ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་སྨར་ཁམས་ཀྱི་དཔྱིད་ཀའི་རྐང་རྩེད་སྤོ་ལོའི་མཛའ་འབྲེལ་འགྲན་བསྡུར།

སྤེལ་དུས 2021-04-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། དཔྱིད་ཀྱི་ཉི་འོད་འཇམ་པོ་དྲོད་ལམ་མེར་འཆར་ཞིང་། སྐྱེ་དངོས་ཡོད་ཚད་ལྗང་མདོག་ཏུ་གྱུར་པའི་ཟླ་བཞི་པར། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་རྐང་རྩེད་སྤོ་ལོའི་མཛའ་འབྲེལ་འགྲན་བསྡུར་གྱི་འགྲན་ཐེངས་དང་པོ་དེ་སྨར་ཁམས་རྫོང་སློབ་ཆུང་གཉིས་པའི་རྐང་རྩེད་སྤོ་ལོ་ར་བའི་ནང་དུ་འགྲན་འགོ་ཚུགས་པ་རེད།
སྨར་ཁམས་རྫོང་རྐང་རྩེད་སྤོ་ལོའི་མཛའ་འབྲེལ་འགྲན་བསྡུར་སྤེལ་བའི་ཡུལ་དངོས།
       མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནི་སྨར་ཁམས་རྫོང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དུས་རབས་གསར་པའི་ཤེས་རིག་ལག་ལེན་བརྗོད་དོན་བྱས་པ་ཞིག་ཡིན་ཞིང་། བསྡོམས་པས་སྤོ་ལོའི་རུ་ཁག7འགྲན་བསྡུར་ནང་ཞུགས་ཡོད་པ་དང་། རུ་མི་མང་ཆེ་ཤོས་ནི་གྱ་རབས་པ་དང་གོ་རབས་པའི་ལས་བྱེད་ལས་བཟོ་པ་རེད།
       འགྲན་བསྡུར་ནི་སྣ་རྐྱང་འཁོར་མའི་འགྲན་བསྡུར་གྱི་རྣམ་པས་འགོ་བརྩམས་ཤིང་། སྐར་གྲངས་ཀྱི་ཨང་རིམ་རྗེས་སུ་ཡོད་པའི་སྤོ་ལོའི་རུ་ཁག3འདོར་ལེན་བྱས་རྗེས། དེ་ནས་རྒྱལ་ཁ་བླངས་ཟིན་པའི་རུ་ཁག4ཡི་ཁྲོད་ནས་ཨང་དང་པོ་དང་གཉིས་པ། གསུམ་པའི་རྟིང་རྩོད་ཨང་རིམ་རྩོད་དགོས་པ་དང་། གཟའ་འཁོར་གཉིས་སྤྱད་ནས་འགྲན་བསྡུར་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
       སྨར་ཁམས་རྫོང་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་རྡོ་རྗེ་བཀྲ་ཤིས་ཀྱིས་དགའ་སྤྲོའི་ངང་བཤད་རྒྱུར། མི་དེ་བས་མང་པོས་ཁ་པར་དང་གློག་ཀླད་བསྐྱུར་ནས་སྔོ་ལྗང་གི་སྤང་ཐང་ར་བའི་ནང་དུ་ཡོང་སྟེ། དྲོད་ལམ་ལམ་གྱི་ཉི་འོད་འོག་ནས་རྔུལ་ཆུ་ཤུམ་ཤུམ་དུ་བཞུར་ཞིང་སྤྲོ་སེམས་ཀྱིས་འཁོལ་བའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།