགན་ཁུར་མྱོང་ཞིང་། བཅིངས་འགྲོལ་བཏང་བའི་དུས་མགོར་གནས་འདིར་སླེབས་ནས་སྤོ་བོའི་ས་ཁུལ་གསར་གཏོད་བྱེད་པའི་ལས་ཀའི་ཐད་ལ་བྱས་རྗེས་ཆེན་པོ་བཞག
 
ནད་ལྕི་མོ་ཕོག་ནས་མལ་སར་ལྷུང་བའི་བློ་མཐུན་ཝང་ཞའོ་ཡུས།
            ཁུངས་སྣེ་ཕྲན་བུ་ཙམ་ཡོད་པ་དེ་ལ་བརྟེན་ནས་གང་སར་རྩད་གཅོད་བྱས་རྗེས། ང་ཚོས་གཞི་ནས་ཁོང་གི་སྡོད་གནས་གང་དུ་ཡོད་པ་ཤེས་བྱུང་། ང་ཚོ་ཁོང་གི་ཁྱིམ་དུ་འཚམས་འདྲིར་སླེབས་སྐབས། དགུང་ལོ99ལ་ཕེབས་པའི་བློ་མཐུན་ཝང་ཞའོ་ཡུས་ལ་སྐྲན་ནད་ཕོག་སྟེ་མལ་ཁྲིའི་སྟེང་ནས་ལངས་མི་ཐུབ་པར་གྱུར་ཡོད་ལ།ཁོས་རང་གི་བསམ་ཚུལ་བརྗོད་མི་ཐུབ་ཅིང་བཅར་འདྲི་དང་ལེན་བྱ་རྒྱུ་ནི་དེ་བས་ཀྱང་ངོ་།

བློ་མཐུན་ཝང་ཞའོ་ཡུས་ཀྱི་ཉིན་ཐོ་བཅུ་བདུན།
            ཁོང་གིས་སྟེང་དུ་བོད་ལྗོངས་དང་འབྲེལ་བ་ཡོད་པའི་དཔེ་དེབ་ཀྱིས་ཁེངས་པའི་དཔེ་སྒྲོམ་གྱི་ཟུར་དུ་ཤོག་གྱོང་གིས་བཏུམ་པའི་དཔེ་དེབ་དང་འདྲ་བའི་དངོས་པོ་མང་པོ་ཞིག་བཞག་ཡོད་པ་དང་། དཔེ་དེབ་དང་འདྲ་བའི་དངོས་པོ་དེ་དག་ཁ་ཕྱེས་ནས་ཅོག་ཙེའི་སྟེང་སྤུང་སྐབས་ང་ཚོ་ཧང་སངས་པར་གྱུར། བསམ་ཡུལ་ལས་འདས་པ་ཞིག་ལ་དཔེ་དེབ་ལས་ཀྱང་མཐུག་པའི་དངོས་པོ་འདི་དག་ནི་བློ་མཐུན་ཝང་ཞའོ་ཡུས་ཀྱིས་དངོས་སུ་བྲིས་པའི་ཉིན་ཐོའི་དེབ17རེད། ཉིན་ཐོའི་དེབ་རེ་རེ་ཚང་མར་སེམས་ཆུང་སྒོས་ཤོག་གྱོང་གིས་ཐུམ་བརྒྱབ་ཡོད་པ་དང་། ཐུམ་ཤོག་རེ་རེའི་སྟེང་དུ་སྤུ་སྨྱུག་གིས་ནན་ཏན་སྒོས་སྐབས་དེའི་དུས་ཚོད་བྲིས་ཡོད་ཅིང་། གོ་རིམ་གྱི་ཨང་རྟགས་བཀོད་ཡོད། དེ་རུ1949ལོ་ནས1966ལོའི་བར་ལོ17རིང་གི་ཉིན་ཐོ་ཡོད།

