ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལོ18ལ་སླེབས་པའི་བུ་མོ་འདིས་རྨོ་བོ་ཁྲིད་ནས་སློབ་ཆེན་འགྲིམ་པ།

སྤེལ་དུས 2021-09-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
ཟླ9པའི་ཚེས26ཉིན་ཅང་སུའུ་ཧོའེ་ཨན་དུ།
ཧོའེ་དབྱིན་དགེ་འོས་སློབ་གླིང་གི་སློབ་མ་གསར་པ་རྣམས་སློབ་འགོ་ཚུགས་ཤིང་།
བུ་མོ་ཡན་ཧའེ་ཡིས་ལོ64ལ་སླེབས་པའི་རྨོ་བོ་ལོང་བ་ཞིག་ཁྲིད་དེ།
སློབ་གྲྭར་འབྱོར་ཐོ་བཀོད།
རྨོ་བོ་ཁྲིད་དེ་སློབ་ཆེན་འགྲིམ་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན།
བུ་མོས“ང་རྨོ་བོ་ལ་སེམས་ཁྲལ་ཆེན་པོ་འདུག”ཅེས་བཤད་པས་མི་ལ་སེམས་འགུལ་ཐེབས་སུ་བཅུག

སློབ་ཆེན་ལ་ཡིག་ཚད་ལོན་རྗེས།
ལོང་བ་ཡིན་པའི་རྨོ་བོ་ནི་མོའི་སེམས་ཁྲལ་ཆེ་ཤོས་དེར་གྱུར། 
ད་ལོར་ལོ18ལ་སླེབས་པའི་ཡན་ཧའེ་ནི།
ཅང་སུའུ་ཐའེ་ཀྲོའུ་ཅང་ཡན་ཁུལ་ཅང་ཏའོ་གྲོང་རྡལ་ནས་ཡིན།
ལོ6ལ་སླེབས་སྐབས་ཁྱིམ་ཚང་དབུལ་བའི་རྐྱེན་གྱིས་ཨ་མ་ཁྱིམ་ལས་ཐོན་པ་དང་།
ལོ12ལ་སླེབས་སྐབས་ཨ་ཕ་མཆིན་སྐྲན་གྱིས་ཚེ་ལས་འདས།
དེའི་རྗེས་སུ་མོ་རང་མིག་ཟུང་ལོང་བའི་རྨོ་བོ་དང་།
ཕན་ཚུན་བརྟེན་ནས་མཉམ་དུ་འཚོ་བ་བསྐྱལ། 

གཅེས་སེམས་མི་སྣའི་རོགས་རམ་འོག
ཡན་ཧའེ་སློབ་གྲྭར་འགྲོ་ཞོར་དུ།
གུང་གསེང་སྐབས་སུ་ཟ་ཁང་ནས་ལས་ཀ་བྱས་ཏེ་ཁྱིམ་ཚང་གི་འགྲོ་སོང་ལ་ཁ་གསབ་བྱས།

ད་ལོའི་དབྱར་ཁར།
ཡན་ཧའེ་ཡིས་ཧའེ་དབྱིན་དགེ་ཐོན་སློབ་གླིང་ཞེས་པའི།
ལོ་རྒྱུས་རིག་གནས་ཡུལ་སྐོར་སློབ་གླིང་གི་ཡུལ་སྐོར་དོ་དམ་ཆེད་ལས་ལ་ཡིག་ཚད་ལོན་འཕྲོད་པ་དང་།
སློབ་བསྡུའི་བརྡ་ཐོ་འབྱོར་རྗེས།
མོས་དགའ་སྤྲོའི་ངང་ནས་གྲོགས་ཚོམས་སུ།
“བྱ་གག་ཆུང་ཆུང་ཆུ་ལ་རྐྱལ་བཞིན་རྐྱལ་བཞིན་མཐའ་མར་འགྲམ་ངོགས་སུ་སླེབས་སོང་”ཞེས་བསྐུར་འདུག

