ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྐེ་དར་དམར་པོ་ཏང་ལ་ཕྱོགས། དུས་རབས་གསར་པའི་རུ་མི་བཟང་པོ་ཞིག་བྱེད་པར་བརྩོན་ལེན་བྱེད།

སྤེལ་དུས 2021-10-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
          ཟླ10པའི་ཚེས17ཉིན། གུང་གཞོན་ཚོགས་པ་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་ཤིང་བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོའི་རྟེན་གཞིས་སྒྲུབ་འགན་འཁུར་བའི“སྐེ་དར་དམར་པོ་ཏང་ལ་ཕྱོགས། དུས་རབས་གསར་པའི་རུ་མི་བཟང་པོ་ཞིག་བྱེད་པར་བརྩོན་ལེན་བྱེད”ཅེས་པའི2021ལོའི་བྱིས་བློར་བརྩེ་སེམས་དྲོ་སྐྱིད་སྦྱིན་ཏེ་སྤྲོ་སྣང་གི་ཞིབ་འཇུག་སློབ་སྦྱོང་དང་ལག་ལེན་བཅས་ཀྱི་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་མཇུག་གྲིལ་བ་རེད།  
བྱེད་སྒོ་སྤེལ་ཡུལ།
          ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོའི་རྟེན་གཞིས་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་སློབ་མ36རྩ་འཛུགས་བྱས་ཏེ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་གྱི་སློབ་ཆུང་གསུམ་པའི་ལོ་རྒྱུས་འགྲེམས་ཁང་དང་བོད་རང་སྐྱོང་ལྗོངས་ཀྱི་རྟེན་རྫས་བཤམས་མཛོད་ཁང་། བོད་རང་སྐྱོང་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་བཅས་དང་དེ་བཞིན་བོད་ལྗོངས་བྲག་གསུམ་མཚོའི་གཞོན་ནུ་ལོ་ཆུང་བྱེད་སྒོའི་སྒར་ས་སོགས་སུ་དུས་ཡུན་ཉིན་བདུན་རིང་གི་ལག་ལེན་སྒར་སའི་བྱེད་སྒོ་སྤེལ་བ་རེད།  
          “སྐེ་དར་དམར་པོ་ཏང་ལ་ཕྱོགས། དུས་རབས་གསར་པའི་རུ་མི་བཟང་པོ་ཞིག་བྱེད་པར་བརྩོན་ལེན་བྱེད”ཅེས་པའི2021ལོའི་བྱིས་བློར་བརྩེ་སེམས་དྲོ་སྐྱིད་སྦྱིན་ཏེ་སྤྲོ་སྣང་གི་ཞིབ་འཇུག་སློབ་སྦྱོང་དང་ལག་ལེན་བྱེད་སྒོའི་ཁྲོད་དུ་ལྟ་སྐོར་དང་ལག་ལེན་གྱི་བྱེད་སྒོ་ཁག་སྤེལ་བ་བརྒྱུད།  བྱེད་སྒོར་ཞུགས་མཁན་གཞོན་ནུ་ལོ་ཆུང་རྣམས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་གི་འཕེལ་རྒྱས་ལོ་རྒྱུས་དང་རང་བྱུང་ཚན་རིག་གི་ཡིད་དབང་འཕྲོག་ཤུགས་ལ་སྔར་བས་ཤེས་རྟོགས་ཐུབ་པ་མ་ཟད། ཁོ་ཚོའི་སློབ་སྦྱོང་ལ་འབད་བརྩོན་བྱེད་པའི་སྤྲོ་སེམས་ཀྱང་འཕེལ་ནས་ཁོ་ཚོར་ཕུལ་བྱུང་ཚད་ལྡན་གྱི་ལོ་ཆུང་གདོང་ལེན་རུ་ཁག་ཏུ་འགྱུར་རྒྱུར་སྐུལ་མ་ཐེབས་ཡོད།  
 
བྱེད་སྒོའི་ནང་ཞུགས་མཁན་གྱི་རུ་མི་ཚོས་བོད་རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་མདུན་དུ་དྲན་རྟེན་མཉམ་པར་རྒྱག་བཞིན་པ།  
          བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོའི་རྟེན་གཞིའི་ཀྲུའུ་རེན་ཧོང་ཀྲེང་གིས།  ད་རེས་ཀྱི་བྱིས་བློར་བརྩེ་སེམས་དྲོ་སྐྱིད་སྦྱིན་ཏེ་སྤྲོ་སྣང་གི་ཞིབ་འཇུག་སློབ་སྦྱོང་དང་ལག་ལེན་བྱེད་སྒོ་སྤེལ་བ་དེ་ནི་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཏང་གི་བཀའ་དྲིན་ཤེས་རྟོགས་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ཏང་གི་བཀའ་ལ་ཉན་པ་དང་།  ཏང་གི་རྗེས་སུ་འབྲང་བའི་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ། ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་སྟེང་གི་དད་སེམས་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་ལ།  དེ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་ཚོགས་སྤྱིས་ཉམས་ཞན་གྱི་གཞོན་ནུ་ལོ་ཆུང་ཚོགས་སྤྱིའི་གཅེས་སེམས་སྤྱི་ཕན་བྱ་གཞག་ལ་དོ་ཁུར་སྔར་བས་ཆེ་བ་བྱས་ཏེ།  བྱིས་པ་དེ་དག་ལ་སྤྱི་ཚོགས་ཀྱི་ཁྱིམ་ཚང་ཆེན་མོའི་དོ་ཁུར་དང་གཅེས་སྐྱོང་ཚོར་ཐུབ་པ་བྱས་ཏེ་ཁོ་ཚོར་གཅེས་སེམས་ཚོར་ཐུབ་པ་དང་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་ངེས་རེད་ཅེས་ངོ་སྤྲོད་བྱས།  
          ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོའི་རྟེན་གཞིས་གཅེས་སེམས་དེ་རིགས་ཀྱི་སྤྱི་ཕན་གསར་བརྗེའི་ལག་ལེན་སྒར་སའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཏེ།  བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་ལ་ལག་ལེན་དངོས་ཀྱི་གོ་སྐབས་དང་གར་སྟེགས་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་རེད།  

བོད་ལྗོངས་ཀྱི་བྲག་གསུམ་མཚོའི་གཞོན་ནུ་ལོ་ཆུང་བྱེད་སྒོའི་སྒར་ས་རུ་བྱེད་སྒོ་སྤེལ་བཞིན་པ། 
རྩོམ་སྒྲིག་པ། བསྟན་ཆོས།