ཝང་ཞའོ་ཡུས་ཀྱི་ཉིན་ཐོའི་ནང་དོན།
            ཤོག་ལྷེ་རེ་འགའ་བསློག་ནས་བལྟས་པ་ན། ཤོག་ངོས་རེ་རེའི་ཡིག་འབྲུ་ཧ་ཅང་ཚགས་དམ་པོ་ཡོད།(ཁོང་གིས་སྐབས་དེར་ཤོག་བུ་དཀོན་པོ་ཡིན་པས། ཤོག་བུ་གྲོན་ཆུང་བྱ་ཆེད་ཡི་གེ་ཧ་ཅང་ཆུང་ཆུང་བྲིས་པ་ཡིན་ཞེས་ཟེར།)ཤོག་ངོས་ཧ་ཅང་གཙང་ཞིང་གྲ་དག་པོ་ཡོད། ཁོང་གི་ཉིན་ཐོའི་ནང་དུ་ཁྱིམ་གྱི་བྱ་བ་ཙག་ཙིག་གི་སྐོར་མེད་ཅིང་། བུ་དང་བུ་མོར་བཅངས་པའི་བརྩེ་བའི་སྐོར་ཡང་མེད་པར། ཚང་མ་ནི་ལས་ཀའི་ནང་དོན་ཟིན་ཐོར་བཀོད་པ་དང་། གུང་ཁྲན་རིང་ལུགས་ཀྱི་ལས་དོན་ལ་བསམ་གཞིག་བྱས་པ། དེ་མིན་ཁོང་གི་གསར་བརྗེའི་ཕུགས་བསམ་ངོ་མ་བཅས་རེད། རྙིང་ནས་སེར་པོར་གྱུར་བའི་ཤོག་བུ་འདིར་ཁོང་གི་ལས་ཀའི་ཁྲོད་ཀྱི་བསམ་གཞིག་བཀོད་ཡོད་ཅིང་། ཁོང་གི་སེམས་ཁམས་ཀྱི་བརྒྱུད་རིམ་བྲིས་ཡོད་ལ། སྤྲོ་སེམས་རབ་ཏུ་འཁོལ་ཞིང་སྤྱིར་བཏང་མིན་པའི་སྐབས་དེའི་ལོ་ཟླ་བྲིས་ཡོད། ལོ་ངོ70ཙམ་འདས་ཟིན། ཁོ་རང་ཉིད་ལས་མི་གཞན་པས་ཕལ་ཆེར་ཉིན་ཐོའི་དེབ་འདི་དག་ལ་བལྟས་མྱོང་མེད་མོད། འོན་ཀྱང་དེས་ཁོང་གི་ཏན་ཏན་ཏིག་ཏིག་གི་མི་ཚེ་ལ་ཤུགས་རྐྱེན་གང་ཡང་ཐེབས་མི་སྲིད།