ཡིན་ནའང་། “མོའི་སེམས་ཁྲལ་ཡང་དེ་དང་བསྟུན་ནས་སླེབས་ཡོད་དེ།
རྨོ་བོ་ལོ་ན་ཆེ་བས་ལུས་པོ་ཡག་པོ་མེད་པའི་ཁར། 
མིག་གིས་ཀྱང་མཐོང་མི་ཐུབ་པས།
“ངས་རྨོ་བོ་གཅིག་པུ་ཁྱིམ་དུ་བཞག་ན་སེམས་བདེ་པོ་མི་འདུག
རྨོ་བོས་ཆུང་དུས་ནས་དཀའ་སྡུག་གི་འཚོ་བ་རོལ་བས།
ཁོང་མི་ཚེ་ཧྲིལ་པོར་འདི་ལྟར་དཀའ་སྡུག་མྱོང་དུ་འཇུག་མི་འདོད།”
ཅི་བྱ་གཏོལ་མེད་དུ་གྱུར་པའི་སྐབས་དེར།
མོས་རྨོ་བོ་ཁྲིད་ནས་སློབ་ཆེན་འགྲིམ་རྒྱུ་ཡིད་ལ་དྲན།
ཡན་ཧའེ་ཡིས་བཤད་པ་ལྟར་ན་དང་ཐོག་རྨོ་བོས་དང་ལེན་མ་བྱས།
“ཁོང་གིས་ང་ལ་དཀའ་ལས་བྱེད་རྒྱུ་རེད་ཟེར།
ངས་ཁོང་ལ།
ཁྱེད་གཅིག་པུ་ཁྱིམ་དུ་བསྡད་ན་ང་ཡང་སེམས་བདེ་པོ་མི་འདུག”ཅེས་བཤད་པ་ཡིན།

སློབ་གྲྭའི་ཁང་པ་ཆུང་ཆུང་དེ།
མོ་དང་རྨོ་བོའི་རླུང་གཡོལ་གྲུ་ཁ་ཞིག་ཏུ་གྱུར།
རེ་བ་ལྟར་རྨོ་བོ་ཁྲིད་ནས་སློབ་ཆེན་ལ་འགྲོ་ཐུབ་པའི་ཆེད་དུ།
ཡན་ཧའེ་ཡིས་དབྱར་གནང་སྐབས་སུ་སློབ་གྲྭར་འཕྲིན་ཡིག་ཅིག་བྲིས་པ་མ་ཟད།
སློབ་གྲྭ་ཆེན་མོའི་འཛིན་གྲྭའི་ཟུར་ཁྲིད་པར་འབྲེལ་གཏུག་བྱས་ཏེ།
རང་ཉིད་ལ་འཕྲད་པའི་དཀའ་ཁག་སྨྲས་པ་དང་།
ཡན་ཧའེ་ཡི་དམིགས་བསལ་གནས་ཚུལ་ཤེས་རྗེས།
སློབ་གྲྭས་ཆེད་དུ་མོ་དང་རྨོ་བོ་ལ།
སློབ་གྲྭའི་ནང་གི་ལས་བཟོ་བའི་ཉལ་ཁང་རྙིང་པ་ཞིག་གསར་བསྒྱུར་བྱས་ཤིང་།
དེའི་ནང་ཉལ་ཁྲི་དང་། དཔེ་སྒྲོམ། སྒམ་སོགས་ཁྱིམ་ཆས་དང་། 
དེ་བཞིན་གློག་གི་སླ་ང་དང་དྲོད་སྙོམས་ཆས།
འཁྱགས་སྒམ་དང་གོས་འཁྲུད་ཆས་སོགས་ཁྱིམ་སྤྱོད་གློག་ཆས་སྒྲིག་སྦྱོར་བྱས།

སློབ་འགོ་ཚུགས་རྗེས་འཚོ་བའི་ཡོ་བྱད་ཆ་ཚང་འཛོམས་པའི་ཁང་པ་དེ་མཐོང་བས།
ཡན་ཧའེ་སེམས་འགུལ་ཐེབས་པར་མ་ཟད་བློ་ཡུལ་ལས་འདས་པ་ཞིག་ཀྱང་རེད།
“དང་ཐོག་ངས་ཁང་པ་ཆུང་ཆུང་ཞིག་ཡོད་ཚེ།
ང་དང་རྨོ་བོ་མཉམ་དུ་བསྡད་ན་ཆོག་སྙམ།
ད་ཆ་གནས་འདིར་ཅི་ཡང་འཛོམས།
ཟུར་ཁྲིད་པས་ད་དུང་ང་ལ་བཤད་རྒྱུར།
གལ་སྲིད་གཞན་དག་དགོས་མཁོ་ཡོད་ཚེ་མོ་ལ་ཤོད”ཅེས་བཤད།
ཁང་པ་ཆུང་ཆུང་དེ།
འདི་ལྟར་རྨོ་བོ་དང་ཚ་མོ་གཉིས་ཀྱི་རླུང་གཡོལ་གྲུ་ཁ་ཞིག་ཏུ་གྱུར།


