ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། འཚོ་སྡོད་ཀྱི་ཁོར་ཡུག་ཀྱང་མངོན་གསལ་དོད་པོས་ལེགས་སུ་སོང་བ།

སྤེལ་དུས 2021-10-11 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

འདི་ནི་ཁུ་ནུ་རི་བོའི་ཡུས་ཤུས་རི་འདབས་ཀྱི་གཙོད་ཁྱུ་ཡིན་པ།
          འདི་ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། སྐྱེ་ཁམས་ནི་ང་ཚོའི་རྩ་ཆེའི་ཐོན་ཁུངས་དང་རྒྱུ་ནོར་རེད། རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་དོན་འཁྱོལ་ཡག་པོ་བྱེད་པར་གཙང་གསུམ་ཆུ་འགོ་སོགས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས། རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོར་བྱེད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་བྱེད་པ། རིགས་ཁག་གི་རང་བྱུང་སྤྱི་གླིང་ལྷན་ཐབས་སུ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གང་མགྱོགས་བཏོད་དེ། རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་དང་། རང་བྱུང་ཐོན་ཁུངས་གསོ་ཉར་ཡག་པོ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད།
          ད་ཕན་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་བས། གཙང་གསུམ་ཆུ་འགོའི་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། གྲངས་འབོར་སླར་གསོའི་རང་བཞིན་གྱི་མང་དུ་ཕྱིན་པ། འཚོ་སྡོད་ཀྱི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་སོང་ཡོད། དེའི་ཁྲོད་གཙོད་ཀྱི་གྲངས་འབོར་དུས་རབས་གོང་མའི་ལོ་རབས་80པར་ཁྲི་2ཀྱང་མ་ཟིན་པ་ནས་ད་ཆའི་ཁྲི་7ལྷག་ཙམ་བར་སླར་གསོ་བྱུང་བ་དང་། ཁྲུང་ཁྲུང་མགོ་ཁྲའི་གྲངས་འབོར་1000ཡང་མ་ཟིན་པ་ནས་3000ལྷག་ཙམ་བར་མང་དུ་ཕྱིན་པ། གཙང་གསུམ་ཆུ་འགོའི་ལྟེ་བའི་ཁུལ་ནས་གསའ་མཐོང་ཚད་མང་དུ་ཕྱིན་པ། ཆུ་རྒྱུད་ཁག་ནས་ས་མཐོའི་ཉ་རིགས་50ཡི་ཐོན་ཁུངས་མངོན་གསལ་དོད་པོས་སླར་གསོ་བྱུང་ཡོད། གྲུབ་འབྲས་དེ་དག་ལས་འཛམ་གླིང་གི་ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་གི་ཐོན་ཁུངས་མཛོད་ཡིན་པའི་གཙང་གསུམ་ཆུ་འགོའི་ཕན་ནུས་རང་བཞིན་དང་ཆ་ཚང་རང་བཞིན་མངོན་ནས་དེས་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
          མིག་སྔར། གཙང་གསུམ་ཆུ་འགོར་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས་69ཡོད་པའི་ཁྲོད་གསའ་དང་། གཙོད། འབྲོང་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་རིགས་16ལྷག་ཙམ་ཡོད།
《མི་དམངས་ཉིན་རེའི་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

 འདི་ནི་མཚོ་སྔོན་ཞིང་ཆེན་ཆུ་དམར་ལེབ་རྫོང་གི་རྒྱལ་ལམ་215ཡི་འགྲམ་དུ་རྐྱང་ཅི་དགར་རོལ་བཞིན་པ།

 འདི་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་ཆུ་འགོའི་ཁུལ་དོ་དམ་ཨུ་ལྷན་ཁུ་ཁུ་ཤིས་རི་དོ་དམ་ཁྲུའི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་ཀྲའོ་ཤིན་ལུའུ་ཡིས་རྨས་སྐྱོན་ཕོག་པའི་གཙོད་ཕྲུག་ལ་འོ་མ་སྟེར་བཞིན་པ།

 འདི་ནི་མཚོ་སྔོན་ཡུལ་ཤུལ་ལུང་བར་གྲམ་ཐང་དུ་འཚོ་བའི་ཧི་མ་ལ་ཡའི་འཕྱི་བ་ཡིན་པ།

འདི་ནི་མཚོ་སྔོན་ཞིང་ཆེན་རྫ་སྟོད་རྫོང་རྣམ་སྲས་ཤང་དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གསའ་ངལ་གསོ་བཞིན་པ།

 འདི་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཝ་ཕྲུག་རྩེད་མོ་རྩེ་བཞིན་པ།

 འདི་ནི་གཙོད་ཀྱིས་ཁུ་ནུ་རི་བོའི་མཐིལ་དུ་གནས་པའི་ཁུའུ་མུའུ་ཁུའུ་ལི་བྱེ་ཐང་བརྒལ་བཞིན་པ།
རྩོམ་སྒྲིག་པ། བདེ་སྒྲོལ།