གསར་འགོད་པས་བགྲེས་སོང་ཝང་ཞའོ་ཡུས་ལ་བཅར་འདྲི་བྱེད་པ།
            ངས་ཁོང་ལ་ཉིན་ཐོ་ཕྱིར་སྤོ་བོ་ལ་ཁྱེར་ན་ཆོག་གམ་ཞེས་དྲིས་པ་ན། ཁོས་མགོ་བོ་ལྕོག་ལྕོག་གནང་ནས། “འཐད་པ་ཡིན”ཞེས་བཤད། ངས་ཁོང་ལ་རེ་བ་ཅི་ཞིག་ཡོད་པ་འདྲི་སྐབས། ཁོས་མགོ་བོ་གཡུག་གཡུག་བྱེད་བཞིན། “ཅི་ཡང་མི་དགོས།”ཞེས་བཤད། ངས་ཁོང་གི་ལག་པར་འཇུས་སྐབས། ཁོང་གིས་ཧ་ཅང་ཐང་ཆད་པའི་སྒོ་ནས་ང་ལ་ངས་ཚེ་གང་པོར་བརྗེད་པར་དཀའ་བའི་སྐད་ཆ་ཚིག་གཅིག་ཁ་སྣོན་བརྒྱབ་པ་སྟེ། “རྩ་འཛུགས་ལ་བླང་བྱ་ཅི་ཞིག་འདོན་ནམ། ང་ལ་གོམས་གཤིས་དེ་འདྲ་མེད། སྤོ་བོ་ལ་ཐུགས་རྗེ་ཆེ། བོད་ལྗོངས་ལ་ཐུགས་རྗེ་ཆེ།”ཞེས་ཟེར། ཁོས་ཅོག་ཙེའི་སྟེང་གི་ཤོག་ལྷེ་འགའ་ལ་ཅེར་ནས་འདུག་ལ། དེ་ནི་ཁོས་འབྲི་འགོ་བརྩམས་ནས་ད་དུང་བྲིས་མ་ཚར་བའི་དྲན་ཐོ་རེད། ང་ཚོ་དང་མཉམ་དུ་བཅར་འདྲི་བྱེད་པར་སོང་བའི་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པ་ནན་ཚུན་གྱིས་བརྗོད་དོན། “མི་ཞིག་གིས་རང་ཉིད་ཀྱི་ཆེད་དུ་འཚོ་བ་ཡག་པོར་རོལ་ཐུབ་པ་དང་། ཟས་ཡག་པོ་ཟ་ཐུབ་པ། གྱོན་པ་ཡག་པོ་གྱོན་ཐུབ་པ། སྐྱིད་ལ་རོལ་ཐུབ་པ་བཅས་བྱེད་ཐུབ་མོད། འོན་ཀྱང་མི་ཞིག་གིས་རང་གི་མི་ཚེ་དོན་སྙིང་ལྡན་པ་ཞིག་ཡོང་བ་བྱེད་པ་ནི་ཏན་ཏན་མི་གཞན་གྱི་ཆེད་དུ་ཡིན་ངེས།”ཞེས་བཤད།

ཉིན་ཐོ་སྤོ་བོ་རྫོང་གི་ཐོག་ཁང་དམར་པོར་སླེབས་པ།
            ངས་ཉིན་ཐོ་དེབ17པོ་འདི་དམ་པོར་བསྡམས་ནས་ཕྱིར་བོད་ལྗོངས་སུ་ལོག་པ་ཡིན་ལ།  དོན་དག་ཅི་ཞིག་བྱུང་ཡོང་སྙམ་ནས་སེམས་ཁྲལ་བྱས། ང་ཕྱིར་བོད་ལྗོངས་སུ་ལོག་སྐབས་ཀྱི་གོམ་སྟབས་ནི་ལྗིད་ཏིག་ཏིག་དང་། སེམས་ཁམས་ནི་རྙོག་འཛིང་གིས་ཁེངས། བོད་སྐྱོད་པ་རྒན་གྲས་ཁོང་གི་གཏིང་རིང་བའི་མིག་མདངས་དང་། ཚིག་ཐུང་ལ་གནས་ལུགས་ལྡན་པའི་སྐད་ཆ་དེ་དག་ངས་དུས་ནམ་ཡང་བརྗེད་མི་སྲིད། ཉིན་ཐོ་སྤོ་བོའི་ཐོག་ཁང་དམར་པོར་བསྐྱལ་རྗེས། སྤོ་བོའི་གསར་བརྗེའི་ལོ་རྒྱུས་སླར་གསོ་དང་ཐོག་ཁང་དམར་པོའི་འགྲེམས་སྟོན་ཁྲོད་ཆེས་གལ་ཆེ་བའི་ལོ་རྒྱུས་ཡིག་ཆར་གྱུར། ཡིག་ཚགས་དང་ཡིག་ཆ་ཚང་མའི་ཁྲོད་རྙེད་མི་ཐུབ་པའི་དུས་ཚོད་དང་ལས་ཀའི་ནང་དོན་སོགས་བློ་མཐུན་ཝང་ཞའོ་ཡུས་ཀྱི་ཉིན་ཐོའི་ནང་ཞིབ་ཅིང་ཕྲ་བའི་སྒོ་ནས་བཀོད་ཡོད།