སློབ་སྦྱོང་དང་འཚོ་བ་གཉིས་ཀར་ང་རང་ལ་ཡིད་ཆེས་ཡོད།
མཐར་ཕྱིན་རྗེས་དགེ་རྒན་ཞིག་བྱེད་འདོད་ཡོད།
ཆུ་ཚོད6ཙམ་སྟེང་མལ་ལས་ལངས་ནས་ཁ་ལག་བཟོ་བ་དང་སློབ་ཁྲིད་ལ་འགྲོ་བ་བཅས།
སློབ་འགོ་ཚུགས་རྗེས་ཀྱི་ཉིན་འདི་དག་ལ།
ཡན་ཧའེ་ཡི་འཚོ་བ་བྲེལ་འཚུབ་ཆེ་ཡང་བློ་བདེ་བ་ཞིག་རེད།
འཚོ་བ་གསར་པར་གོམས་བཞིན་པའི་མོས་བཤད་རྒྱུར།
རང་ཉིད་ཀྱིས་རྨོ་བོ་ལ་ཡག་པོ་བྱེད་པ་དང་ཆབས་ཅིག
སློབ་སྦྱོང་ཡག་པོ་བྱེད་ཐུབ་པའི་ཡིད་ཆེས་ཡོད།

ཡན་ཧའེ་ཡི་ཟུར་ཁྲིད་པ་ཅི་ཆུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན།
ཉལ་ཁང་མཁོ་འདོན་བྱས་པ་ཕུད།
སློབ་གྲྭས་ད་དུང་ལྗང་མདོག་བགྲོད་ལམ་བརྒྱུད་དེ།
ཡན་ཧའེ་ལ་སློབ་ཞུགས་རོགས་དངུལ་བསྒྲུབས་པ་དང་གཅེས་སེམས་མཚོན་པའི་ཟས་ཤོག་སྤྲད་ནས།
མོའི་འཚོ་བའི་ཐད་ཀྱི་སེམས་ཁྲལ་སེལ་རོགས་བྱས།

སློབ་ཆེན་གྱི་འཚོ་བའི་ཐད།
ཡན་ཧའེ་ཡིས་ཀྱང་སྔ་ས་ནས་དམིགས་འབེན་གཏན་འཁེལ་བྱས་ཡོད།
མོས་ལོ་འདི་དག་གི་རིང་རང་ཉིད་ལ་རོགས་རམ་བྱས་མྱོང་མཁན་མི་མང་པོ་ཡོད་བྱུང་།
སྔོན་ཆད་ཀྱི་འཛིན་བདག་གིས་རང་ཉིད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པས།
སློབ་གྲྭ་ནས་ཐོན་རྗེས།
རང་ཉིད་འཛིན་བདག་ལྟ་བུའི་དགེ་རྒན་ཞིག་བྱེད་པར་འདོད།
“ཚང་མས་ང་ལ་རོགས་རམ་དང་ཐུགས་ཁུར་གནང་བ་ཆུད་ཟོས་སུ་མི་གཏོང་རྒྱུའི་རེ་བ་ཡོད”ཅེས་བཤད།
“ཁྱེད་ཀྱིས་ང་ལ་ནར་སོན་རོགས་བྱས་པས་ངས་ཀྱང་ཁྱེད་ལ་རྒས་རོགས་བྱེད།”
ཡན་ཧའེ་དང་རྨོ་བོ་རྣམ་གཉིས་ཀྱི།
སང་ཉིན་དེ་བས་བཟང་བར་སྨོན།
རྩོམ་སྒྲིག་པ། བདེ་སྒྲོལ།