ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྔ་གཅིག་ངལ་གསོའི་དུས་ཚོད་བཀོད་སྒྲིག་ཁྱབ་བསྒྲགས་བྱས་འདུག

སྤེལ་དུས 2021-04-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
        ཟླ4པའི་ཚེས12ཉིན། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་ལས་ཐིང་ནས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་བརྡ་ཐོའི་དགོངས་དོན་གཞིར་བཟུང་ནས། ད་ལྟ2021ལོའི་ངལ་རྩོལ་དུས་ཆེན་གྱི་ངལ་གསོའི་དུས་ཚོད་བཀོད་སྒྲིག་གི་བརྡ་ཐོ་བཏང་བ་གཤམ་གསལ་ལྟར།
        ཟླ5པའི་ཚེས1ཉིན(གཟའ་སྤེན་པ།)ནས་ཚེས5བར(གཟའ་ལྷག་པ།)ངལ་གསོ་བྱ་རྒྱུ་དང་། ཁྱོན་བསྡོམས་ཉིན5ཡོད།
        ཟླ4པའི་ཚེས25ཉིན(གཟའ་ཉི་མ།)དང་ཟླ5པའི་ཚེས8ཉིན(གཟའ་སྤེན་པ།)ལས་ཚོགས་ལ་ཞུགས་དགོས།  
        རྒྱ་ཆེའི་གྲོང་མིས་སྔ་ས་ནས་ལས་ཀ་དང་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ནས།དུས་ཆེན་གྱི་སྐབས་སུ་བདེ་འཇགས་ལ་དོ་སྣང་དང་། མི་སྣ་འདུ་འཛོམས་བྱེད་པ་ཉུང་དུ་གཏོང་བ། མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སྤྲོ་སྣང་དང་ཞི་མཐུན་གྱི་དུས་ཆེན་ཞིག་གཏོང་རོགས།
       (གལ་ཏེ་ཁྱོད་ཀྱིས་དགོངས་པ་ཞུ་ཐུབ་ན། ཉིན9ལ་ངལ་གསོ་བྱེད་ཐུབ།)

        ཝུའུ་ཙུན་ཡིའུ་ཡིས་བརྗོད་དོན། 
        ལྔ་གཅིག་ངལ་གསོའི་སྐབས་གཞི་ཁྱོན་ཆེ་བའི་འདུ་འཛོམས་དང་གསོལ་སྟོན་ལ་མི་ཞུགས་པའམ་དེའི་སྐོར་རྩ་འཛུགས་བྱ་མི་རུང་།
        ཟླ4པའི་ཚེས11ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་ཚོད་འཛིན་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་རིམས་ནད་འགོག་ཁབ་རྒྱག་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
        ཚོགས་འདུའི་ཐོག་ཀྲུང་གོའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ནད་ཡམས་རིག་པའི་དབུ་བཞུགས་ཆེད་མཁས་པ་ཝུའུ་ཙུན་ཡིའུ་ཡིས་ལྔ་གཅིག་ངལ་གསོའི་དུས་ཚོད་ཐོན་ལ་ཉེ་བས། ཚང་མ་ཕྱི་ལ་སོང་ནས་དཔྱིད་དཔལ་གྱི་མཛེས་སྡུག་ལོངས་སུ་སྤྱོད་འོས། འོན་ཀྱང་དུས་མཚུངས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་ལྷོད་གཡེང་དུ་གཏོང་མི་རུང་བ་དེ་དུས་དང་རྣམ་པ་ཀུན་ཏུ་ཡིད་ལ་བརྟན་པོར་ངེས་དགོས། ལྷག་པར་དུ་ངལ་གསོའི་སྐབས་སུ་གཞི་ཁྱོན་ཆེ་བའི་འདུ་འཛོམས་དང་གསོལ་སྟོན་སོགས་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་རྩ་འཛུགས་དང་དེའི་ནང་ཞུགས་མི་རུང་ཞེས་བསྟན།
        ཡུལ་སྐོར་ལ་འགྲོ་བའི་ལམ་བར་དུ་རིམས་ནད་སྔོན་འགོག་རྒྱུན་རྣམ་ཅན་གྱི་མི་སྒེར་གྱི་སྔོན་འགོག་བྱེད་ཐབས་དོན་འཁྱོལ་བྱེད་པ་སྟེ། ཁ་རས་རྒྱག་པ། སྤྱི་ཚོགས་འབྲེལ་བའི་བར་ཐག་རྒྱུན་འཁྱོངས་བྱེད་པ། ལག་པ་གཙང་མ་བཀྲུ་བ་དང་། རླུང་རྒྱུག་པར་བྱེད་པ་བཅས་ཀྱི་བྱེད་ཐབས་འདི་དག་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། དེ་ལྟར་བྱས་ན་ང་ཚོ་ཚང་མས་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱོད་ཐུབ་པ་དང་། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཐུབ་པ་མ་ཟད། ཡིད་དུ་འོང་བའི་དཔྱིད་ཀའི་དུས་ཚོད་ཀྱང་ལོངས་སུ་སྤྱོད་ཐུབ།
        ངལ་རྩོལ་དུས་ཆེན་སྐབས་སུ་ལས་དུས་སྣོན་པའི་གླ་ཕོགས་ཇི་ལྟར་བརྩི་དགོས་སམ།
       《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བཅའ་ཁྲིམས།》གཞིར་བཟུང་།
        ཟླ5པའི་ཚེས1ཉིན(ངལ་རྩོལ་དུས་ཆེན་གྱི་ཉིན་མོ།)ལ། ངལ་རྩོལ་པར་ལས་ཀ་བཀོད་སྒྲིག་བྱས་ན། གླ་ཕོགས་ཀྱི300%ལས་མི་ཉུང་བའི་ཕོགས་སྤྲོད་དགོས།
        ཁྲིམས་བཀོད་ཀྱི་དུས་ཆེན་དང་ངལ་གསོའི་དུས་སུ་ལས་དུས་སྣོན་པའི་གླ་ཕོགས=ཟླ་རེའི་གླ་ཕོགས་ཀྱི་གཞི་གྲངས÷ཉིན21.75×300%
        ཟླ5པའི་ཚེས2ཉིན་ནས་ཟླ5པའི་ཚེས5ཉིན་བར། ངལ་རྩོལ་པར་ལས་ཀ་བཀོད་སྒྲིག་བྱས་ཀྱང་ངལ་གསོ་ཁ་གསབ་བྱེད་མི་ཐུབ་ན། གླ་ཕོགས་ཀྱི200%ལས་མི་ཉུང་བའི་ཕོགས་སྤྲོད་དགོས།
        ངལ་གསོའི་ཉིན་མོར་ལས་དུས་སྣོན་པའི་གླ་ཕོགས=ཟླ་རེའི་ཟླ་ཕོགས་ཀྱི་གཞི་གྲངས÷ཉིན21.75×200%×ཉིན4
རྩོམ་སྒྲིག་པ། སྣང་རྡོར།