ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དབྱང་ཆན་གྱིས་ཡང་བསྐྱར་གསེར་གྱི་རྟགས་མ་བླངས།

སྤེལ་དུས 2021-07-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

ཏུང་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་སྨི10ཡི་དབུགས་མདའ་མཉམ་བསྲེས་ཚོགས་པའི་ལུས་རྩལ་རྣམ་གྲངས་ཀྱི་ཨང་དང་པོ་བླངས་རྗེས།
དབྱང་ཆན་གྱིས་འོག་གི་པོད་འཕྲིན་འདི་སྤེལ། 
 
ཚེས27ཉིན་གྱི་ཕྱི་དྲོར།
དབྱང་ཆན་དང་དབྱང་ཧའོ་རན་གྱིས་དབུགས་མདའ་མཉམ་བསྲེས་ཚོགས་པའི་ལུས་རྩལ་རྣམ་གྲངས་ཀྱི་ཨང་དང་པོ་བླངས་ཤིང་།
ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་དགུ་པ་ཐོབ་པ་དེ་ཀུན་གྱིས་གླེང་གཞི་ཚ་ཤོས་སུ་གྱུར་ཡོད།
 
 བྱ་དགའ་སྤྲོད་པའི་སྟེགས་བུའི་སྟེང་།
དབྱང་ཆན་གྱིས་ཡང་བསྐྱར་བརྩེ་སེམས་མཚོན་པའི་ལག་བརྡ་བསྟན་པ་དང་།
ཁོ་མོའི་འགྲམ་གྱི་དབྱང་ཧའོ་རན་གྱི་གདོང་པར་ཡང་འཛུམ་གྱི་ཁེངས། 
 
འགྲན་བསྡུར་མཇུག་འགྲིལ་རྗེས། དབྱང་ཆན་གྱིས་སླར་ཡང་བརྩེ་སེམས་མཚོན་པའི་ལག་བརྡ་སྟོན་པ།
 ཚེས24ཉིན།
སྐྱེས་མའི་སྨི10ཡི་དབུགས་མདའི་རྟིང་རྩོད་འགྲན་བསྡུར་སྟེང་།
དབྱང་ཆན་གྱིས་ཨང་དང་པོ་བླངས་པ་དང་།
ཏུང་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་ཐོབ་ཅིང་།
ཁོ་མོའི་བརྩེ་སེམས་མཚོན་པའི་ལག་བརྡའི་བརྙན་པར་དྲ་ལམ་ཡོངས་སུ་ཁྱབ།
 
 ཀྲུང་གོའི་ན་གཞོན་ཚགས་པར་གྱི་གསར་འགོད་པས་ཁོ་མོར་“ཨང་དང་པོ་ཐོབ་རྗེས་ཅི་ཞིག་བཟའ་འདོད་འདུག་གམ”ཞེས་དྲིས་པ་ན།
དབྱང་ཆན་གྱིས་ཧ་ཅང་དྲང་མོའི་ངང་ནས།
“ཨ་མས་བཟོས་པའི་སྣུམ་བཙོས་ཆུ་འབུ་ཚོད་མ་བཟའ་འདོད་འདུག”ཅེས་ལན་བཏབ།
 
ད་ལྟ་ཨ་མས་ཁོ་མོར་བརྡ་ལན་བརྒྱབ་པ་སྟེ།
“སྣུམ་བཙོས་ཆུ་འབུ་ཚོད་མ་འདང་ཚད་ཡོད”ཅེས་བཤད།

 ཤེས་རྟོགས་བྱུང་བར་གཞིགས་ན།
2016ལོའི་ལོ་མགོར། དབྱང་ཆན་ཆིང་ཧྭ་སློབ་ཆེན་གྱི་མདའ་འཕེན་རུ་ཁག་ཏུ་བསྡུས་པ་དང་།
ལོ་གཉིས་ཀྱི་རྗེས་སུ། ཆིན་ཧྭ་སློབ་ཆེན་གྱི་དཔལ་འབྱོར་དོ་དམ་སློབ་གླིང་དུ་རྒྱུགས་འཕྲོད།
 
00རབས་པ་འདི།
ལོ19ཡི་སྟེང་རྒྱལ་ཁབ་རུ་ཁག་ཏུ་བདམས་ཐོན་བྱུང་ལ།
ལོ21གི་ཐོག་ཏུ་ཨོ་རྩལ་འགྲན་ཚོགས་སུ་ཨང་དང་པོ་ཐོབ།
 
གསེར་གྱི་རྟགས་མ་གཉིས་པ་བླངས་རྗེས།
དབྱང་ཆན་སྐབས་འདིའི་ཨོ་རྩལ་འགྲན་ཚོགས་སུ་གསེར་གྱི་རྟགས་མ་གཉིས་ཐོབ་མཁན་ཐོག་མ་རུ་གྱུར་ཅིང་།
ལྷག་པར་དུ་ཀྲུང་གོའི་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་སུ00རབས་པའི་གསེར་གྱི་རྟགས་གཉིས་ཐོབ་མཁན་ཐོག་མ་དེ་ཆགས་པ་རེད། 
 
ལོ་ངོ་བརྒྱད་ཀྱི་རིང་ལ།
རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནས་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་བར།
ལོ25ལ་སླེབས་པའི་དབྱང་ཧའོ་རན་གྱིས་
གཞི་ནས་དབུགས་མདའ་འགྲན་བསྡུར་གྱི་རྣམ་གྲངས་སོ་སོའི་བྱ་དགའ་ཆ་ཚང་བླངས་བ་རེད།
 
ཟླ7པའི་ཚེས27ཉིན། དབྱང་ཆན་དང་དབྱང་ཧའོ་རན་བྱ་དགའ་སྤྲོད་པའི་མཛད་སྒོའི་སྟེང་ཡོད་པ།
 གསེར་གྱི་རྟགས་མ་བླངས་ཤིང་། བརྩེ་སེམས་མཚོན་པའི་ལག་བརྡ་བསྟན་རྗེས།
དྲ་ཐོག་གི་དཔྱད་བརྗོད་ཁུལ་ཚ་ཚ་འུར་འུར་དུ་གྱུར།