བགྲེས་སོང་ཝང་ཞའོ་ཡུས་ཀྱིས་ཉར་ཚགས་བྱས་པའི་བོད་ལྗོངས་སུ་ལས་ཀ་བྱེད་སྐབས་བླངས་པའི་འདྲ་པར།

            ཟླ་བཞིའི་རྗེས་སུ། ང་ལ་ཝང་ཞའོ་ཡུས་ཀྱི་གཉེན་ཉེ་ཡིས་བསྐུར་བའི་གནས་ཚུལ་ཞིག་འབྱོར་བ་སྟེ། “དེ་རིང་ཕྱི་དྲོའི་ཆུ་ཚོད་གཉིས་དང་སྐར་མ་ཉེར་ལྔའི་སྟེང་ཁོ་རང་ཕེབས་སོང་།”ཟེར། སྐབས་དེར་ངའི་སེམས་པ་སྦྲིད་པར་གྱུར་ཞིང་མིག་ནས་མཆི་མ་དབང་མེད་དུ་ཤོར། ངས་ཁོང་ལ་འདས་མཆོད་མེ་ཏོག་ཕྲེང་བ་ཞིག་ཕུལ་ན་ཆོག་གམ་ཞེས་འདྲི་སྐབས། ཁོང་གི་གཉེན་ཉེ་ཡིས་“ཁོང་རང་བློ་བདེ་མོའི་ངང་ཕེབས་སོང་། གྲོངས་ཁར་ང་ཚོར་མྱ་ངན་ཞུ་བའི་ཚོགས་འདུ་དང་སྐུ་གདུང་ལ་གྱེས་བྲལ་ཞུ་བ་སོགས་མཛད་སྒོ་སྣ་ཚོགས་འཚོགས་མི་ཆོག་ལ། སྐྱེས་དངུལ་དང་འདས་མཆོད་མེ་ཏོག་ཕྲེང་བ་ཡང་ལེན་མི་ཆོག་པ་དང་། རྩ་འཛུགས་ལ་དཀའ་ལས་བཟོ་མི་ཆོག གལ་ཏེ་གཉེན་ཉེ་ཚོས་ཁོང་གི་རེ་འདོད་དང་འགལ་བར་བྱས་ན། དེ་ནི་ཁོང་ལ་ཧ་ཅང་བརྩི་བཀུར་མ་བྱས་པ་ཡིན།”ཞེས་བཤད་བྱུང་ཟེར། གཉེན་ཉེ་ཚོས་ཁོང་གི་བསམ་ཚུལ་ལ་བརྩི་སྲུང་བྱས་ནས་འདས་མཆོད་ཧ་ཅང་སྟབས་བདེ་ཞིག་བསྒྲུབས་ཤིང་། མཐའ་འཁོར་དུ་གཉེན་ཉེ་ཁ་ཤས་ལས་མེད། དེ་ནས་ཉིན་གསུམ་འགོར་རྗེས《བོད་ལྗོངས་ཉིན་རེའི་ཚགས་པར》ཐོག་བློ་མཐུན་ཝང་ཞའོ་ཡུས་སྐུ་གཤེགས་པའི་གནས་ཚུལ་བཀོད་པའི་ནང“ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་དང་། དེ་སྔ་ན་གོར་མོ་རུ་བཅའ་སྡོད་བྱེད་པའི་བོད་རང་སྐྱོང་ལྗོངས་དོན་གཅོད་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་ཡིན་པའི་བློ་མཐུན་ཝང་ཞའོ་ཡུས་ལ་སྨན་བཅོས་བྱས་ཀྱང་མ་ཕན་པར2018ལོའི་ཟླ12པའི་ཚེས13ཉིན་སི་ཁྲོན་ཁྲེང་ཏུའུ་རུ་སྐུ་གཤེགས་པ་དང་། དགུང་ལོ99རེད། ཁོང་སྐུ་གཤེགས་པ་ནི་ང་ཚོ་ལ་ཏང་ཡོན་བཟང་པོ་ཞིག་དང་བློ་མཐུན་བཟང་པོ་ཞིག་མེད་པར་གྱུར་པ་རེད།”ཅེས་བྲིས་ཡོད།

