ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

“ཨར་ལས་ལས་ཡུལ་ནས་ཐོན་པའི་ཡོན་ཧྲི”སྐུ་གཤེགས་པར་མྱ་ངན་ཞུ།

སྤེལ་དུས 2021-10-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          བློ་མཐུན་ཡེ་ཁོ་མིང་གི་ནད་ལ་སྨན་བཅོས་བྱས་ཀྱང་ཕན་མ་ཐོགས་པར2021ལོའི་ཟླ10པའི་ཚེས5ཉིན་ཧྲང་ཧའེ་རུ་སྐུ་གཤེགས། དགུང་ལོ84རེད། 
          ཁོང་གིས་སྔ་རྗེས་སུ་ནན་ཕུའུ་ཟམ་ཆེན་དང་། དབྱང་ཕུའུ་ཟམ་ཆེན། ཤར་ཕྱོགས་མུ་ཏིག་རླུང་འཕྲིན་བརྙན་འཕྲིན་ལྕོག་རིང་། ཅིང་མའོ་ཁང་ཆེན་སོགས་ལས་གྲྭའི་འཛུགས་སྐྲུན་ཆེ་གྲས་གཙོ་སྐྱོང་གནང་བ་དང་། ཁོང་ད་དུང་རུན་དབྱང་ཟམ་ཆེན་དང་། སུའུ་ཐུང་ཟམ་ཆེན། ཀང་ཀྲུའུ་ཨའོ་ཟམ་ཆེན་སོགས་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭའི་ཚན་ཞིབ་འགག་སྒྲོལ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ལས་ལ་ཞུགས་པ་རེད། 

        ཁོང་གིས་དེ་སྔ་ཀྲུང་གོའི་འཛུགས་སྐྲུན་སློབ་ཚོགས་ཨར་ལས་རིག་གཞུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཧྲང་ཧའེ་གྲོང་ཁྱེར་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཚན་རྩལ་ཨུ་ཡོན་གྱི་ཀྲུའུ་རེན་གཞོན་པ་སོགས་ཀྱི་འགན་བཞེས་མྱོང་ལ། 1995ལོར་ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲིར་བདམས། 
        ཡོན་ཧྲི་ཡེ་ཁོ་མིང་བསྒྱུར་བཅོས་གོང་སྤེལ་དང་གསར་གཏོད་ཀྱི་ལས་ཀའི་ནང་ཧུར་ཐག་སྒོས་ཞུགས་ཤིང་། “མཐོ་བ། ཆེ་བ། ཟབ་པ། ལྗིད་པ། གསར་པ།”སོགས་ཀྱི་ལས་གྲྭ་མི་འདྲ་བ་བཙུགས་ཏེ། དུས་དང་འཚམ་ཞིང་ཡུལ་དང་མཐུན་པ། མི་དང་བསྟུན་པའི་ཨར་ལས་ཀྱི་ལག་རྩལ་མ་ལག་བསྐྲུན་པ་དང་། མཐོ་དྲགས་པའི་འཛུགས་སྐྲུན་དང་དགུང་ལ་ཟུག་པའི་སྒྲིག་གཞི་ཁྱོན་ཡོངས་ནས་གོང་མཐོར་གཏོང་བའི་དཔེ་སྟོན་མ་ལག་གསར་དུ་བཏོན་པས། རང་རྒྱལ་གྱི་འཛུགས་སྐྲུན་ལས་གྲྭ་དང་ལྷག་པར་དུ་མཐོ་དྲགས་པའི་འཛུགས་སྐྲུན་དང་བརྒལ་ཚད་ཆེ་བའི་ཟམ་པའི་འཕེལ་རྒྱས་ཐད་ལ་མཛད་རྗེས་གཟེངས་སུ་ཐོན་པ་བསྐྲུན། ཁོང་ནི་རང་རྒྱལ་གྱི་ཨར་ལས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཆེད་མཁས་པ་ཞིག་ཡིན་ལ། མི་རྣམས་ཀྱིས་སྙིང་ཉེ་བའི་སྒོ་ནས་ཁོང་ལ“ཨར་ལས་ལས་ཡུལ་ནས་ཐོན་པའི་ཡོན་ཧྲི”ཞེས་འབོད་ཀྱི་ཡོད། 

རྩོམ་སྒྲིག་པ། བདེ་སྒྲོལ།