ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མི51ཡོད་པའི་རླངས་འཁོར་ཞིག་ཆུར་ལྷུང་ཞིང་མི38་་་

སྤེལ་དུས 2021-10-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            གསར་འགོད་པས་ཧོ་པེ་ཞིང་ཆེན་ཕིང་ཧྲན་རྫོང་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ10པའི་ཚེས11ཉིན་གྱི་ཞོགས་པའི་ཆུ་ཚོད7པ་ཙམ་ལ་ཧྲི་ཅ་ཀྲོང་གྲོང་ཁྱེར་ཕིང་ཧྲན་རྫོང་ཀང་ཁྲེང་ལམ་ཧུའུ་ཐུའོ་གཙང་པོའི་ལམ་དུམ་དུ་ཅིང་ཡེ་ཚོགས་པའི་ལས་མི་སྐྱེལ་བའི་རླངས་འཁོར་ཞིག་ཆུ་ནང་དུ་ལྷུང་བའི་ལས་འཛོལ་ཞིག་བྱུང་བ་རེད། རྒྱུས་ལོན་པ་ལྟར་ན། རླངས་འཁོར་ནང་ཁྱོན་བསྡོམས་མི51ཡོད་པ་དང་། སྔ་དྲོའི་ཆུ་ཚོད10པའི་བར་མི38བསྐྱབས་ཐུབ་པ་དང་ལྷག་མའི་མི་རྣམས་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་བཞིན་ཡོད།

           ལས་འཛོལ་བྱུང་རྗེས་གྲོང་ཁྱེར་དང་རྫོང་གི་འགོ་ཁྲིད་གཙོ་བོ་རྣམས་འཕྲལ་མར་ཡུལ་དངོས་སུ་བསྐྱོད་དེ་རོགས་སྐྱོབ་བཀོད་འདོམས་པུའུ་གང་མྱུར་གྱིས་བཙུགས་ནས་འཕྲལ་སྡོམ་དང་མེ་ཟོན། སྤྱི་བདེ། འཕྲོད་བསྟེན་སོགས་ཀྱི་སྟོབས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱས་ཤིང་། འཕྲོད་བསྟེན་དང་བདེ་ཐང་ལས་ཁུངས་ཀྱིས་སྨན་བཅོས་ནུས་པར་བརྟེན་ནས་སྲོག་སྐྱོབ་ཐུབ་མཁན་ལ་ནུས་ཤུགས་ཡོད་རྒུས་སྨན་བཅོས་བྱས་པ་རེད།

           སྤྱི་བདེ་ལས་ཁུངས་ཀྱིས་ཆག་སྒོ་སློང་མཁན་ཁ་ལོ་བར་ཚོད་འཛིན་བྱས་པ་དང་ལས་འཛོལ་བྱུང་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན། 
རྩོམ་སྒྲིག་པ། བདེ་སྒྲོལ།