ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཨ་རི་ནས་བདའ་འདེད་ཚུར་ལེན་བྱས་པའི་རིག་དངོས་བོད་ལ་སྤྲད་པ།

སྤེལ་དུས 2021-09-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
            གསར་འགོད་པས་དེ་རིང་འཚོགས་པའི་རྒྱལ་ཡོངས་རིག་དངོས་བོད་སྐྱོར་ལས་དོན་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཐོག་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་རིག་དངོས་ཅུད་ཀྱིས་ཨ་རི་ནས་བདའ་འདེད་ཚུར་ལེན་བྱས་པའི་གསེར་ཟངས་ལས་གྲུབ་པའི་ཚེ་དཔག་མེད་ཀྱི་སྐུ་བརྙན་སོགས་རིག་དངོས་སྒྱུ་རྩལ་དངོས་པོ་ཁག12བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལ་ཉར་ཚགས་བྱ་རྒྱུར་སྤྲད་ཡོད་པ་རེད། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་ད་དུང་འབྲེལ་ཡོད་ཆེད་མཁས་སྒྲིག་འཛུགས་བྱས་ནས་རིག་དངོས་དེ་དག་ལ་དཔྱད་དཔོག་བྱ་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།