བོད་ལྗོངས་སྤོ་བོ་རྫོང་ཁྲབ་རྨོག་ལྟེ་གནས་རྫོང་ཨུའི་ཐོག་ཁང་དམར་པོ། 

དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པས་སྤོ་བོའི་ཐོག་ཁང་དམར་པོ་རུ་བློ་མཐུན་ཝང་ཞའོ་ཡུས་ཀྱི་ཉིན་ཐོར་གཟིགས་པ།
            བློ་མཐུན་ཝང་ཞའོ་ཡུས་ནི་དམག་སྡེ་བཅོ་བརྒྱད་པའི་འཐབ་མོ་བ་རྒན་གྲས་ཤིག་དང་། གུས་པར་འོས་པའི་བོད་སྐྱོད་པ་རྒན་གྲས་ཤིག ད་དུང་གུང་ཁྲན་ཏང་ཡོན་ངོ་མ་ཞིག་ཡིན། ཁོང་ནི་ང་ཚོས་དུས་ནམ་ཡང་གོང་དུ་བཀུར་བའི་མཛད་རྗེས་རྡོ་རིང་ལྟ་བུ་ཞིག་དང་། ང་ཚོའི་ཚེ་གང་གི་མིག་དཔེ་ཞིག ལྷག་པར་དུ་ང་ཚོས་གསར་བརྗེའི་ལས་དོན་ཡག་པོ་བསྒྲུབ་པའི་བསམ་པའི་སྒུལ་ཤུགས་ཤིག་རེད། ང་ནི2016ལོར་བོད་ལྗོངས་སུ་ལས་ཀ་བྱེད་པར་བསྐྱོད་པའི“བོད་བསྐྱོད་པ་གཞོན་གྲས”ཤིག་དང་། དུས་རབས་གསར་པའི་གསར་བརྗེའི་ལོ་རྒྱུས་ལ་དངོས་སུ་འཕྲད་མཁན་ཞིག་ཡིན་པའི་ངོས་ནས། ངས་བསྒྲུབ་ཐུབ་པ་ནི་ནུས་ཤུགས་ཡོད་རྒུ་བཏོན་ནས་ལས་དོན་ཡག་པོར་བསྒྲུབ་པ་དང་། ལོ་རྒྱུས་མྱུར་སྐྱོབ་དང་། ལོ་རྒྱུས་ལ་བརྩི་འཇོག ལོ་རྒྱུས་ལ་སྐད་ཆ་ཤོད་དུ་འཇུག་རྒྱུ་དེ་ཡིན་ཞིང་། གསར་བརྗེའི་སློབ་གསོ་དེ་ངེས་པ་དོན་གྱིས་སེམས་ལ་སིམ་པར་བྱེད་པ་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དེ་དུས་རབས་གསར་པར་གསོན་ཤུགས་གསར་པ་རྒྱས་སུ་འཇུག་དགོས། གསར་བརྗེའི་ལོ་རྒྱུས་སྔོག་འདོན་བྱེད་མཁན་དང་གསར་བརྗེའི་གཏམ་རྒྱུད་བཤད་མཁན་ཞིག་བྱེད་དགོས་པ་མ་ཟད། ལྷག་པར་དུ་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་མཁན་དང་གསར་བརྗེའི་སྙིང་སྟོབས་ལག་ལེན་བྱེད་མཁན་ཞིག་བྱས་ཏེ། ལོ་ཁ་ཤས་སོང་རྗེས་ང་ཡང་ཝང་ཞའོ་ཡུས་དང་འདྲ་བར་མི་རབས་ཤིག་གི“བོད་སྐྱོད་པ་རྒན་གྲས”སུ་འགྱུར་ཐུབ་པ་བྱེད་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།