ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

2021ལོའི“དཔྱིད་རླུང་འགུལ་སྐྱོད”ཀྱི་ཆེད་དོན་ལས་མི་བསྡུ་བའི་ཚོགས་འདུ་སྤེལ།

སྤེལ་དུས 2021-04-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི“ལས་ཞུགས་བསྡུ་ལེན་གྱི་ནུས་པར་རྒྱབ་སྐྱོར་དང་སྐྱེད་བསྲིངས་བྱས་ཏེ། ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་པོ་མཁོ་འདོན་གནང་རྒྱུ་དང་། ཐབས་ལམ་སྣ་མང་གི་ཚོང་རའི་ལས་ཞུགས་ལ་སྐུལ་འདེད་གཏོང་པའི”མཛུབ་སྟོན་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་ཆེད།  ཟླ4པའི་ཚེས10ཉིན། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་མི་ཤུགས་ཐོན་ཁུང་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་“ངལ་ལས་བསྐྲུན་ཏེ་སྡིངས་ཆ་འབྲེལ་མཐུད་ཀྱིས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ”བརྗོད་གཞིར་བཟུང་སྟེ། 2021ལོའི“དཔྱིད་རླུང་འགུལ་སྐྱོད”གྱི་མི་ཤུགས་ཐོན་ཁུངས་ཀྱི་ཆེད་དོན་ལས་བསྡུའི་ཚོགས་འདུ་སྤེལ་བ་རེད།

ལས་མི་བསྡུ་བའི་ཡུལ་དངོས།

ལས་མི་བསྡུ་བའི་ཡུལ་དངོས།
          རྒྱུས་ལོན་བྱུང་བར་ལྟར་ན། ད་ཐེངས་ཀྱི་ལས་མི་བསྡུ་བའི་ཚོགས་འདུར་ཆེད་མི་བཀོད་སྒྲིག་བྱས་ཏེ་ལས་འཚོལ་མི་སྣར་“ཕན་ཚུན་ངོ་འཕྲོད”ཀྱིས་ལས་ཞུགས་མཛུབ་སྟོན་གནང་པ་དང་། ལས་མི་བསྡུ་བའི་ཁེ་ལས་དང་ལས་ཞུགས་ལས་གནས་གནད་ལ་འཁེལ་བའི་ངོ་སྤྲོད་གནང་། ད་ཐེངས་ཀྱི་ལས་བསྡུའི་ཚོགས་འདུར་ཡུལ་དངོས་སུ་ལས་འཚོལ་མི་སྣ906འབྱོར་ཡོད་ཅིང་། དེའི་ཁྲོད་སྐྱེས་པ557དང་བུད་མེད349ཡོད་པ། ཆེ་འབྲིང་ཆེད་སྦྱོང་མཐར་ཕྱིན་སློབ་མ278ཡོད་པ། དམག་ཁོངས་ནས་བུད་པའི་དམག་མི31ཡོད་པ།   གྲོང་ཤང་གི་ངལ་རྩོལ་ནུས་ཤུགས597ཡོད་པ་རེད། ཡུལ་དངོས་སུ་མོས་འཐད་རང་བཞིན་གྱི་ཆིངས་ཡིག་འཇོག་མཁན189ཡོད་ལ། མི་གྲངས1300ལ་སྲིད་ཇུས་ཀྱི་བློ་འདྲི་མཁོ་འདོན་གནང་པ་དང་དྲིལ་སྒྲོག་ཡིག་ཆ་རིགས་མི་འདྲ་བ2500བཀྲམས་ཡོད་པ་རེད།
ལས་མི་བསྡུ་བའི་ཡུལ་དངོས།